中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

2026ལོའི་བདེ་ཆེན་བེ་ཤའི་དུས་ཚིགས་ཀྱི་ཧྲུན་ཧྥུང་ཟོག་འདྲེན་གནམ་གྲུ་དངོས་སུ་སྤྱོད་འགོ་ཚུགས་པ། 

རྩོམ་པ་པོ་:杨涛 格茸农布  ཁྱབ་བསྒྲགས་དུས་ཚོད་:2026-07-29 15:30:21
图片

ཟླ་7པའི་ཚེས་28ཉིན་གྱི་ཕྱི་དྲོ་བེ་ཤ་སོས་པ་ཏུན་9.864བླུགས་པའི་གནམ་གྲུ་ཞིག་བདེ་བླག་ངང་འཕུར་འགོ་ཚུགས་པ་དེའི་ཐོག་ནས་2026ལོའི་བདེ་ཆེན་བེ་ཤའི་དུས་ཚིགས་ཀྱི་ཧྲུན་ཧྥུང་ཟོག་འདྲེན་གནམ་གྲུ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད། རང་ཁུལ་ས་གསར་དུ་འཐུ་བའི་བེ་ཤ་དེ་“མཁའ་དབྱིངས་ཀྱི་མྱུར་ལམ”བརྒྱུད་ནས་ས་མཐོ་ནས་ཐོན་ཏེརྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་ཁག་ཏུ་མགྱོགས་མྱུར་ངང་སྐྱེལ་རྒྱུ་རེད།

 
图片
图片

ཤེས་རྟོགས་བྱུང་བར་ལྟར་ན ཧྲུན་ཧྥུང་མཁའ་འགྲུལ་གྱིས་ཟླ་7པའི་ཚེས་28ཉིན་ནས་བཟུང་བདེ་ཆེན་ཁུན་མིང་ཨེ་ཀྲོའུ་བར་གྱི་བེ་ཤའི་ཟོག་འདྲེན་གནམ་གྲུམཁའ་ལམ་ཐོག་འཕུར་སྐྱོད་བྱེད་འགོ་ཚུགས་ཡོད་པ་དང་། ཉིན་ལྟར་གནམ་གྲུ་ཐེངས་གཅིག་རེ་གཏོང་བཞིན་ཡོད།  ཉིན་གཅིག་རིང་བེ་ཤ་འཐུ་བ་དང་།  ཉིན་གཅིག་རིང་དབྱེ་གསེད།  ཉིན་གཅིག་རིང་འཕྲུལ་འཁོར་སྒྲིག་སྦྱོར ཕྱི་ཉིནདམིགས་སར་འབྱོར་ཐུབ་པའི་ཕན་ཆེའི་འཁོར་རྒྱུག་བཅས་བྱེད་ཐུབ་ཀྱི་ཡོད།

 
图片
图片

ཧྲུན་ཧྥུན་ཀུང་སི་སེམས་ཀྱི་ཉི་ཟླའི་ཡུག་ཁུལ་གྱི་འགན་འཁུར་བ་ལི་ཞའོ་ལེང་གིས་ཉིན་འདི་ནི་ཧྲུན་ཧྥུང་བེ་ཤའི་ཟོག་འདྲེན་གནམ་གྲུ་འཕུར་ཐེངས་དང་པོ་ཡིན་ལ།  ཀུང་སིས་ཐོན་ཡུལ་ནས་ཐད་ཀར་ཚོང་ཟོག་བསྐུར་ནས་བདེ་ཆེན་གྱི་སྤུས་ལེགས་བེ་ཤ་སོས་པ་རི་ནས་ཐོན་ཏེ་རྒྱལ་ཡོངས་དང་ཐ་ན་ཕྱི་རྒྱལ་དུ་མགྱོགས་མྱུར་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཟེར

 
图片

གོམ་སྟབས་རྗེས་མར་ཧྲུན་ཧྥུང་མཁའ་འགྲུལ་གྱིས་ཆེད་ལས་ཟོག་འགྲེམས་སྟོབས་ཤུགས་ལ་བརྟེན་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ཞིང་དུད་ལ་འབབ་འཕར་དང་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་རོགས་བྱ་རྒྱུ་རེད།  ཉིན་དེར་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ད་དུང་ཡུན་ནན་ཧྲུན་ཧྥུང་ཀུང་སི་དང་ཟོག་འདྲེན་གནམ་གྲུའི་མཁའ་ལམ་གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཟོག་འདྲེན་གནམ་གྲུའི་མཁའ་ལམ་གྱི་ཐེངས་གྲངས་སྔར་བས་ཇེ་མང་དུ་བཏང་བ་རེད།

 

འགན་འཁུར་རྩོམ་སྒྲིག་པ།:央初

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com