中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཞིང་ཨུས་སྐབས་བརྗེ་རྗེས་ཁུལ་(གྲོང་ཁྱེར)གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས།

ཁྱབ་བསྒྲགས་དུས་ཚོད་:2026-10-10 15:59:22 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཞིང་ཨུས་སྐབས་བརྗེ་རྗེས་ཁུལ་(གྲོང་ཁྱེར)གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས།

འགན་འཁྲི་ལྗིད་མོ་ཡག་པོ་འཁུར་ནས།  ཡུན་རིང་པོའི་བྱ་གཞག་ལས་དོན་ཡག་པོ་སྒྲུབ་པ།

ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ། 

ཝང་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་ཞིང་། ཝང་ཡུས་པོ་དང་ལིའུ་ཧུང་ཅན་ཚོགས་འདུར་ཞུགས།

ཟླ་10པའི་ཚེས་8ཉིན། ཞིང་ཨུས་ཁུན་མིང་དུ་སྐབས་བརྗེ་རྗེས་ཁུལ་(གྲོང་ཁྱེར)གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས།

   ཟླ་10པའི་ཚེས་8ཉིན། ཞིང་ཨུས་ཁུན་མིང་དུ་སྐབས་བརྗེ་རྗེས་ཁུལ་(གྲོང་ཁྱེར)གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་དེ། བསམ་བློ་བཅིངས་འགྲོལ་དང་གསར་གཏོད་སྲོལ་འབྱེད། མཐུན་སྒྲིལ་མཉམ་ལས། དོན་འཁྱོལ་དམ་འཛིན་ནན་མོ་བཅས་བྱས་ཏེ། འགན་འཁྲི་ལྗིད་མོ་ཡག་པོ་འཁུར་ནས་ཡུན་རིང་པོའི་བྱ་གཞག་ལས་དོན་ཡག་པོ་སྒྲུབ་སྟེ། ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་ངང་སྣེ་ཁྲིད་དེ་གསར་འབྱེད་རང་བཞིན་དང་གསར་གཏོད་རང་བཞིན་གྱིས་ལས་དོན་དམ་འཛིན་ཡག་པོ་བྱས་ནས། རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་གཏོད་དགོས་ཞེས་བླང་བྱ་བཏོན།    

   ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝང་ཡུས་པོ་དང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ།  ཁུན་མིང་གྲོང་ཨུའི་ཧྲུའུ་ཅི་ལིའུ་ཧུང་ཅན་ཚོགས་འདུར་ཞུགས་པ་རེད།

ཝང་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་། 

ཝང་ཉིང་གིས་བསྟན་དོན།

   ཉེ་བའི་ལོ་ཤས་རིང་། བློ་མཐུན་ཞི་ཅིང་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གྱི་འགོ་ཁྲིད་སྟོབས་ལྡན་འོག ཞིང་ཨུས་ཕྱོགས་ཡོངས་ནས་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་སྟེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། “མཆོང་སྐྱོད་གཅིག”དང་“ངེས་གནས་གསུམ།” “འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི”སྤྱིའི་རྩ་འཛིན་ལ་དམ་འཛིན་བྱས་ཏེ། “3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་འཁེལ་བྱས་ནས།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཏན་ཏན་ཏིག་ཏིག་ངང་ཡག་པོ་བསྒྲུབས་ཏེ། “ལོ་གསུམ་རིང་སྐས་རིམ་དུ་སླེབས་པའི”དམིགས་འབེན་མངོན་འགྱུར་བྱུང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཡུན་ནན་ལག་ལེན་ཀྱིས་གོམ་སྟབས་བརྟན་པོ་སྤོས་པ། ཁུལ་(གྲོང་ཁྱེར)ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལའང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ཝང་ཉིང་གིས་ནན་གསུང་གནང་དོན།

