中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་འཇོལ་རྫོང་རུང་ཧྲེང་རྒུན་ཆང་བཟོ་གྲྭར་ཕེབས་ནས་ས་མཐོའི་རྒུན་ཆང་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ། 

ཁྱབ་བསྒྲགས་དུས་ཚོད་:2026-10-06 14:43:37
图片

ཟླ་10པའི་ཚེས་5ཉིན།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་འཇོལ་རྫོང་རུང་ཧྲེང་རྒུན་ཆང་བཟོ་གྲྭར་བརྟག་ཞིབ་གནང་བར་ཕེབས་ནས་རྒུན་ཆང་བསྙལ་ཁང་དང་གསོག་ཉར་ཁང་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་དང་རྒུན་འབྲུམ་སྣ་ཁ་འདེམས་གསོ་དང་། སྙོལ་བཟོ་ཐོན་སྐྱེད། སྤུས་རྟགས་གཏོད་པ།  ཁྲོམ་རའི་བྲིན་ཚོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། 

ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། བདེ་ཆེན་གྱིས་ས་མཐོའི་རྒུན་ཆང་ཐོན་ལས་འཕེལ་རྒྱས་གཏོང་བའི་རྨང་གཞི་བཟང་བ་དང་བར་མཐོངས་ཡངས་ཤིང་། ཐོན་སྐྱེད་རྣམ་པའི་རྒུན་ཆང་བཟོ་གྲྭ་དེ་ཉམས་ལེན་རྣམ་པའི་རྒུན་ཆང་གཞིས་ཀར་འགྱུར་རྒྱུ་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་རྒུན་ཆང་ཡུལ་སྐོར་རིག་གནས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས། ཁུལ་ཕྱི་ནང་གི་ཚོང་ར་གཉིས་གཅིག་གྱུར་འཆར་འགོད་བྱེད་ཅིང་ཕྱོགས་གཉིས་ཀྱིས་ཤུགས་རྒྱག་ནས་ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་རྒྱ་ཆེར་བསྐྱེད་དགོས།

ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། རྒུན་ཆང་བཟོ་གྲྭའི་སྤྱི་ཡོངས་ཀྱི་ཁོར་ཡུག་རྣམ་པ་དེ་“མང་ཚོགས་ཆུང་ངུ་དང་། རྩེར་སོན། སྤུས་རྟགས་”བཅས་ཀྱི་སྤུས་རྟགས་ངེས་གནས་དང་འཚམ་རྒྱུར་སྐུལ་འདེད་བཏང་ནས་ཐོན་སྐྱེད་ལེ་ལག་ཚང་བ་དང་རྣམ་པར་ཞན་ཆ་གསབ་སྟེ་ཐོན་རྫས་ཀྱི་སྤུས་ཚད་དང་། སྤུས་རྟགས་ཀྱི་གཟུགས་བརྙན། གླིང་ཁུལ་གྱི་ཁོར་ཡུག་བཅས་དུས་གཅིག་ཏུ་ལེགས་སུ་གཏོང་དགོས། ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆར་བརྟེན་ནས་“རྒུན་ཆང་+རིག་གནས་ཡུལ་སྐོར་”གྱི་རྩོམ་ཡིག་ཡག་པོ་འབྲི་བ་དང་། རྒུན་ཆང་བཟོ་གྲྭའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྒུན་ཆང་ཐོན་ལས་དེ་ལུས་གསོ་དང་ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྙོལ་བཟོ་དང་། ཆང་གསོག  མྱོང་རོལ། ལྟ་སྐོར་ཉམས་ལེན་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ཞིག་གཏོད་དགོས།

ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན། ཁེ་ལས་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རང་ངོས་ཀྱི་ལག་རྩལ་དང་། སྤུས་རྟགས། ཐབས་ལམ་བཅས་ཀྱི་ལེགས་ཆར་བརྟེན་ནས་འབྲི་ཆུའི་འཇོལ་རྫོང་དུམ་བུའི་རྒུན་ཆང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས། ཞིང་འབྲེལ་ཞིང་སྐུལ་གྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ལས་ཞུགས་བསྡུ་ལེན་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་འདོན་སྤེལ་བྱས་ཏེ་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་བ་བྱེད་དགོས།

འཇོལ་རྫོང་ཨུའི་འགོ་ཁྲིད་གཙོ་བོ་བརྟག་ཞིབ་ནང་ཞུགས།

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་འཇོལ་རྫོང་རུང་ཧྲེང་རྒུན་ཆང་བཟོ་གྲྭར་ཕེབས་ནས་ས་མཐོའི་རྒུན་ཆང་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ། 

སྟོན་ཁར་ཆམ་པ་ཕོག་སླ་བའི་མིས་རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས།

བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་ཡོང་མཁན་མང་།

ལག་རྩལ་ཧུར་ཐག་སྦྱངས། ཕན་ཚུན་དཔྱད་གཞིར་འཛིན།

《བདེ་ཆེན་ཉིན་རེའི་ཚགས་པར》ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོད་པ། ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

བདེ་ཆེན་ཁུལ་གྱིས་ཅིན་ཏུང་ཚོགས་པ་དང་ཧྭ་ཀྲི་ཆང་ལས། སེམས་ཀྱི་ཉི་ཟླའི་ཆང་ལས་བཅས་དང་མཉམ་དུ་ཁུན་མིང་དུ་བཞུགས་མོལ་ཚོགས་འདུ་འཚོགས།

གྲུབ་འབྲས་འདི་ཉིད་རྨང་གཞིར་བྱས་ནས་སླར་ཡང་མདུན་སྐྱོད་ཀྱི་ལམ་ལ་ཆས།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com