中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་རྣམ་གྲངས་བརྟག་ཞིབ་མཛུབ་ཁྲིད་ཀྱི་ཡུལ་དངོས་འཚོགས་འདུ་འཚོགས།

རྩོམ་པ་པོ་:何雨桐 陈杰 ཁྱབ་བསྒྲགས་དུས་ཚོད་:2026-10-12 14:43:18 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片ཟླ་10ཚེས་10ཉིན་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་རྣམ་གྲངས་བརྟག་ཞིབ་མཛུབ་ཁྲིད་ཀྱི་ཡུལ་དངོས་འཚོགས་འདུ་འཚོགས།

ཟླ་10ཚེས་10ཉིན། ཁུལ་ཨུ་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་འབའ་ལུང་རྫོང་གི་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་རྣམ་གྲངས་བརྟག་ཞིབ་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཡུལ་དངོས་ཚོགས་འདུ་གཙོ་སྐྱོང་གནང་། ཚོགས་འདུའི་ཐོག ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་དཔལ་འབྱོར་དུས་བབ་སྐོར་གྱི་ཚན་རིག་དང་མཐུན་པའི་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་གྱི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། གནད་ལ་འཁེལ་བའི་སྒོ་ནས་སྐྱོན་ཆ་དང་ཞན་ཆ་འཚོལ་བ། ལས་ཀའི་འགན་འཁྲི་དམ་པོར་འཁུར་བ། འགག་སྒྲོལ་བྱེད་ཐབས་ཞིབ་ཕྲ་དང་དངོས་སུ་འགྱུར་བ་བཅས་བྱས་ཏེ། རྫོང་ཡོངས་གོང་འོག་གིས་བསམ་བློ་གཅིག་གྱུར་དང་ཡིད་ཆེས་སྲ་བརྟན་གཏོང་བ། གནོན་ཤུགས་ཆེ་རུ་བཏང་བ། ནུས་ཤུགས་ཡོད་རྒུས་དུས་ཚིགས་བཞི་པར་གདོང་མཆོང་བྱེད་པ། ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་ལ་རྒྱལ་ཁ་ཐོབ་པར་སྐུལ་སློང་བྱེད་དགོས་ཞེས་ནན་གསུང་གནང་།

图片ལི་ཡན་ལན་དང་བཅས་པ་འབའ་ལུང་རྫོང་ཡུང་ཁྲུན་ཤང་ཅི་ཆིང་ཁུའུ་ཆུ་མཛོད་རྣམ་གྲངས་ས་ཚིགས་སུ་བསྐྱོད་དེ་རྣམ་གྲངས་འཛུགས་སྐྲུན་དང་མ་དངུལ་གཏོང་སྤྲོད་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་།
ཚོགས་འདུ་མ་འཚོགས་གོང་། ལི་ཡན་ལན་དང་བཅས་པ་སྔ་རྗེས་སུ་འབའ་ལུང་རྫོང་ཡུང་ཁྲུན་ཤང་ཅི་ཆིང་ཁུའུ་ཆུ་མཛོད་དང་རྫོང་མི་དམངས་སྨན་ཁང་སོགས་རྣམ་གྲངས་ས་ཚིགས་སུ་བསྐྱོད་དེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མ་དངུལ་གཏོང་སྤྲོད་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་།

图片ལི་ཡན་ལན་དང་བཅས་པ་འབའ་ལུང་རྫོང་མི་དམངས་སྨན་ཁང་དུ་ཕེབས་ནས་འབའ་ལུང་རྫོང་མི་དམངས་སྨན་ཁང་གི་རྣམ་གྲངས་འཛུགས་སྐྲུན་ནུས་པ་ཆེ་རུ་གཏོང་བ་དང་མ་དངུལ་གཏོང་སྤྲོད་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་།

ཚོགས་འདུའི་ཐོག འབའ་ལུང་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ལས་དོན་གྱི་གནས་ཚུལ་སྙན་སེང་ཞུས་པ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་འབའ་ལུང་རྫོང་གིས་ཐག་གཅོད་བྱ་རྒྱུ་སྐོར་རེ་བ་ཞུས་པའི་དོན་ཚན་ལ་ལན་བརྒྱབ་པ་དང་འབྲེལ་ལས་ཀའི་གྲོས་འགོ་ཡང་བཏོན་པ་རེད།