   མིག་སྔར། ཞིང་ཆེན་ཡོངས་ཀྱི་ཁུལ་(གྲོང་ཁྱེར)ཁག་གིས་ཏང་ཨུའི་སྐབས་བརྗེ་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བས། ཚན་ཁག་གསར་པར་སྣང་ཚུལ་གསར་པ་དང་རྣམ་པ་གསར་པ། ལས་རྗེས་གསར་པ་བཅས་ཡོད་དགོས།  ཁུལ་(གྲོང་ཁྱེར)གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་རྣམས་སྣེ་ཁྲིད་པ་ཡག་པོ་བྱེད་དགོས། གཅིག་ནི་རྒྱུན་དུ་ཕྱོགས་བསྡོམས་དང་བསམ་གཞིགས་བྱེད་པའི་གོམས་གཤིས་ཆགས་པར་བྱས་ཏེ།  གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་བྱེད་དགོས་པ་མ་ཟད།  གནད་དོན་དང་བསླབ་བྱར་དེ་བས་ཀྱང་བསམ་ཞིབ་བྱས་ཏེ། དགེ་མཚན་དར་སྤེལ་དང་མི་འདང་ས་ཁྱད་བསད་བྱས་ཏེ།  རྒྱུན་ཆད་མེད་པར་ལེགས་བཅོས་དང་མཐོར་འདེགས་བཏང་ནས། ལས་ཀ་དེ་ཇི་ཙམ་དམ་འཛིན་བྱས་ན་དེ་ཙམ་གྱིས་ཏན་ཏིག་བྱེད་པ་དང་། བསྒྲུབས་ན་དེ་ཙམ་གྱིས་ཡག་པོ་སྒྲུབ་དགོས། གཉིས་ནི་དོན་འཁྱོལ་དམ་འཛིན་བྱེད་པར་ངེས་པར་དུ་ཞིབ་ཕྲ་དམ་འཛིན་དང་གཏིང་ཟབ་དམ་འཛིན་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་དང་གདེང་འཇོག་དམ་འཛིན་བྱེད་དེ། རང་འགུལ་ངང་གནད་དོན་ཐག་གཅོད་བྱེད་ཐབས་བསམ་བློ་གཏོང་བ་དང་ཞིབ་འཇུག་བྱེད་པ། ཐག་གཅོད་བཅས་བྱས་ནས། ཞིབ་བཤེར་དང་སྐུལ་འདེད་ལ་ཤུགས་སྣོན་རྒྱག་སྟེ་ལས་དོན་དོན་འཁྱོལ་གྱི་“མཐའ་མའི་སྨི་གཅིག”ལ་ཤར་གཏོང་ཐུབ་དགོས། གསུམ་ནི་མཐུན་སྒྲིལ་རོགས་ལས་ལ་མཐོང་ཆེན་བྱས་ནས།  ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ནས་གནད་དོན་ལ་བསམ་གཞིགས་བྱས་ཏེ། བྱ་བ་འཕྲད་དུས་གོམ་པ་མང་ཙམ་མདུན་དུ་བསྐྱོད་པ་དང་གནད་དོན་འཕྲད་སྐབས་ཕན་ཚུན་རོགས་རམ་བྱེད་པ། སྟོབས་ཤུགས་མང་ཙམ་འབུལ་ནས།  ཕྱོགས་མང་མཉམ་འགུལ་དང་འགྲིལ་ཤུགས་ཆགས་དགོས། བཞི་ནི་འབད་འཐབ་ཀྱི་སྙིང་སྟོབས་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས། འཐབ་རྩོད་ཀྱི་སྙིང་སྟོབས་བཅས་ཡོད་དགོས། ཚན་ཁག་དམ་འཛིན་ཡག་པོ་བྱས་པ་དང་དཔུང་ཁག་སྣེ་ཁྲིད་ཡག་པོ་བྱེད་པ། ཁ་དགྲ་མི་བཟོ་བའི་མི་མི་བྱེད་པ། ནོར་འཁྲུལ་ཡོད་ན་སྐྱོན་བརྗོད་བྱེད་དགོས་པ་དང་ལས་དོན་ཡག་པོ་སྒྲུབ་ན་བསྟོད་བསྔགས་བྱེད་དགོས་པ། མཐུན་སྒྲིལ་འབད་འཐབ་ཀྱི་ཚན་ཁག་ཅིག་དང་དམ་འཛིན་དངོས་སྒྲུབ་ཀྱི་དཔུང་ཁག་ཅིག་ཁྲིད་དེ། དཔེ་མཚོན་ལ་བརྟེན་ནས་ལམ་སྟོན་བྱས་ཏེ་ལས་བྱེད་པས་འགན་འཁྲི་འཁུར་པར་སྐུལ་མ་གཏོང་དགོས། ལྔ་ནི་གཞི་རིམ་དུ་སྐྱོད་ནས་དངོས་ཡོད་གནད་དོན་ལ་ཞིབ་འཇུག་བྱས་པ་དང་ཆེད་དོན་ཚོགས་འདུ་མང་པོ་འཚོགས་ཏེ་གནད་དོན་ཐག་གཅོད་བྱས་ནས། ལས་ཡུལ་དང་པོར་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་དེ་བསམ་བློ་དང་སེམས་ཤུགས་དེ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུའི་ཐོག་འཇོག་དགོས། དྲུག་ནི་གཏམ་བཤད་ལ་ལྟ་བ་དང་འདོད་ཚུལ་ཡོད་དགོས་པ་དང་། དངོས་སྒྲུབ་གོ་ཆོད་པའི་བྱེད་ཐབས་འདོན་ཏེ། ཇི་ཙམ་ཞིབ་ཕྲ་ཡིན་ན་དེ་ཙམ་གྱིས་ཡག་པ་དང་ཇི་ཙམ་དོན་དངོས་ཡིན་ན་དེ་ཙམ་གྱིས་ཡག་པ་ཡིན། བདུན་ནི་རྒྱུན་མཐུད་ངང་ཡོང་འབབ་འཕར་སྣོན་དང་ལས་ཞུགས། སྤྱི་ཚོགས་བརྟན་བརླིང་བཅས་དོན་ཆེན་གསུམ་ལ་དམ་འཛིན་ཡག་པོ་བྱས་ཏེ། ཆ་འཕྲིན་ཐབས་ལམ་བདེ་བགྲོད་དང་། དུས་ཐོག་ཏུ་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ལས་ཆོད་ཆེ་བའི་ཐག་གཅོད་བྱས་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཀྱི་བརྟན་བརླིང་ལ་འགན་ལེན་ཏན་ཏིག་བྱེད་དགོས། བརྒྱད་ནི་བསམ་བློ་བཅིངས་འགྲོལ་དང་གསར་གཏོད་སྲོལ་འབྱེད་བྱས་ཏེ། ཐབས་ཤེས་གསར་པ་མང་ཙམ་བསམ་བློ་གཏོང་བ་དང་ཐབས་ལམ་གསར་པ་མང་ཙམ་བཙལ་ནས། ལས་དོན་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས། 

