བདེ་ཆེན་ཐ་ལ་འབར་རླངས་ཚད་ཡོད་ཀུང་སིས་རྒྱལ་སྟོན་གུང་གསེང་རིང་འབར་རླངས་བེད་སྤྱོད་བདེ་འཇགས་འགན་ལེན་བྱས།
རྒྱལ་སྟོན་གུང་གསེང་རིང་། འབར་རླངས་མཁོ་འདོན་འགན་ལེན་བྱེད་པ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད། དུས་ཆེན་རིང་འབར་རླངས་ཀྱི་དམངས་འཚོ་འགན་ལེན་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཆེད། བདེ་ཆེན་ཐ་ལ་འབར་རླངས་ཚད་ཡོད་ཀུང་སིས་ཕྱོགས་ཡོངས་ནས་འབར་རླངས་མཁོ་འདོན་འགན་ལེན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱས་ཏེ། རྒྱ་ཆེའི་གྲོང་མི་དང་བཟོ་ཚོང་ལས་རིགས་ཀྱིས་རླངས་སྤྱོད་བརྟན་པོ་དང་བདེ་འཇགས་ཡོང་བར་འགན་ལེན་བྱེད།
གུང་གསེང་རིང་ཁྱིམ་ཚང་དུ་བསྡད་པ་དང་བཟའ་བཏུང་ཟ་མང་བའི་རྐྱེན་གྱིས་འབར་རླངས་སྤྱོད་ཚད་ཆེ་རུ་ཕྱིན་ནས། བདེ་འཇགས་ཀྱི་ཉེན་ཁ་ཡང་ཆེ་རུ་ཕྱིན། བདེ་ཆེན་ཐ་ལ་འབར་རླངས་ཚད་ཡོད་ཀུང་སིའི་མྱུར་བཟོའི་ཚོགས་ཆུང་དང་ཞབས་ཞུའི་འཕྲིན་ལམ་ཉིན་མཚན་མེད་པར་ཤར་བགྲོད་བྱས་ནས་རིགས་ཁག་གི་འབར་རླངས་སྤྱོད་རྒྱུའི་རེ་འདུན་དུས་ཐོག་ཏུ་བདག་སྤྲོད་དང་ཐག་གཅོད་མགྱོགས་མྱུར་ཐུབ་པ་བྱས་ཏེ། གཏུག་བཤེར་བྱས་མ་ཐག་ཐག་གཅོད་ཐུབ་པ་བྱས། སྒྲ་ཕབ།
བབ་བསྟུན་ལས་རེས་ཡག་པོ་བྱེད་པ་དང་ཆབས་ཅིག བདེ་ཆེན་ཐ་ལ་འབར་རླངས་ཚད་ཡོད་ཀུང་སིས་འབར་རླངས་ལྕགས་མདོང་དྲ་བའི་སྐོར་ཞིབ་གྲལ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། མི་མང་པོ་འདུས་ས་དང་ལམ་དུམ་གཙོ་བོར་ཆེད་དོན་གྲལ་བཤེར་བྱས་ཏེ། མངོན་མེད་རྐྱེན་ངན་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་སེལ་ནས་འབར་རླངས་བདེ་འཇགས་ཀྱི་ལས་འཛོལ་མ་ཐོན་གོང་འགོག་བཅོས་བྱས།
དེ་དང་དུས་མཚུངས་སུ་ལས་དོན་མི་སྣས་དུས་མཉམ་དུ་འབར་རླངས་བདེ་འཇགས་ཀྱི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱས་ཏེ། ཡུལ་དངོས་སུ་འགྲེལ་བཤད་བྱས་པ་དང་དཔྱད་གཞི་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། གྲོང་མི་དང་ཚོང་དུད་ལ་རྒྱུན་གཏན་གྱི་འབར་རླངས་སྤྱོད་པའི་ཚད་གཞི་དང་ལྷག་རླངས་ཤོར་བའི་དབྱེ་འབྱེད་ཐབས་ཤེས། དེ་བཞིན་བབ་བསྟུན་ཐག་གཅོད་བརྒྱུད་རིམ་སོགས་ཁྱབ་གདལ་བཏང་ནས། མང་ཚོགས་ཀྱི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་དང་བབ་བསྟུན་ཐག་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་། སྒྲ་ཕབ།
རྒྱལ་སྟོན་གུང་གསེང་རིང་འབར་རླངས་ཀྱི་ཡུལ་དངོས་དང་པོའི་ལས་དོན་མི་སྣས་ལས་གནས་བརྟན་སྲུང་བྱས་ཏེ། རྒྱུན་མི་ཆད་པར་སྐོར་ཞིབ་དང་ཕན་ནུས་ཆེ་བའི་བབ་བསྟུན་ཐག་གཅོད་བྱས་ནས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱས། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པ་ཞེས་པའི་འགན་འཁྲིའི་ཁུར་སེམས་ལ་བརྟེན་ནས། མང་ཚོགས་དུས་བདེ་ཞི་མཐུན་གྱི་རྒྱལ་སྟོན་དུས་ཆེན་གཏོང་ཐུབ་པར་འགན་ལེན་བྱས།
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཐ་ལ་འབར་རླངས་ཚད་ཡོད་ཀུང་སིས་རྒྱལ་སྟོན་གུང་གསེང་རིང་འབར་རླངས་བེད་སྤྱོད་བདེ་འཇགས་འགན་ལེན་བྱས།
བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གིས་གསར་བརྗེའི་རྒྱུད་གཞི་རྒྱུན་འཛིན་བྱས།
ལུའོ་ཁྲའོ་ཧྥེང་འཇོལ་རྫོང་རུང་ཧྲེང་རྒུན་ཆང་བཟོ་གྲྭར་ཕེབས་ནས་ས་མཐོའི་རྒུན་ཆང་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ།
སྟོན་ཁར་ཆམ་པ་ཕོག་སླ་བའི་མིས་རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས།
བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་ཡོང་མཁན་མང་།
ལག་རྩལ་ཧུར་ཐག་སྦྱངས། ཕན་ཚུན་དཔྱད་གཞིར་འཛིན།
《བདེ་ཆེན་ཉིན་རེའི་ཚགས་པར》ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོད་པ། ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ།——བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།
བདེ་ཆེན་ཁུལ་གྱིས་ཅིན་ཏུང་ཚོགས་པ་དང་ཧྭ་ཀྲི་ཆང་ལས། སེམས་ཀྱི་ཉི་ཟླའི་ཆང་ལས་བཅས་དང་མཉམ་དུ་ཁུན་མིང་དུ་བཞུགས་མོལ་ཚོགས་འདུ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108