中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་རང་ཁུལ་གྱི་འགྲིམ་འགྲུལ་རྣམ་གྲངས་གཙོ་བོ་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་བྱེད་སྐབས་འགག་སྒྲོལ་དཀའ་སེལ་དམིགས་འབེན་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

རྩོམ་པ་པོ་:黄晓丽 拉茸西乐 ཁྱབ་བསྒྲགས་དུས་ཚོད་:2026-10-15 12:12:54 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


ཟླ་10པའི་ཚེས་14ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་G7611ཐར་ལམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་། སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་མཐོ་རུ་གཏོང་བའི་ལས་གྲྭ། སེམས་ཀྱི་ཉི་ཟླ་ནས་འབའ་ལུང་(ཡུལ་སུམ་ནས་ཚངས་རྒྱབ་དུམ་བུ་)བར་གྱི་རིམ་པ་གཉིས་པའི་གཞུང་ལམ། G214འཇོལ་ནས་ཚྭ་ཁ་རོང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ། ཧྲང་ཅང་ནས་ཡང་ཐང་བར་གྱི་གཞུང་ལམ་སོགས་འགྲིམ་འགྲུལ་རྣམ་གྲངས་གཙོ་བོ་ལ་བརྟག་ཞིབ་བྱས་པ་དང་རྣམ་གྲངས་སྐུལ་འདེད་གཏོང་བའི་ལས་དོན་ལ་ཡུལ་དངོས་སུ་ལྟ་སྐུལ་གནང་། ཁོང་གིས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་འགག་སྒྲོལ་དཀའ་སེལ། དམིགས་འབེན་ཕྱོགས་སུ་ཤུགས་སྣོན་རྒྱག་པ། རྣམ་གྲངས་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འགག་གནད་དང་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་བ། ཁྲིམས་དང་སྒྲིག་སྲོལ་ལྟར་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ། ཕྱི་འབྲེལ་ནང་ཁུལ་ཤར་བགྲོད་ཀྱི་གཞུང་ལམ་དྲ་རྒྱ་དམ་པོ་འཛུགས་པ། དམངས་འཚོའི་ལམ་དང་ཐོན་ལས་ཀྱི་ལམ། འཕེལ་རྒྱས་ཀྱི་ལམ་བཅས་ཏན་ཏིག་ངང་བསྐྲུན་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་འཇགས་དང་སྟབས་བདེའི་སྒོ་ནས་ཕྱིར་སྐྱོད་བྱེད་པའི་རེ་སྒུག་ལ་ལན་ཧུར་ཐག་བརྒྱབ་དགོས་ཞེས་ནན་གྱིས་བསྟན།

ས་ཆ་དེ་དག་ཏུ་སླེབས་སྐབས། ལུའོ་ཁྲའོ་ཧྥེང་གིས་ཨར་ལས་བྱ་ཡུལ་ལ་ལྟ་ཞིབ་ཞིབ་ཕྲ་བྱེད་པ་དང་། རྣམ་གྲངས་སྐུལ་འདེད་གཏོང་ཚུལ་གྱི་སྙན་ཞུ་ཞིབ་ཕྲ་ཉན་པ། རྣམ་གྲངས་སྐུལ་འདེད་གཏོང་བར་ཚོད་འཛིན་བཟོ་བའི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་རེ་རེ་བཞིན་འདྲི་རྩད་བྱེད་པ་བཅས་ཀྱི་ཐོག་ནས་ཞིབ་ཕྲའི་ཐག་གཅོད་བསམ་ཕྱོགས་ལ་ཐུན་མོང་ཐོག་ཞིབ་འཇུག་བྱས། ཁོང་གིས་རིམ་པ་ཁག་གི་སྡེ་ཚན་སོ་སོས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། ལས་ཕྱོད་འདུ་ཤེས་ཟབ་ཏུ་གཏོང་བ། མདུན་ཕྱོགས་ཞབས་ཞུ་དང་རང་འགུལ་འབྲེལ་མཐུད་མཐའ་འཁྱོངས་བྱེད་པ། ཕྱོགས་ཁག་གི་འགན་འཁྲི་དམ་དུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཨར་ལས་ཁོར་ཡུག་ལེགས་སུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་མཚམས་ཐིག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམར་ཐིག་ནན་སྲུང་བཅས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་བར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན། 

图片

ལུའོ་ཁྲའོ་ཧྥེང་དང་བཅས་པས་ཐར་ལམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཅི་ལི་མགོ་ཕུག་ལམ་ནང་འདྲེན་མཉམ་བསྲེས་ས་ཚིགས་སུ་ཐར་ལམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་འཕེལ་རིམ་ལ་བརྟག་ཞིབ་གནང་།

