中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

ཁྱབ་བསྒྲགས་དུས་ཚོད་:2026-08-03 15:30:08 འབྱུང་ཁུངས་:ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་15པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《བདེ་ཐང་ཀྲུང་གོ་འཛུགས་སྐྲུན་མགྱོགས་མྱུར་བྱེད་དགོས》ཞེས་པ་བཀོད་ཡོད།

རྩོམ་ཡིག་ནང་ནན་བཤད་བྱས་དོན། 2035ལོར་སླེབས་སྐབས་བདེ་ཐང་ཀྲུང་གོ་བསྐྲུན་ཟིན་པ་བྱ་རྒྱུ་ནི་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཤིག་རེད། “ལོ་ལྔ་ཚན་བཅོ་ལྔ་པ”ནི་དམིགས་ཚད་འདི་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ངེས་པར་དུ་སྤྱི་འདོམས་ཇུས་འགོད་དང་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་བརྩོན་ལེན་བྱེད་དགོས།

རྩོམ་ཡིག་ནང་ནན་བཤད་བྱས་དོན། རང་རྒྱལ་གྱི་རྒྱལ་བབ་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་འབོར་གྱི་གཞི་ཁྱོན་ཆེ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་ཧེ་བག་སྔར་བཞིན་ཆེ་ཙམ་ཡོད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པ་དེས་ང་ཚོས་ངེས་པར་དུ་ཏང་གིས་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་རང་བཞིན་མཐའ་འཁྱོངས་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་པ་གཏན་འཁེལ་བྱས་ཡོད།

2016ལོར། ཀྲུང་དབྱང་གིས་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་ཁ་གསལ་བཏོན་པ་སྟེ། གཞི་རིམ་གཙོ་གནད་དུ་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱེད་པ། སྔོན་འགོག་གཙོ་བོར་བྱེད་པ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་དུ་འཛིན་པ། བདེ་ཐང་དེ་ཉིད་སྲིད་ཇུས་ཚང་མའི་ནང་ཁྱབ་པ། མི་དམངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་བྱེད་པ་བཅས་རེད། དུས་རབས་གསར་པ་ཤར་ཚུན། བླང་བྱ་དེ་དག་རང་རྒྱལ་གྱི་རྒྱལ་བབ་དང་འཚམ་པ་དང་རྦད་དེ་ཡང་དག་ཡིན་པ་རང་རྒྱལ་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལས་ར་སྤྲོད་གང་ལེགས་ཐུབ་ཡོད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། རང་རྒྱལ་གྱི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་དེ་དུས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཞིབ་ཕྲའི་སྲིད་ཇུས་དང་བྱེད་ཐབས་ཁག་གཅིག་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་དགོས་མོད། འོན་ཀྱང་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་གཡོ་འགུལ་གཏོང་མི་རུང་ལ། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་ལག་བསྟར་བྱེད་པར་ཡང་གཡོ་འགུལ་གཏོང་མི་རུང་། རྩ་བའི་གནད་དོན་དེ་དག་ཐད་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། གཙོ་གནད་མངོན་གསལ་དོད་པོས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་སྣ་མང་ཅན་གྱི་འཕྲོད་བསྟེན་བདེ་ཐང་གི་དགོས་མཁོར་དམིགས་ནས། ཕན་པ་ཐོབ་རྒྱ་ཆེ་ཞིང་། རྐྱེན་ཆུང་ངུ་ཞིག་གིས་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་པ། འཕྲོད་བསྟེན་བདེ་ཐང་བྱ་གཞག་ཡོངས་ལ་ཤུགས་རྐྱེན་གལ་ཆེན་ལྡན་པའི་ལས་དོན་བཅས་ལ་དམ་འཛིན་ནན་པོ་བྱས་ཏེ། སྟོབས་ཤུགས་དང་ཐོན་ཁུངས་གཅིག་སྡུད་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་མཉམ་བཅོས་དང་། སྨན་བཅོས་འགོག་སྲུང་མཉམ་ལས། སྨན་བཅོས་འགོག་སྲུང་མཉམ་འདྲེས་བཅས་ཟབ་ཏུ་གཏོང་བ། འགོ་ནད་སྔོན་འགོག་ཚོད་འཛིན་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། སྨན་བཅོས་སྐྱོབ་བཅོས། འཕྲལ་སྡོམ་ཐག་གཅོད། དངོས་ཟོག་འགན་ལེན་དང་ལྟ་སྐུལ་དོ་དམ་བཅས་ལ་ཤུགས་སྣོན་རྒྱག་དགོས། སྤུས་ལེགས་ནུས་ཆེའི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་པ་དང་། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་གཏོང་གི་ལས་གྲྭ་ལག་ལེན་བསྟར་བ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བ། བདེ་ཐང་སླར་གསོའི་ནད་སྐྱོང་དང་བདེ་འཇགས་སྨན་བཅོས་ནད་སྐྱོང་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། བདེ་ཐང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས་དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་སྔར་བས་མཐོ་རུ་གཏོང་དགོས།

རྩོམ་ཡིག་ནང་བསྟན་དོན། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་འགན་ལེན་ནུས་ལྡན་བྱེད་དགོས། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་ཏང་སྲིད་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་བདེ་ཐང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། བདེ་ཐང་གི་འདུ་ཤེས་དེ་སྤྱི་པའི་སྲིད་ཇུས་བཟོ་བ་དང་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་སྟེ་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་འཕྲོད་བསྟེན་བདེ་ཐང་གི་ཁྱབ་ཁོངས་སུ་གཞན་སྒྱུར་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས་དམངས་ཡོངས་ཀྱི་བདེ་ཐང་གྲངས་རིག་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། འཕྲོད་བསྟེན་དང་བདེ་ཐང་ལས་རིགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། རྒྱ་ཆེའི་སྨན་དོན་མི་སྣའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་པ། སྨན་པའི་ཀུན་སྤྱོད་དང་སྤྱོད་བཟང་དར་སྤེལ་གཏོང་བ་བཅས་བྱས་ནས། སྲོལ་བཟང་སྤྱོད་བཟང་གི་ལས་རིགས་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་དགོས།

འགན་འཁུར་རྩོམ་སྒྲིག་པ།:རྣམ་འཇོམས།

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com