中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལག་རྩལ་ཧུར་ཐག་སྦྱངས། ཕན་ཚུན་དཔྱད་གཞིར་འཛིན།

ཁྱབ་བསྒྲགས་དུས་ཚོད་:2026-10-01 13:18:27 འབྱུང་ཁུངས་:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།

འདི་ནི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་48པའི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།

འདི་ནི་བདམས་ཐོན་པས་མེ་ཏོག་བཟོ་སྟངས་འགྲན་བསྡུར་བྱེད་བཞིན་པ།

འདི་ནི་བདམས་ཐོན་པས་དཀར་གཅལ་སྦྱོར་སྟངས་འགྲན་བསྡུར་བྱེད་བཞིན་པ།

ཟླ་9ཚེས་22ནས་27ཉིན་བར། འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་48པ་ཧྲང་ཧའེ་རུ་གཉེར་བ་རེད། འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་ནི་གོ་ལ་ཧྲིལ་པོའི་རིམ་པ་མཐོ་ཤོས་དང་། གཞི་ཁྱོན་ཆེ་ཤོས། ཤུགས་རྐྱེན་ཐེབས་ནུས་ཆེ་ཤོས་བཅས་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཞིག་རེད། སྐབས་འདིའི་འཛམ་གླིང་འགྲན་བསྡུར་ལ་ཁྱོན་འགྲན་བསྡུར་རྣམ་གྲངས་64བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་དང་ས་ཁུལ་68ནས་ཡོང་བའི་བདམས་ཐོན་པ་1385ཡིས་འགྲན་ར་གཅིག་ཏུ་རྩལ་ནུས་འགྲན་པས་འགྲན་བསྡུར་ལ་ཞུགས་མཁན་རྒྱལ་ཁབ་དང་ས་ཁུལ་གྱི་གྲངས་འབོར་དང་མི་གྲངས་ཚང་མ་སྐབས་རིམ་བྱུང་གི་མང་ཤོས་ཟིན་ཡོད་པ་རེད། ཀྲུང་གོའི་འཐུས་མི་ཚོགས་པ་རྣམ་གྲངས་64ཚང་མར་ཞུགས་ནས་གསེར་གྱི་རྟགས་མ་41དང་། དངུལ་གྱི་རྟགས་མ་11 ཟངས་ཀྱི་རྟགས་མ་4 ཕུལ་བྱུང་བྱ་དགའ་6བཅས་བླངས་ཤིང་། གསེར་གྱི་རྟགས་མའི་མིང་གྲལ་དང་། བྱ་དགའི་མིང་གྲལ། ཚོགས་པའི་སྤྱིའི་སྐར་གྲངས་བཅས་ཀྱི་ཨང་དང་པོར་སླེབས་ནས་རང་རྒྱལ་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོར་ཞུགས་ཚུན་གྱི་གྲུབ་འབྲས་ཡག་ཤོས་གཏོད་ཡོད་པ་རེད།

འགྲན་བསྡུར་བྱེད་རིང་། འཛམ་གླིང་རྩལ་ནུས་ཚོགས་ཆེན་དང་འཛམ་གླིང་རྩལ་ནུས་དངོས་མང་སྟོན་ཚོགས་དུས་གཅིག་ལ་གཉེར་བ་རེད། ཚོགས་ཞུགས་མི་སྣས་རྩལ་ནུས་འཕེལ་རྒྱས་ཀྱི་མདུན་ལམ་སྐོར་མཉམ་དུ་གླེང་མོལ་དང་། རྩལ་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་བ། རྩལ་ནུས་ཤེས་ལྡན་པའི་འབད་འཐབ་གཏམ་རྒྱུད་ཤེས་རྟོགས། རྩལ་ནུས་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་རྣམ་པར་མྱོང་རོལ་བཅས་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ།:རྣམ་འཇོམས་ཚེ་རིང་།

  • བདེ་ཆེན་གསར་འགྱུར།

ལག་རྩལ་ཧུར་ཐག་སྦྱངས། ཕན་ཚུན་དཔྱད་གཞིར་འཛིན།

《བདེ་ཆེན་ཉིན་རེའི་ཚགས་པར》ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོད་པ། ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

བདེ་ཆེན་ཁུལ་གྱིས་ཅིན་ཏུང་ཚོགས་པ་དང་ཧྭ་ཀྲི་ཆང་ལས། སེམས་ཀྱི་ཉི་ཟླའི་ཆང་ལས་བཅས་དང་མཉམ་དུ་ཁུན་མིང་དུ་བཞུགས་མོལ་ཚོགས་འདུ་འཚོགས།

གྲུབ་འབྲས་འདི་ཉིད་རྨང་གཞིར་བྱས་ནས་སླར་ཡང་མདུན་སྐྱོད་ཀྱི་ལམ་ལ་ཆས།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ།

སྐབས་བཅུ་བའི་ཁུལ་ཨུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས།བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྔར་བས་དམ་འཛིན་བྱེད།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com