ལུའོ་ཁྲའོ་ཧྥེང་གིས་ཐར་ལམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་G7611ཏུའུ་ཡུན་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལམ་ཐིག་གི་གྲུབ་ཆ་གལ་ཆེན་ཞིག་དང་ཡུན་ནན་བྱང་ཤར་དང་ཡུན་ནན་ནུབ་བྱང་འབྲེལ་མཐུད་བྱེད་པའི་འགག་རྩའི་བགྲོད་ལམ་ཞིག་ཡིན་པས་བདེ་ཆེན་དེ་ཡུན་ནན་དབུས་རྒྱུད་དཔལ་འབྱོར་ཁུལ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་དཔལ་འབྱོར་ཁུལ་དུ་རང་འགུལ་ངང་འདྲེས་བར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། བདེ་ཆེན་གྱིས་ཕྱི་ཕྱོགས་སྒོ་དབྱེད་རྒྱ་ཆེར་གཏོང་བར་འདེགས་སྐྱོར་དང་ས་ཁོངས་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགྲིམ་འགྲུལ་གྱི་འཕར་རྩ་ཆེན་པོ་ཞིག་ཀྱང་ཡིན། ཁུལ་ཡོངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལས་ཁུངས་ཁག་དང་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་མཁན་ལས་ཁུངས་ཁག་གིས་འབྲེལ་གཏུག་དང་མཐུན་སྦྱོར་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་བའི་སྔོན་འགྲོའི་ཆ་རྐྱེན་འོག གནད་ལ་འཁེལ་བའི་སྒོ་ནས་སྲིད་ཇུས་ཞིབ་འཇུག་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ནུས་ཆེ་ཤར་བགྲོད་ཀྱི་རྣམ་གྲངས་སྐུལ་འདེད་གཏོང་བའི་ཐབས་ལམ་འཚོལ་ཞིབ་བྱས་ཏེ་རྣམ་གྲངས་སྔ་ཙམ་ལམ་ཐིག་ཡོངས་ནས་ལས་འགོ་འཛུགས་པ་དང་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

图片

ལུའོ་ཁྲའོ་ཧྥེང་དང་བཅས་པས་སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་མཐོར་གཏོང་ལས་གྲྭའི་ཕུག་ལམ་རྣམ་གྲངས་ས་ཚིགས་སུ་རྣམ་གྲངས་སྤེལ་ཚུལ་ལ་བརྟག་ཞིབ་རྒྱུས་ལོན་བྱས།

ལུའོ་ཁྲའོ་ཧྥེང་གིས་སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་མཐོ་རུ་གཏོང་བའི་ལས་གྲྭ་ལ་སྐུལ་འདེད་མགྱོགས་སུ་གཏོང་ནས་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་རྒྱུན་རྣམ་ཅན་དུ་གྲལ་བཤེར་བཅོས་སྒྲིག་བྱས་ཏེ་མཛེས་ལྗོངས་ཁུལ་བདེ་འཇགས་དང་བརྟན་བརླིང་གོ་རིམ་ལྡན་པའི་སྒོ་ནས་འཁོར་སྐྱོད་བྱེད་པར་འགན་སྲུང་བྱ་དགོས། མིག་སྔའི་ཨར་ལས་ཀྱི་དུས་སྐབས་ཡག་ཤོས་དམ་འཛིན་བྱས་ནས་ཕྱོགས་མང་པོ་མཉམ་འགུལ་དང་གཅིག་གྱུར་འཆར་འགོད་ཀྱིས་ཐབས་ཇུས་ལག་བསྟར་བྱས་ཏེ་སེམས་ཀྱི་ཉི་ཟླ་ནས་འབའ་ལུང་(ཡུལ་སུམ་ནས་ཚངས་རྒྱབ་བར་གྱི་དུམ་བུ་)བར་གྱི་རིམ་པ་གཉིས་པའི་གཞུང་ལམ་འཛུགས་སྐྲུན་ཐད་སྤྱོད་པའི་རྒྱུ་ཆའི་གནད་དོན་གང་མགྱོགས་ངང་ཐག་གཅོད་བྱས་ཏེ་འཛུགས་སྐྲུན་མ་དངུལ་རྒྱུན་མཐུད་ངང་བརྩོན་ལེན་བྱས་ནས་རླངས་འཁོར་མགྱོགས་མྱུར་ངང་ཤར་གཏོང་ཐུབ་པར་སྐུལ་འདེད་གཏོང་དགོས། སྡེ་ཚན་གྱི་མཐུན་སྦྱོར་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་ཨར་ལས་སྒྲིག་འཛུགས་ལེགས་སུ་གཏོང་ནས་ནུས་ཤུགས་ཡོད་རྒུས་འཇོལ་ནས་ཚྭ་ཁ་རོང་བར་གྱི་གཞུང་ལམ་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། གཞུང་ལམ་ཆུང་གྲས་ཀྱི་ལམ་ཐིག་འགྲོ་ཕྱོགས་དང་ལམ་ཐིག་ཇུས་འགོད་ཚན་རིག་དང་མཐུན་པར་ལེགས་སུ་གཏོང་བ་དང་། རྣམ་གྲངས་ཀྱི་ཇུས་གཞི་ཇུས་འགོད་ཞིབ་ཚགས་བྱེད་པ། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཁག་ཏན་ཏིག་དང་ཞིབ་ཚགས་སྒྲུབ་པ་བཅས་བྱས་ནས་རྣམ་གྲངས་དོན་འཁྱོལ་བྱེད་པའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

