中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ད་ལོ་ཚུན་དུ་དངུལ་རྩའི་ཁྲོམ་ར་སྤྱིར་ན་འཁོར་སྐྱོད་བརྟན་པོ་བྱུང་བ།

དངུལ་ལོར་སྲིད་ཇུས་ཀྱིས་དུས་འཁོར་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

ཁྱབ་བསྒྲགས་དུས་ཚོད་:2026-10-13 10:36:09

ད་ལོ་ཚུན་དུ་གཞི་ཆེའི་སྲིད་ཇུས་དེ་བས་དགེ་མཚན་ལྡན་ལ་ནུས་པ་ཐོན་ཞིང་། དངུལ་ལོར་སྲིད་ཇུས་ལྷུག་ལྷོད་འོས་འཚམ་རྒྱུན་འཁྱོངས་བྱས་པ་དང་། དུས་འཁོར་ལྡོག་པ་དང་དུས་འཁོར་བརྒལ་བའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ། དངུལ་ལོར་སྲིད་ཇུས་ཀྱི་བྱ་ཐབས་མང་པོ་ཕྱོགས་བསྡུས་ཐོག་སྤྱད་པ། དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་འཚམ་པའི་དངུལ་ལོར་དང་དངུལ་རྩའི་ཁོར་ཡུག་བཏོད་པ། དངུལ་བུན་ཁྲོམ་རའི་རིན་ཕབ་སྐྱེད་ཀ་སྒྱུར་བཅོས་ཀྱི་ནུས་པ་རྒྱུན་མཐུད་ཐོན་པ། བཅོལ་དངུལ་སྐྱེད་ཀ་ཁྲོམ་ར་ཅན་གྱི་སྙོམས་སྒྲིག་ལམ་སྲོལ་གྱི་ནུས་པ་གང་ལེགས་ཐོན་པ། དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་འདྲེན་ལས་ཕྱོད་ཆེ་རུ་ཕྱིན་པ། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རྒྱུག་གི་མ་གནས་ལོ་རྒྱུས་ཀྱི་ཅུང་དམའ་བའི་ཆུ་ཚད་ལ་གནས་པ། ཕྱི་རྒྱལ་གྱི་དངུལ་འགྲུལ་ཁྲོམ་རའི་མཁོ་སྤྲོད་སྤྱིར་ན་དོ་མཉམ་ཡིན་པ། མི་དམངས་ཤོག་སྒོར་གྱི་འཛའ་ཐང་ཕྱོགས་གཉིས་ཀར་འཕར་ཆག་བཅས་བྱུང་བས། ལུགས་མཐུན་དོ་མཉམ་གྱི་ཆུ་ཚད་ཐོག་རྒྱུན་འཁྱོངས་བརྟན་པོ་བྱུང་བ་དང་དངུལ་རྩའི་ཁྲོམ་ར་སྤྱིར་ན་འཁོར་སྐྱོད་བརྟན་པོ་བྱུང་ཡོད་པ་རེད།

