ལི་ཡན་ལན་གྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས།

ཟླ་10ཚེས་14ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས། ཁོ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་སློབ་སྦྱོང་བྱས་པ་དང་ལངས་ཕྱོགས་མཐོ་རུ་གཏོང་བ། ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ཡང་དག་པའི་ཁ་ཕྱོགས་བརྟན་པོ་འཛིན་དགོས་ཞེས་ནན་གསུང་གནང་།
ཉིན་དེའི་སྔ་དྲོར། ལི་ཡན་ལན་དང་བཅས་པས་སྔ་རྗེས་སུ་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ཁུལ་ཁྲིམས་འཛིན་ཅུས་སུ་བརྟག་ཞིབ་བྱས་ནས། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཁྲིམས་སྐྱོང་འཛུགས་སྐྲུན། འགལ་བ་རྩོད་གཞི་སེལ་བ། སྲིད་འཛིན་ཁྲིམས་འཛིན་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བར་རྒྱུས་ལོན་ཞིབ་ཕྲ་བྱས་མ་ཟད་གོམ་སྟབས་རྗེས་མའི་ལས་ཀའི་བསམ་ཕྱོགས་དང་གཙོ་གནད་བྱེད་ཐབས་ལ་ཚང་མ་དང་མཉམ་དུ་བགྲོ་གླེང་སྤེལ་རེས་བྱས་པ་རེད།

དེ་རྗེས་སུ་འཚོགས་པའི་ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་ཐོག《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་སྲིད་གཞུང་གི་ཁྲིམས་དོན་འགྲོ་ལུགས་ཀྱི་བློ་འདོན་པ་ཐེངས་ལྔ་པ་གདན་ཞུས་ཐག་གཅོད་བྱེད་པའི་སྐོར་》སྒྲོག་སྦྱང་བྱས།ལི་ཡན་ལན་གྱིས་ཁྲིམས་དོན་འགྲོ་ལུགས་ཀྱི་བློ་འདོན་པའི་གདན་ཞུ་ཡི་གེ་སྤྲོད་པ་རེད།
ཚོགས་འདུའི་ཐོག ལི་ཡན་ལན་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཁུལ་ཡོངས་སྲིད་གཞུང་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ས་གནས་སུ་ཟམ་མི་ཆད་པར་ལག་ལེནགཏིང་ཟབ་ཏུ་བཏང་ནས། ནན་ཏན་ངང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་བཀོད་སྒྲིག་བླང་བྱ་སྐོར་ལག་བསྟར་དོན་འཁྱོལ་བྱས་ཏེ།《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལག་བསྟར་རྩ་གནད(2021ལོ་ནས་2025ལོ་བར)》བདེ་བླག་ངང་མཇུག་འགྲིལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས། ལས་དོན་ཁག་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་།ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་རྒྱུན་མཐུད་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་ནས། ལག་ལེན་ནུས་ལྡན་བསྟར་བ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པར་ལག་ལེན་བསྟར་བ།ཕྱོགས་ཡོངས་སུ་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།འགན་འཁྲི་ཁ་གསལ་དང་ཁྲིམས་ལྟར་སྲིད་འཛིན་བྱེད་པའི་སྲིད་གཞུང་བཅོས་སྐྱོང་མ་ལག་མགྱོགས་མྱུར་འཛུགས་དགོས།
ལི་ཡན་ལན་གྱིས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ།ཁྲིམས་འཛུགས་ལས་དོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མཉམ་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།གོམ་གང་མདུན་སྤོས་ཀྱིས་“མྱུར་ལ་ཆུང་བ”དང་“བཅད་ཁ་ཆུང་ཆུང”རྣམ་པའི་ཁྲིམས་འཛུགས་མྱུར་བསྟུན་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ།བཟོ་བཅོས་དང་མཚམས་འཇོག འགྲེལ་བཤད་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ད་ཡོད་ཀྱི་ཁྲིམས་སྲོལ་མ་ལག་ནང་ཁུལ་གྱི་མི་འཚམ་པ་དང་མཐུན་སྦྱོར་མེད་པའི་གནད་དོན་གོ་རིམ་ལྡན་པའི་ངང་ཐག་གཅོད་བྱེད་དགོས།རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྲིད་གཞུང་གི་འགན་ནུས་བསྒྱུར་བར་དམ་འཛིན་བྱས་ཏེ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།ཚན་རིག་དང་མཐུན་པའི་ཁྲིམས་ལྟར་ཐབས་ཇུས་གཏན་འབེབས་བྱས་ཏེ།སྲིད་དོན་ཞབས་ཞུའི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།རྒྱུན་འཁྱོངས་ལྷོད་མེད་ཀྱིས་དྲང་གཞག་ཡ་རབས་ཚུལ་ལྡན་གྱི་ཁྲིམས་ལྟར་དམ་འཛིན་བྱས་ཏེ།ཁྲིམས་ལྟར་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།ཁྲིམས་ལྟར་དཔུང་ཁག་སྟོབས་ཆེར་འཛུགས་པ།ཁྲིམས་ལྟར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།ཁྲིམས་ལྟར་བཅོས་སྐྱོང་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་བྱས་ཏེ།དུས་རབས་གསར་པའི་གཞི་རིམ་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཉེན་ཁ་སྔོན་འགོག་ཚོད་འཛིན་དམ་འཛིན་བྱས་ཏེ།བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་དགོས། ཁུལ་ཡོངས་སྲིད་གཞུང་ཁོངས་གཏོགས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་བྱེད་པའི་ལས་ཀའི་སྲོལ་ཡིག》ལག་བསྟར་ནན་ཏན་བྱེད་དེ། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་བདེ་ཆེན་འཛུགས་སྐྲུན་བཀོད་སྒྲིག་བླང་བྱ་སྐོར་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ།སྲིད་གཞུང་གི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས།ཆུ་ཚད་མཐོ་བའི་དུས་བདེ་བདེ་ཆེན་དང་ཁྲིམས་སྐྱོང་བདེ་ཆེན་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་གྱིས་བསྟན།
ཏོན་རུའུ་ཀྲུའུ་དང་ཀྲོང་ཞའོ་ཕིང་བརྟག་ཞིབ་ཚོགས་འདུར་ཞུགས། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཞུགས། ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང(གྲོང་ཁྱེར)གསུམ་དུ་འཚོགས་པ་རེད།
འགན་འཁུར་རྩོམ་སྒྲིག་པ།:扎史次里
- བདེ་ཆེན་གསར་འགྱུར།
ལི་ཡན་ལན་གྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས།
བདེ་ཆེན་ ཁུལ་གྱི ས་བྱ་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་གཏོད་ལ་དམ་འཛིན་བྱས།
ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་89པ་འཚོགས།
བདེ་ཆེན་ཁུལ་གྱིས་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སི་དང་བཞུགས་མོལ་ཚོགས་འདུ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་རང་ཁུལ་གྱི་འགྲིམ་འགྲུལ་རྣམ་གྲངས་གཙོ་བོ་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་བྱེད་སྐབས་འགག་སྒྲོལ་དཀའ་སེལ་དམིགས་འབེན་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་96པ་འཚོགས།
ཁུལ་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དགུ་པ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླའི་“ས་གྲོལ་གླིང་ཁུལ་”འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་ཚུལ་ལ་བརྟག་ཞིབ་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108