ཚོགས་འདུའི་ཐོག་དགོས་གཏུགས་ཀྱི་བསམ་པ་དང་ཉེན་ཁའི་བསམ་པ་ཆེ་རུ་ཏན་ཏིག་བཏང་ནས་འཕར་སྣོན་བརྟན་པོ་ཡོང་བ་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ་ཤི་གསོན་ཐག་གཅོད་ཀྱི་དམག་འཐབ་ཀྱི་ཆོད་སེམས་དང་བྱ་ཐབས་བཏོན་ནས་ལོ་ཧྲིལ་པོའི་དཔལ་འབྱོར་ལས་དོན་གྱི་མགོ་རྟིང་སློག་པའི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། ནུས་ཤུགས་ཡོད་རྒུས་བཟོ་ལས་ཀྱི་ལྡོག་ཕྱོགས་དྲང་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་།གསོག་ཚད་བརྟན་པོ་དང་ཐོན་ཚད་ཡོངས་རྫོགས་འགན་ལེན་བྱེད་པ།གློག་ཤུགས་དམ་འཛིན་དང་འཕར་ཚད་རྒྱ་སྐྱེད་གཏོང་བ།ཐོན་སྐྱེད་བསྐྱར་མར་སྐུལ་འདེད་གཏོང་བ།གསོ་སྐྱོང་དམ་འཛིན་བྱེད་པ།གསར་པ་གསོ་སྐྱོང་དང་གཏིང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་གྱི་གཞི་རྩའི་སྡེར་མ་བརྟན་པོ་མཐའ་གཅིག་ཏུ་ཡོང་བ་བྱེད་དགོས།ཐབས་མང་མཉམ་སྤྱོད་ཀྱིས་ཞིང་ལས་བརྟན་པོའི་ངང་བསྐྱར་འཕར་ཡོང་བར་སྐུལ་འདེད་གཏོང་བ་དང་།འབྲུ་རིགས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་བ།ཀྲུང་ལུགས་སྨན་རྒྱུ་འཚོལ་བསྡུ་དང་ལས་སྣོན་བྱེད་པའི་ལྕགས་ཐག་ཧྲིལ་པོའི་ལྷུ་ཚིགས་ཁག་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།མ་དངུལ་འཇོག་ཚད་མར་ཆག་པའི་རྣམ་པ་ནུས་ཤུགས་ཡོད་རྒུས་བསྒྱུར་བ་དང་།འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་གཙང་བཤེར་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ།ལས་འགོ་མ་བརྩམས་པའི་རྣམ་གྲངས་ལས་འགོ་རྩོམ་པར་སྐུལ་འདེད་གཏོང་བ།རྣམ་གྲངས་དག་ཐེར་ཡོ་བསྲང་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ།ཁྱོན་ཡོངས་རང་བཞིན་དང་འདེགས་སྐྱོར་རང་བཞིན་གྱི་རྣམ་གྲངས་གལ་ཆེན་ཁག་ཅིག་སྔོན་ཚུད་ནས་ཇུས་འགོད་དང་གསོག་འཇོག་བྱེད་དགོས།ཨར་ལས་མར་ཆག་པའི་འཕེལ་ཕྱོགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་ཐོ་འགོད་བྱ་ཡུལ་གྱི་ཐོབ་ཐང་ནང་གི་ཨར་ལས་ཁེ་ལས་ལ་གཙོ་གནད་ཐོག་རོགས་སྐྱོར་བྱེད་པ་དང་དུས་ཚིགས་གསུམ་པའི་ཨར་ལས་བསྡོམས་རྩིས་དང་ཚོད་རྩིས་བྱེད་ཐབས་ལེགས་སྒྲིག་བྱ་རྒྱུར་གཙོ་གནད་ཐོག་དོ་ཁུར་བྱས་ནས་མ་འཇོག་དང་ཐོན་རྫས་རིན་ཐང་དུས་གཅིག་ཏུ་འཕར་བ་བྱེད་དགོས།འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་སིལ་ཚོང་དང་བཟའ་བཏུང་འཕར་བའི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་བ་དང་ཞག་སྡོད་ལས་རིགས་ཀྱི་ཞན་ཆ་ནུས་ཤུགས་ཡོད་རྒུས་གསབ་ནས་ཆོག་མཆན་ཐོབ་པའི་སྡོད་ཁང་མཉམ་དུ་བསྐྱར་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།ཞབས་ཞུའི་ལས་རིགས་ཀྱི་གྲུབ་ཆ་གཙོ་བོ་སྐྱེད་སྲིང་བྱེད་མགྱོགས་སུ་གཏོང་བ་དང་ཁུལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་སྐྱེད་སྲིང་གི་ཟུར་བཙུགས་རྩིས་ཁྲ་བཟོས་ཏེ་"ཕྱི་འདྲེན་"དང་"ནང་འདྲེན་"གྱི་ཁྲོམ་རའི་གྲུབ་ཆ་གཙོ་བོ་བཙུགས་དགོས།བསྡོམས་རྩིས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་བསྡོམས་རྩིས་སློབ་སྦྱོང་དང་།བསྡོམས་རྩིས་ཤེས་པ།བསྡོམས་རྩིས་སྤྱོད་པ་བཅས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་གཅིག་གྱུར་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།གནད་དོན་དག་ཐེར་ཡོ་བསྲང་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་པ་དང་།དངོས་གནས་ནན་པོ་དང་མཁྲེགས་སར་གཏུག་ནས་བསགས་འབོར་གནད་དོན་མཛོད་ཁང་གཙང་བཤེར་དང་མཐིལ་རྟོགས་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རིམ་པ་བཞིན་འགན་འཁྲི་ཏན་ཏིག་འཁུར་དགོས། རྩིས་ཁྲའི་དོ་དམ་དོན་འཁྱོལ་བྱས་ནས་སྒོ་རྒྱག་རྒྱུར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་དངོས་སྒྲུབ་འགན་འཁུར་ལ་སྐུལ་མ་གཏོང་དགོས། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དཀའ་སེལ་བྱས་ཏེ་བྱེད་ཐབས་བཙན་པོ་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ལོ་འཁོར་གྱི་མཇུག་བསྡུ་བར་དམིགས་ནས་ལོ་རྗེས་མའི་ལས་དོན་ཡག་པོ་སྒྲུབ་དགོས། མ་མཐའི་མཚམས་ཐིག་གི་བསམ་བློ་བརྟན་པོ་བཙུགས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་དང་ས་ཡོམ་གྱི་ཉེན་ཁ་སྔོན་འགོག་སོགས་ཀྱི་བདེ་འཇགས་ལས་དོན་ཁག་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས། གོང་འོག་མཉམ་འགུལ་གཏིང་ཟབ་ཏུ་བཏང་ནས་འགག་སྒྲོལ་མཉམ་ཤུགས་གཅིག་སྒྲིལ་གྱིས་འགག་གནད་དང་དཀའ་གནད་སེལ་དགོས་པའི་བླང་བྱ་བཏོན་པ་རེད།

