中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ ཁུལ་གྱི ས་བྱ་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་གཏོད་ལ་དམ་འཛིན་བྱས།

རྩོམ་པ་པོ་:陈义 ཁྱབ་བསྒྲགས་དུས་ཚོད་:2026-10-15 14:37:00 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片

ད་ལོའི་ཚུན་དུ་བདེ་ཆེན་ཁུལ་གྱིས་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་གྱི་དམིགས་ཚད་བརྟན་དུ་བཏང་ནས་མ་དངུལ་འགན་ལེན་དང་། གཙོ་གནད་ཚོགས་སྤྱིར་དམིགས་པ། ལས་ཞུགས་ཞབས་ཞུ་ལེགས་སུ་གཏོང་བ། ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་བྱ་ཐབས་བརྒྱུད་རིམ་ལྡན་པའི་ངང་དོན་འཁྱོལ་བཅས་བྱས་ཏེ་དམངས་འཚོའི་རྩ་བ་ནུས་ཤུགས་ཡོད་རྒུས་བརྟན་དུ་བཏང་ཡོད། མིག་སྔའི་བར་ཁུལ་ཡོངས་སུ་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མི་ཁྲི་10.92ལས་ཞུགས་ཐུབ་པ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་མི་1300ལས་ཞུགས་ཐུབ་ནས་ལས་ཞུགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད།

མ་དངུལ་འགན་སྲུང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་། ད་ལོ་བདེ་ཆེན་ཁུལ་གྱིས་ཁག་དང་པོའི་ཀྲུང་དབྱང་གི་ལས་ཞུགས་ཁ་གསབ་མ་དངུལ་སྒོར་ཁྲི་10261དོན་འཁྱོལ་བྱས་པ་དང་མིག་སྔའི་བར་སྒོར་ཁྲི་2863.52བཏང་ནས་ལས་ཞུགས་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་མ་དངུལ་གྱི་འགན་ལེན་ནུས་ལྡན་བྱས་པ་རེད།

图片

གཙོ་གནད་ཚོགས་སྤྱིའི་ལས་ཞུགས་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། མཐོ་སློབ་སློབ་ཐོན་སློབ་མའི་“1131”ལས་ཞུགས་ཞབས་ཞུའི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་བདེ་ཆེན་ནས་ཁ་བྲལ་བ་དང་ལས་ཞུགས་ཐུབ་མེད་པའི་ཁག་དང་པོའི་མཐོ་སློབ་སློབ་ཐོན་སློབ་མ་834ལས་ཞུགས་རོགས་སྐྱོར་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་པས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་85.73%ཟིན་ཡོད།དེ་དང་ཆབས་ཅིག་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་1300གསར་དུ་ལས་ཞུགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་657བསྐྱར་དུ་ལས་ཞུགས་ཐུབ་པ། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་360ལས་ཞུགས་ཐུབ་རྒྱུར་རོགས་སྐྱོར་ཐུབ་ཡོད།གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་ཐད། ལས་ཞུགས་རོགས་སྐྱོར་འཁོར་ཁང་གིས་བསྡུ་བ་དང་། སྣེ་འདྲེན་ཁེ་ལས་ཀྱིས་སྐུལ་ཁྲིད་བྱེད་པ། ངལ་རྩོལ་སྤུས་རྟགས་ཀྱིས་སྣེ་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ལས་ཞུགས་མི་སྣ་ཁྲི་10.92ཁྲོད་ས་ཆ་དེ་རང་དང་ཐག་ཉེ་སར་མི་ཁྲི་9.45ལས་ཞུགས་ཐུབ་ནས་བཅུ་ཆ་བརྒྱད་ལྷག་ཙམ་ཟིན་པ་དང་ཐག་ཉེ་སར་ལས་ཞུགས་ཐུབ་ཚད་མངོན་གསལ་དོད་དུ་ཕྱིན་ཡོད།

སྤྱི་ཕན་རང་བཞིན་གྱི་ལས་གནས་མཐའ་སྐྱོང་བཀོད་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། ཁུལ་ཡོངས་སུ་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་5208དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་718གསར་སྤེལ་བཀོད་སྒྲིག་བྱས་ཤིང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལས་ཞུགས་འགན་སྲུང་དྲ་བ་དམ་ཚགས་བཟོས།

ལས་རིགས་གསར་གཏོད་ཀྱིས་ལས་ཞུགས་ཕན་ནུས་རྒྱུན་མཐུད་ངང་འདོན་པར་སྐུལ་ཁྲིད་བྱས། བདེ་ཆེན་ཁུལ་གྱིས་“ལས་གཏོད་ཡུན་ནན”གྱི་ལག་ལེན་གཏིང་ཟབ་ཏུ་བཏང་ནས་“ལས་གཏོད་ཡུན་ནན”འཛུགས་སྐྲུན་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་བཏང་བ།མིག་སྔའི་བར་ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་ལས་གཏོད་བྱེད་པོ་དུད་ཚང་234ལ་རོགས་སྐྱོར་བྱས་པ་དང་། ལས་གཏོད་ཁག་ཐེག་དངུལ་བུན་སྒོར་ཁྲི་5028.4སྤྲད་པ། མི་543ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།མི་ཐེངས་133ལ་སྣ་མའི་མེ་ཏོག་ལས་གཏོད་གསོ་སྦྱོང་བྱས་པ་དང་“འབྱུང་འགྱུར་གཏོད”ཅེས་པའི་ཡུན་ནན་གྱི་2026ལོའི་ལས་གཏོད་འགྲན་བསྡུར་ཆེ་མོའི་བདེ་ཆེན་ཁུལ་གྱི་འདེམས་སྒྲུག་འགྲན་བསྡུར་གྲུབ་འབྲས་ཐོབ་པའི་ངང་གཉེར་བས་སྤྱི་ཚོགས་ཡོངས་ཀྱི་ལས་གཏོད་རྣམ་པ་དེ་བས་ཟབ་ཏུ་ཕྱིན་ཡོད།

འགན་འཁུར་རྩོམ་སྒྲིག་པ།:扎史次里

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ ཁུལ་གྱི ས་བྱ་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་གཏོད་ལ་དམ་འཛིན་བྱས།

ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་89པ་འཚོགས།

བདེ་ཆེན་ཁུལ་གྱིས་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སི་དང་བཞུགས་མོལ་ཚོགས་འདུ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རང་ཁུལ་གྱི་འགྲིམ་འགྲུལ་རྣམ་གྲངས་གཙོ་བོ་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་བྱེད་སྐབས་འགག་སྒྲོལ་དཀའ་སེལ་དམིགས་འབེན་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་96པ་འཚོགས།

ཁུལ་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དགུ་པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླའི་“ས་གྲོལ་གླིང་ཁུལ་”འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་ཚུལ་ལ་བརྟག་ཞིབ་གནང་།

རྒྱང་སྐྱོད་གྲུ་ཁ་ནས་“ལྕགས་ལམ་དང་གཞུང་ལམ། གནམ་གྲུ་བཅས་”ཀྱི་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་སྟེ་——བདེ་ཆེན་མཐོ་སྒང་ཐོག་བདེ་སྐྱིད་ཀྱི་ལམ་བུ་བཏིང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com