ལི་ཡན་ལན་འབྲེལ་གཏུག་ཤང་གྲོང་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་འཇུག་སྒོ་དང་ཟུང་འབྲེལ་བྱེད་ས་གནད་ལ་འཁེལ་བར་བཙལ་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཟླ་10པའི་ཚེས་14ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་འབྲེལ་གཏུག་བྱས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་ཕེབས་ནས་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་ལས་བཟོ། མང་ཚོགས་འཐུས་མི་བཅས་དང་སྤེལ་རེས་བཞུགས་མོལ་བྱས་ཏེ་ཡུལ་དངོས་སུ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་བྱས་ཚུལ་ཤེས་རྟོགས་དང་། གཞི་རིམ་གྱི་སེམས་གཏམ་ཉན་པ། དོན་འཁྱོལ་བྱ་ཐབས་ཞིབ་འཇུག་བཅས་བྱས་ཏེ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་།
ཁྲང་ཧྲེང་གྲོང་ཚོའི་ལ་པ་ཧྲན་ཏང་ཀྲི་པུའི་བྱེད་སྒོ་ཁང་དུ་ལི་ཡན་ལན་གྱིས་གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པ་དང་། གྲོང་གསེབ་ཀྱི་ཏང་ཡོན། མང་ཚོགས་དང་ལས་བཟོའི་འཐུས་མི་བཅས་དང་བསྐོར་ནས་གླེང་མོལ་བྱས། ཚང་མས་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་དང་ཐོན་ལས་གསོ་སྐྱོང་། གྲོང་གསེབ་དར་རྒྱས། དམངས་འཚོ་འགན་ལེན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། ལི་ཡན་ལན་གྱིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལ་དམ་པོར་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་འགན་ལེན་ལེགས་སུ་གཏོང་བ། གཞི་རིམ་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་བཀོད་སྒྲིག་བླང་བྱར་འགྲེལ་བཤད་གནང་བ་མ་ཟད། གཞི་རིམ་གྱི་ལས་གནས་དང་པོའི་ལས་ཀའི་བསམ་ཕྱོགས་དང་། བསམ་འཆར་དང་གྲོས་འགོ་ལ་གསན།
ཆའོ་ཐོའུ་གྲོང་ཚོའི་ཏང་ཀྲི་པུའུ་བྱེད་སྒོ་ཁང་དུ་ལི་ཡན་ལན་གྱིས་ཡུལ་དངོས་སུ་སྟེགས་བུ་འཛུགས་སྐྲུན་ལ་ལྟ་ཞིབ་གནང་བ་དང་། ཏང་རྩ་འཛུགས་འཛུགས་སྐྱོང་གི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད། གྲོང་ཚོའི་“ཨུ་ལྷན་གཉིས་”ཀྱི་འགན་འཁུར་བའི་ལས་དོན་སྙན་ཞུ་ལ་ནན་ཏན་ངང་གསན།
ལ་ཙ་ཀུའུ་རྒུན་འབྲུམ་འདེབས་འཛུགས་ར་བ་རུ་ལི་ཡན་ལན་གྱིས་ཡུལ་དངོས་སུ་རྒུན་འབྲུམ་སྐྱེ་འཚར་གྱི་གནས་ཚུལ་ལ་ལྟ་ཞིབ་གནང་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་། ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད། ལས་མི་སྐུལ་ཁྲིད་དང་དེ་བཞིན་མང་ཚོགས་ཀྱི་འབབ་འཕར་རྒྱུན་མཐུད་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་ཞིང་དུད་ལ་ཞིང་ཁར་དོ་དམ་སྲུང་སྐྱོང་ཡག་པོ་བྱས་ཏེ་དམངས་ཕྱུག་འབབ་འཕར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་གཏོང་དགོས་ཞེས་མངགས་བཅོལ་གནང་།
ལི་ཡན་ལན་གྱིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ཟབ་སྦྱོང་ཞིབ་རྟོགས་དང་རྒྱ་ཁྱབ་ངང་དྲིལ་བསྒྲགས་གཏོང་བ། ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་ལས་ཀའི་འཇུག་སྒོ་དང་ཟུང་འབྲེལ་གནད་ལ་འཁེལ་བར་བྱས་ནས་ཚོགས་ཆེན་གྱི་བཀོད་སྒྲིག་དེ་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་རེག་ཐུབ་པའི་ལས་ཀའི་ཕན་འབྲས་དངོས་སུ་འགྱུར་བར་ཏན་ཏིག་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་བ་དང་། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་ལག་ལེན་ཐབས་ལམ་རྒྱ་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། ཐོན་ཁུངས་ཀྱི་ལྷན་སྐྱེས་ལ་གཞི་ཚུགས་ཏེ་རྨོ་འདེབས་གཏིང་ཟབ་དང་ཞིབ་འདེབས་བྱས་ནས་“ཡུལ་སྐོར་”དང་“ཞིང་ལས།”“ནགས་ཚལ་”དང་“ཆུ་”སོགས་ཐོན་ཁུངས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་རིག་གནས་ཡུལ་སྐོར་ཐོན་ལས་དང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་སོགས་ཐད་ཀྱི་ཐོན་ཁུངས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་དགོས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རེས་སྐོར་གསར་པའི་ཞིང་ལས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་པའི་ཐབས་ལམ་མང་པོའི་ལས་ཞུགས་ལས་གཏོད་ཐབས་ལམ་འཚོལ་ཞིབ་བྱེད་པ། རྒྱུན་རྣམ་ཅན་གྱི་གནད་སྨིན་རོགས་སྐྱོར་ཁྱོན་ཡོངས་ནས་སྤེལ་བ་བཅས་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་ཆེ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་གནོད་མེད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ། འབྲི་ཆུ་འབབ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ཏེ། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྒྲུབ་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། གཞི་རིམ་བཅོས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། དྲ་མིག་ཅན་གྱི་ཞབས་ཞུ་དོ་དམ་གཏིང་ཟབ་ཏུ་གཏོང་བ། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་གེགས་སེལ་ལས་དོན་ལ་དམ་འཛིན་ཞིབ་ཕྲ་བྱེད་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། “རྨང་གཞི་སྟོབས་ཆེར་གཏོང་བའི་”ལས་གྲྭར་སྐུལ་འདེད་གཏིང་ཟབ་གཏོང་སྟེ་གཞི་རིམ་ཏང་རྩ་འཛུགས་དེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་སུ་སྐྲུན་དགོས། ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྲིད་ཇུས་སློབ་སྦྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་དངོས་སྒྲུབ་ཏུ་སྒྱུར་དགོས་ཞེས་ནན་གྱིས་བསྟན།
ཀྲོང་ཞའོ་ཕིང་བརྟག་ཞིབ་ནང་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:拉茸初姆
- བདེ་ཆེན་གསར་འགྱུར།
ལི་ཡན་ལན་འབྲེལ་གཏུག་ཤང་གྲོང་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་འཇུག་སྒོ་དང་ཟུང་འབྲེལ་བྱེད་ས་གནད་ལ་འཁེལ་བར་བཙལ་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ལི་ཡན་ལན་གྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས།
བདེ་ཆེན་ ཁུལ་གྱི ས་བྱ་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་གཏོད་ལ་དམ་འཛིན་བྱས།
ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་89པ་འཚོགས།
བདེ་ཆེན་ཁུལ་གྱིས་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སི་དང་བཞུགས་མོལ་ཚོགས་འདུ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་རང་ཁུལ་གྱི་འགྲིམ་འགྲུལ་རྣམ་གྲངས་གཙོ་བོ་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་བྱེད་སྐབས་འགག་སྒྲོལ་དཀའ་སེལ་དམིགས་འབེན་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་96པ་འཚོགས།
ཁུལ་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དགུ་པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108