图片

ལུའོ་ཁྲའོ་ཧྥེང་དང་བཅས་པས་སེམས་ཀྱི་ཉི་ཟླ་ནས་འབའ་ལུང་(ཡུལ་སུམ་ནས་ཚངས་རྒྱབ་བར་གྱི་དུམ་བུ་)བར་གྱི་རིམ་པ་གཉིས་པའི་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་རྣམ་གྲངས་ཀྱི་སྐུལ་འདེད་གཏོང་ཚུལ་ལ་བརྟག་ཞིབ་རྒྱུས་ལོན་བྱས།

ལུའོ་ཁྲའོ་ཧྥེང་གིས་གཞུང་ལམ་དྲ་བ་ནི་ཕྱི་ནང་སྦྲེལ་མཐུད་དང་མང་ཚོགས་ཕྱིར་སྐྱོད་ལ་སྟབས་བདེ་བ། ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བཅས་བྱེད་པའི་དམངས་འཚོའི་བགྲོད་ལམ་ཞིག་ཡིན་ལ་བདེ་ཆེན་གྱི་གཟུགས་བརྙན་བཟང་པོ་མངོན་པའི་སྒེའུ་ཁུང་གལ་ཆེན་ཞིག་ཀྱང་ཡིན། དོ་དམ་སྲུང་སྐྱོང་གི་འགན་འཁྲི་དམ་པོ་དང་ཏན་ཏིག་ཏུ་གཏོང་བ་དང་། ཕུགས་ཕན་དོ་དམ་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་ཐོག་ནས་ལམ་ཁོངས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཡག་པོ་སྒྲུབ་དགོས། “ས་ལས་ལས་སྐབས་ངེས་པར་དུ་འཆར་འགོད་ཡོད་པ་དང་། ས་ལས་ལས་སྐབས་ངེས་པར་དུ་ཞིབ་མཆན་འགོད་དགོས་པའི་”བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ལམ་ཁོངས་སུ་སྒེར་སྐྲུན་གང་བྱུང་དུ་བཟོ་བའི་བྱ་སྤྱོད་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ཏེ་ལམ་ཁོངས་ཀྱི་རྣམ་པ་མུ་མཐུད་ལེགས་སུ་གཏོང་ནས་ཕྱི་ཕྱོགས་སུ་བདེ་ཆེན་གྱི་གཙང་ཞིང་གྲལ་འགྲིག་པ་དང་ཤེས་དཔལ་གོ་རིམ་ལྡན་པའི་གཟུགས་བརྙན་བཟང་པོ་མངོན་དགོས་ཞེས་ནན་གྱིས་བསྟན།

ཁུལ་གྱི་འགོ་ཁྲིད་ཧོང་ལུང་ཞིན་དང་ལི་ཐའོ། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བརྟག་ཞིབ་ནང་ཞུགས།

འགན་འཁུར་རྩོམ་སྒྲིག་པ།:拉茸初姆

  • བདེ་ཆེན་གསར་འགྱུར།

ཁུལ་ཨུས་ཚོགས་འདུ་འཚོགས་ནས་ཏན་སྤྲེའུ་སྤུ་སེར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་ལས་རྣམ་བཀོད་སྒྲིག་གི་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་གསན་པ་རེད།

ཁྱེད་ཀྱིས་ཚགས་ཤ་དང་། ཕག་ཤ བྱ་ཤ་སོགས་འཁྲུད་སྟངས་འགྲིག་འདུག་གམ།

མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལག་ལེན་དངོས་དང་འགན་འཁྲི་འཁུར་བ། —— བདེ་ཆེན་ཁུལ་གྱི་རིམ་པ་ཁག་གི་སྡེ་ཁག་གིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ།

ལི་ཡན་ལན་འབྲེལ་གཏུག་ཤང་གྲོང་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་འཇུག་སྒོ་དང་ཟུང་འབྲེལ་བྱེད་ས་གནད་ལ་འཁེལ་བར་བཙལ་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ལི་ཡན་ལན་གྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས།

བདེ་ཆེན་ ཁུལ་གྱི ས་བྱ་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་གཏོད་ལ་དམ་འཛིན་བྱས།

ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་89པ་འཚོགས།

བདེ་ཆེན་ཁུལ་གྱིས་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སི་དང་བཞུགས་མོལ་ཚོགས་འདུ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com