ཝང་ཉིང་གིས་ནན་གསུང་གནང་དོན།  

   ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་བསྐྱོད་ལ་སྤྱིའི་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད་པས། བརྟན་པོའི་ངང་འཕེལ་རྒྱས་གཏོང་བ་དང་དཔལ་འབྱོར་རིགས་བསྒྱུར་གྱི་རིམ་སྤར་ལ་སྔར་བཞིན་བཏང་བས་དཀའ་སྤྱད་འབད་བརྩོན་བྱེད་དགོས།  ཁུལ་(གྲོང་ཁྱེར)གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོས་ས་ཁུལ་དེ་གའི་དཔལ་འབྱོར་འཁོར་བསྐྱོད་གནས་ཚུལ་ལ་ཞིབ་འཇུག་ནན་ཏན་བྱས་ནས། རྣམ་གྲངས་རེ་རེ་བཞིན་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་དམིགས་སའི་རང་བཞིན་ཀྱི་བྱེད་ཐབས་བཏོན་ནས། ཁུལ་(གྲོང་ཁྱེར)དང་ཞིང་ཆེན་རིམ་པའི་སྡེ་ཚན་གྱི་མཐུན་སྦྱོར་གཞོགས་འདེགས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཐོན་ཁུངས་ཀྱི་ལྷན་སྐྱེས་ལ་གཞི་ཚུགས་པ་དང་སྲིད་ཇུས་ཀྱི་གོ་སྐབས་བེད་སྤྱོད་ཡག་པོ་བྱས་ནས། ཐོན་ལས་འཕེལ་རྒྱས་དང་། རྣམ་གྲངས་འཛུགས་སྐྲུན།  རྒྱུ་རྐྱེན་གཙོ་བོ་འགན་སྲུང་སོགས་དམ་འཛིན་ཏན་ཏིག་བྱས་ཏེ། “དཔལ་འབྱོར་ཆེན་པོ་གསུམ་”སྙིང་རུས་གཏན་འཁྱོངས་སྟོབས་ཆེར་གཏོང་བ་དང་།  ཧུར་ཐག་གིས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་གྲུབ་བྱུང་དགོས།    