ཁུལ་གྱི་འགོ་ཁྲིད་ཡུས་ཀུའེ་ཧྥེན་དང་། མ་གོ་ཀྲུང་། ཀྲོང་ཞའོ་ཕིང་བཅས་ཚོགས་འདུ་དང་བརྟག་ཞིབ་ནང་ཞུགས་པ་རེད།

འགན་འཁུར་རྩོམ་སྒྲིག་པ།:扎史次里

  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་རྣམ་གྲངས་བརྟག་ཞིབ་མཛུབ་ཁྲིད་ཀྱི་ཡུལ་དངོས་འཚོགས་འདུ་འཚོགས།

ཞིང་ཨུས་སྐབས་བརྗེ་རྗེས་ཁུལ་(གྲོང་ཁྱེར)གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ནས་གནོད་མེད་འཕེལ་རྒྱས་གྲུབ་འབྲས་མངོན་གསལ་ཐོབ།

 བདེ་ཆེན་ཐ་ལ་འབར་རླངས་ཚད་ཡོད་ཀུང་སིས་རྒྱལ་སྟོན་གུང་གསེང་རིང་འབར་རླངས་བེད་སྤྱོད་བདེ་འཇགས་འགན་ལེན་བྱས།

བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གིས་གསར་བརྗེའི་རྒྱུད་གཞི་རྒྱུན་འཛིན་བྱས།

ལུའོ་ཁྲའོ་ཧྥེང་འཇོལ་རྫོང་རུང་ཧྲེང་རྒུན་ཆང་བཟོ་གྲྭར་ཕེབས་ནས་ས་མཐོའི་རྒུན་ཆང་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ། 

སྟོན་ཁར་ཆམ་པ་ཕོག་སླ་བའི་མིས་རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས།

བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་ཡོང་མཁན་མང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com