བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གིས་གསར་བརྗེའི་རྒྱུད་གཞི་རྒྱུན་འཛིན་བྱས།
རྒྱལ་སྟོན་གུང་གསེང་རིང་། རང་ཁུལ་གྱི་གསར་བརྗེའི་རིག་གནས་ཡུལ་སྐོར་མི་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ། བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་ཡུལ་སྐོར་བ་མང་པོ་ཡོང་། ས་ཆ་གཞན་དག་ནས་ཡོང་བའི་ཡུལ་སྐོར་བ་བཤམས་སྟོན་ཁང་དུ་འགྲོ་སྟེ་དབྱིངས་ཞུགས་རྣམ་པའི་ལྟ་སྐོར་དང་ཉམས་ལེན་ཁྲོད་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་བཅངས་ནས་དྲོད་ཁོལ་ལྡན་པ་དང་དོན་སྙིང་ལྡན་པའི་གསར་བརྗེའི་གུང་གསེང་གཏོང་།
རྒྱལ་སྟོན་གུང་གསེང་གི་ཉིན་དང་པོ་ནས་གསུམ་པའི་བར། བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་གཅིག་སྟོང་བརྒྱད་ཙམ་སྣེ་ལེན་བྱེད་དེ། སྣེ་ལེན་བྱེད་ཚད་དུས་རྒྱུན་གྱི་ཉིན་རེའི་ཆ་སྙོམས་སྣེ་ལེན་བྱེད་ཚད་ལས་ལྡབ་གསུམ་ལྷག་འཕར། ཡུལ་སྐོར་བ་རྒྱུན་ཆད་མེད་པས་གསར་བརྗེའི་ལྟ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་རྣམ་པ་ཟབ་མོ་ལྡན།
བཤམས་སྟོན་ཁང་དུ་བཤམས་དངོས་ཕུན་སུམ་ཚོགས། དམར་དམག་གི་ལག་ཁྱེར་སྒྲོན་མེ་དང་། ལོ་རྒྱུས་ཡིག་ཆ། འཚོ་བའི་མཁོ་ཆས་སོགས་གསར་བརྗེའི་དངོས་པོ་རྩ་ཆེན་དང་ལོ་རྒྱུས་ཀྱི་པར་རིས་འབོར་ཆེན་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ་ཕྱོགས་ཡོངས་ནས་དམར་དམག་རྒྱང་སྐྱོད་ལམ་བར་བདེ་ཆེན་དུ་བརྒྱུད་པའི་ཐུན་མོང་མ་ཡིན་པའི་ལོ་ཟླ་མངོན། བཤམས་སྟོན་ཁང་ནང་གི་མཚོན་རྟགས་རང་བཞིན་གྱི་འགྲེམས་སྟོན་རྣམ་གྲངས་ནི་སྨི་གྲུ་བཞི་བཞི་བརྒྱ་གྱ་བཞི་ལྡན་པའི་གངས་རིར་འཛེགས་པ་དང་རྩྭ་ཐང་བརྒལ་བའི་མཉམ་འགུལ་ཡུལ་ལྗོངས་དངོས་རེད།
རྒྱལ་སྟོན་གུང་གསེང་རིང་། བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གིས་སྤུས་ལེགས་ཀྱི་ཞབས་ཞུ་དང་། ཕུན་སུམ་ཚོགས་པའི་བཤམས་སྟོན། སྣ་མང་དྲིལ་བསྒྲགས་སློབ་གསོ་ལ་བརྟེན་ནས་རྒྱུན་མཐུད་ངང་གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་གསལ་དུ་བཏང་། ཡུལ་སྐོར་བ་ཚོས་འགྲོ་སྐྱོད་བྱེད་རིང་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་དང་མྱོང་ཚོར་བྱེད་རིང་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་དཀའ་སྤྱད་འབད་འཐབ་དང་མཐུན་སྒྲིལ་རོགས་རེས་ཀྱི་རྒྱང་སྐྱོད་སྙིང་སྟོབས་གངས་ལྗོངས་མཐོ་སྒང་གི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་དང་གསོན་ཤུགས་གསར་པ་སྐྱེས་སུ་བཅུག
- བདེ་ཆེན་གསར་འགྱུར།
བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གིས་གསར་བརྗེའི་རྒྱུད་གཞི་རྒྱུན་འཛིན་བྱས།
ལུའོ་ཁྲའོ་ཧྥེང་འཇོལ་རྫོང་རུང་ཧྲེང་རྒུན་ཆང་བཟོ་གྲྭར་ཕེབས་ནས་ས་མཐོའི་རྒུན་ཆང་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ།
སྟོན་ཁར་ཆམ་པ་ཕོག་སླ་བའི་མིས་རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས།
བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་ཡོང་མཁན་མང་།
ལག་རྩལ་ཧུར་ཐག་སྦྱངས། ཕན་ཚུན་དཔྱད་གཞིར་འཛིན།
《བདེ་ཆེན་ཉིན་རེའི་ཚགས་པར》ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོད་པ། ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
བདེ་ཆེན་ཁུལ་གྱིས་ཅིན་ཏུང་ཚོགས་པ་དང་ཧྭ་ཀྲི་ཆང་ལས། སེམས་ཀྱི་ཉི་ཟླའི་ཆང་ལས་བཅས་དང་མཉམ་དུ་ཁུན་མིང་དུ་བཞུགས་མོལ་ཚོགས་འདུ་འཚོགས།
གྲུབ་འབྲས་འདི་ཉིད་རྨང་གཞིར་བྱས་ནས་སླར་ཡང་མདུན་སྐྱོད་ཀྱི་ལམ་ལ་ཆས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108