ཝང་ཉིང་གིས་ནན་གསུང་གནང་དོན།  

   ཚན་པ་གཅིག་དང་ས་གནས་གཅིག་ལ་“འགོ་གཙོ་དང་པོ་”ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། སྐབས་བརྗེ་རྗེས་ཀྱི་གསར་དུ་བསྐོ་གཞག་བྱས་པའི་ཁུལ་(གྲོང་ཁྱེར་)ཁག་གི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་སྣེ་ཁྲིད་དེ། འགན་འཁྲི་ལྗིད་མོ་ཡིན་པ་མི་བརྗེད་པ་དང་། ཉིན་མཚན་མེད་པར་གཞུང་དོན་སྒྲུབ་པ། འགན་འཁྲི་གཙང་སྒྲུབ་བྱས་ནས། ལས་དོན་ཁག་ཡག་པོ་སྒྲུབ་པར་སྣེ་ཁྲིད་བྱེད་པ་མ་ཟད། ཚན་པའི་ཁོངས་མི་སྣེ་ཁྲིད་བྱེད་པ་དང་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱས་ནས། བྱ་གཞག་ཁག་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་དུ་བསྐྱོད་པ་དང་རྣམ་པ་གསར་པ་མངོན་པར་སྐུལ་འདེད་བཏང་ཡོད།    

   ཞིང་ཆེན་གྱི་འགོ་ཁྲིད་ཀྲའོ་ཡུའེ་ཞ་དང་དབྱང་པིན། ཧོང་དབྱི། ཝང་ཀྲེང་དབྱིན་བཅས་དང་། ཁུལ་(གྲོང་ཁྱེར)ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ།  ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་ཚོགས་འདུར་ཞུགས།

འགན་འཁུར་རྩོམ་སྒྲིག་པ།:江初卓玛

  • བདེ་ཆེན་གསར་འགྱུར།

ཞིང་ཨུས་སྐབས་བརྗེ་རྗེས་ཁུལ་(གྲོང་ཁྱེར)གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ནས་གནོད་མེད་འཕེལ་རྒྱས་གྲུབ་འབྲས་མངོན་གསལ་ཐོབ།

 བདེ་ཆེན་ཐ་ལ་འབར་རླངས་ཚད་ཡོད་ཀུང་སིས་རྒྱལ་སྟོན་གུང་གསེང་རིང་འབར་རླངས་བེད་སྤྱོད་བདེ་འཇགས་འགན་ལེན་བྱས།

བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གིས་གསར་བརྗེའི་རྒྱུད་གཞི་རྒྱུན་འཛིན་བྱས།

ལུའོ་ཁྲའོ་ཧྥེང་འཇོལ་རྫོང་རུང་ཧྲེང་རྒུན་ཆང་བཟོ་གྲྭར་ཕེབས་ནས་ས་མཐོའི་རྒུན་ཆང་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ། 

སྟོན་ཁར་ཆམ་པ་ཕོག་སླ་བའི་མིས་རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས།

བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་ཡོང་མཁན་མང་།

ལག་རྩལ་ཧུར་ཐག་སྦྱངས། ཕན་ཚུན་དཔྱད་གཞིར་འཛིན།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com