ཚོགས་འདུའི་ཐོག་བཏོན་དོན། ལྷུག་ལྷོད་འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ཏེ། དུས་འཁོར་ལྡོག་པའི་སྙོམས་སྒྲིག་བྱེད་ནུས་ཆེ་རུ་བཏང་ནས། དངུལ་ལོར་སྲིད་ཇུས་བྱ་ཐབས་ཀྱི་སྤྱི་འབོར་དང་གྲུབ་ཆའི་བྱེད་ནུས་གཉིས་ཀ་གང་ལེགས་འདོན་པ་དང་། དངུལ་ལོར་དང་ནོར་སྲིད་སྲིད་ཇུས་མཐུན་སྦྱོར་རམ་འདེགས་བྱེད་ཤུགས་ཆེ་རུ་བཏང་སྟེ། དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་ཟོག་གོང་ལུགས་མཐུན་བསྐྱར་འཕར་ལ་སྐུལ་འདེད་གཏོང་དགོས། དུས་མཚམས་རྗེས་མར། འཕར་འབོར་སྲིད་ཇུས་དང་གསོག་འབོར་སྲིད་ཇུས་ཀྱི་འདུས་གྲུབ་ནུས་འབྲས་ཡག་པོ་བཏོན་ཏེ། སྲིད་ཇུས་ཀྱི་རྒྱང་ལྟའི་རང་བཞིན་དང་། བབ་བསྟུན་རང་བཞིན། དམིགས་སའི་རང་བཞིན་བཅས་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་དང་དངུལ་རྩའི་དུས་བབ་དང་དངུལ་རྩའི་ཁྲོམ་རའི་འཁོར་སྐྱོད་གནས་ཚུལ་གཞིར་བཟུང་སྲིད་ཇུས་ལག་བསྟར་བྱེད་ཤུགས་དང་། དལ་ལྷོད། དུས་སྐབས་བཅས་སྟངས་འཛིན་ཡག་པོ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། དངུལ་ལོར་སྲིད་ཇུས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱོད་པ་དང་དུས་བསྟུན་སྙོམས་སྒྲིག་བྱས་ཏེ། འཁོར་རྒྱུག་རང་བཞིན་འདང་ངེས་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རྒྱུག་གི་གཞི་ཁྱོན་ཆེ་རུ་དང་དངུལ་ལོར་མཁོ་སྤྲོད་བྱེད་ཚད་མཐོ་རུ་འགྲོ་བ་དེ་དཔལ་འབྱོར་འཕར་བ་དང་རིན་གོང་སྤྱིའི་སྔོན་དཔག་དམིགས་ཚད་དང་མཐུན་པར་བྱེད་དགོས། དངུལ་ལོར་སྲིད་ཇུས་ཀྱི་བཀོལ་སྤྱོད་སྒྲོམ་གཞིའི་སྒྱུར་བཅོས་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཡིད་རྟོན་དངུལ་བུན་ཁྲོམ་རའི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ། མ་དངུལ་བསྡུ་རྒྱུག་གི་བར་གྲོན་དམའ་རུ་དང་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་རྒྱུག་གི་མ་གནས་དམའ་བའི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་དགོས། གཞི་ཆེ་དང་གཟབ་ནན་གྱི་ཟུར་ཚད་ནས་བུན་ལོར་ཁྲོམ་རའི་འཁོར་རྒྱུག་གནས་ཚུལ་ལ་ལྟ་ཞིབ་ཚོད་སྐོར་བྱས་ནས། ཡུན་རིང་ཁེ་འབབ་ཐོབ་ཚད་ཀྱི་འགྱུར་ལྡོག་ལ་དོ་ཁུར་བྱེད་དགོས། དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་འདྲེན་ལམ་སྲོལ་ཤར་གཏོང་བྱས་ཏེ་མ་དངུལ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་དགོས།

  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་རྣམ་གྲངས་བརྟག་ཞིབ་མཛུབ་ཁྲིད་ཀྱི་ཡུལ་དངོས་འཚོགས་འདུ་འཚོགས།

ཞིང་ཨུས་སྐབས་བརྗེ་རྗེས་ཁུལ་(གྲོང་ཁྱེར)གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ནས་གནོད་མེད་འཕེལ་རྒྱས་གྲུབ་འབྲས་མངོན་གསལ་ཐོབ།

 བདེ་ཆེན་ཐ་ལ་འབར་རླངས་ཚད་ཡོད་ཀུང་སིས་རྒྱལ་སྟོན་གུང་གསེང་རིང་འབར་རླངས་བེད་སྤྱོད་བདེ་འཇགས་འགན་ལེན་བྱས།

བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གིས་གསར་བརྗེའི་རྒྱུད་གཞི་རྒྱུན་འཛིན་བྱས།

ལུའོ་ཁྲའོ་ཧྥེང་འཇོལ་རྫོང་རུང་ཧྲེང་རྒུན་ཆང་བཟོ་གྲྭར་ཕེབས་ནས་ས་མཐོའི་རྒུན་ཆང་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ། 

སྟོན་ཁར་ཆམ་པ་ཕོག་སླ་བའི་མིས་རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས།

བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་ཡོང་མཁན་མང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com