中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ཁུལ་གྱིས་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སི་དང་བཞུགས་མོལ་ཚོགས་འདུ་འཚོགས།

རྩོམ་པ་པོ་:黄晓丽 拉茸西乐 ཁྱབ་བསྒྲགས་དུས་ཚོད་:2026-10-15 12:18:23 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


ཟླ་10པའི་ཚེས་13ཉིན། བདེ་ཆེན་ཁུལ་གྱིས་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སི་དང་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཕྱོགས་གཉིས་པོས་གྲངས་གཞི་ཅན་དང་རིག་ནུས་ཅན་འཛུགས་སྐྲུན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ལས་དོན་ཐད་སྤེལ་རེས་གཏིང་ཟབ་བྱས།

ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གི་མངགས་བཅོལ་ལྟར། ཁུལ་ཨུའི་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་དབྱང་ཞུའེ་ཝུན་གྱིས་བཞུགས་མོལ་གཙོ་སྐྱོང་གནང་། ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སིའི་ཡུན་ནན་སྲིད་གཞུང་དང་ཁེ་ལས་ཀྱི་སྤྱི་ཁྱབ་ཅིང་ལི་པན་ཀྲི་ཡུས་བཞུགས་མོལ་ནང་ཞུགས།

 
 
 
དབྱང་ཞུའེ་ཝུན་གྱིས་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སིས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས། ཁོས་བདེ་ཆེན་ཁུལ་དང་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སིས་གནོད་མེད་ནུས་རྒྱུ་དང་རིག་ནུས་གཏེར་རི། “བློ་རིག་བདེ་ཆེན་”འཛུགས་སྐྲུན་སོགས་ཐད་ལ་མཉམ་ལས་ཀྱི་རྨང་གཞི་ཡག་པོ་བཏིང་ཡོད། མིག་སྔར། བདེ་ཆེན་གྱིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་གཞིར་བཟུང་ནས་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་“4+2+N”དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས་གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་འཚོལ་ཞིབ་དང་སྐྱེད་སྲིང་བྱས། བདེ་ཆེན་གྱི་ཐོན་ཁུངས་དང་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ། ཐོན་ལས་ཀྱི་རྨང་གཞི་བརྟན་པ། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེན་པོ་བཅས་ཡོད། ཧྭ་ཝེ་ཀུང་སིས་དངོས་སྒྲུབ་འགན་ཁུར་གྱི་རྣམ་འགྱུར་བཟུང་ནས་ད་ཡོད་ཀྱི་མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་བྱེད་རོགས། བདེ་ཆེན་གྱི་འཕེལ་རྒྱས་དམིགས་ཚད་ངེས་གནས་ལ་གཞི་ཚུགས་ནས་ལག་རྩལ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྣམ་གྲངས་གསར་པར་ཐུམ་སྒྲིལ་བྱེད་པ་ཇུས་འགོད་དང་ཉེར་སྤྱོད་རྣམ་པ་གསར་པ་གཏོད་རོགས་བྱས་ཏེ་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་དེ་རྣམ་གྲངས་ཞིབ་ཕྲར་བསྒྱུར་ནས་གནད་འཁེལ་དང་དངོས་གཉེར། ཆེད་ཚན་ཅན་བཅས་ཀྱི་ཐོག་ནས་མཉམ་ལས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། བདེ་ཆེན་གྱིས་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ཀྱིས་བདེ་ཆེན་དུ་མ་འཇོག་འཕེལ་རྒྱས་གཏོང་ཆེད་སྟེགས་བུ་བཏོད་དེ་ཁོར་ཡུག་བཟང་པོ་གཏོད་རྒྱུ་ཡིན་ཞེས་བཏོན།
 
 
 
པན་ཀྲི་ཡུས་ཀྱིས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཧྭ་ཝེ་ཀུང་སིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་ཧྭ་ཝེ་ཡིས་རིག་ནུས་ལག་རྩལ་དང་གྲངས་འཛིན་ཐོན་སྐྱེད་ནུས་ཤུགས་སོགས་ཐད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་བདེ་ཆེན་དུ་ལས་དོན་གཏིང་ཟབ་གཏོང་བ་དང་། ཡུལ་དངོས་སུ་བརྟག་ཞིབ་གཏིང་ཟབ་ཏུ་གཏོང་རྒྱུ། འབྲེལ་གཏུག་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུ། རིག་ནུས་གྲོང་ཁྱེར་དང་གྲངས་འཛིན་སྲིད་གཞུང་། ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད། རིག་ནུས་རྩིས་རྒྱག  མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་དོན་འཁྱོལ་དང་ལག་བསྟར་ཐུབ་པའི་མཉམ་ལས་རྣམ་གྲངས་ཇུས་འགོད་བྱས་ནས་ཆགས་པ་དང་བདེ་ཆེན་གྱི་ཁྱབ་ཁོངས་ཡོངས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་། བདེ་འཇགས་བདེ་ཆེན་འཛུགས་སྐྲུན། དེ་བཞིན་གནོད་མེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་ཕན་འབྲས་གསར་པ་ཐོབ་པར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཏོན།

ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས། འབའ་ལུང་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་བཞུགས་མོལ་ནང་ཞུགས།

འགན་འཁུར་རྩོམ་སྒྲིག་པ།:拉茸初姆

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱིས་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སི་དང་བཞུགས་མོལ་ཚོགས་འདུ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རང་ཁུལ་གྱི་འགྲིམ་འགྲུལ་རྣམ་གྲངས་གཙོ་བོ་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་བྱེད་སྐབས་འགག་སྒྲོལ་དཀའ་སེལ་དམིགས་འབེན་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་96པ་འཚོགས།

ཁུལ་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དགུ་པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླའི་“ས་གྲོལ་གླིང་ཁུལ་”འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་ཚུལ་ལ་བརྟག་ཞིབ་གནང་།

རྒྱང་སྐྱོད་གྲུ་ཁ་ནས་“ལྕགས་ལམ་དང་གཞུང་ལམ། གནམ་གྲུ་བཅས་”ཀྱི་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་སྟེ་——བདེ་ཆེན་མཐོ་སྒང་ཐོག་བདེ་སྐྱིད་ཀྱི་ལམ་བུ་བཏིང་།

ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བསྐྱོད་ནས་གཙོ་གནད་ཁེ་ལས་ལ་འཚམས་འདྲི་དང་བརྟག་ཞིབ་གནང་བ།

ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་རྣམ་གྲངས་བརྟག་ཞིབ་མཛུབ་ཁྲིད་ཀྱི་ཡུལ་དངོས་འཚོགས་འདུ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com