中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་89པ་འཚོགས།

རྩོམ་པ་པོ་:何雨桐 高粒堡(实习) ཁྱབ་བསྒྲགས་དུས་ཚོད་:2026-10-15 12:23:38 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


图片
 

ཟླ་10པའི་ཚེས་13ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་89པ་གཙོ་སྐྱོང་གནང་ནས་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་རྩོམ་ཡིག་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཨུའི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་འབྲེལ་ཡོད་མི་དོན་དོན་ཚན་ལ་ཞིབ་འཇུག་དང་གྲོས་ཞིབ་གནང་།

 
 
 
 
 

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་《བདེན་འཚོལ་》དུས་དེབ་ཐོག་སྤེལ་བའི་《རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་》ཀྱི་རྩོམ་ཡིག་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ལངས་ཕྱོགས་མཐོ་རུ་གཏོང་བ་དང་དུས་བབ་ངོས་འཛིན་གསལ་པོ་བྱས་ཏེ་རྨང་གཞིའི་ཞིབ་འཇུག་ལས་དོན་གྱི་འགན་འཁྲི་རང་འགུལ་ངང་འཁུར་ནས་ཁུལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཞི་ཚུགས་ཏེ་རྒྱལ་ཁབ་དང་ཞིང་ཆེན་གྱི་ཚན་རྩལ་འཐབ་ཇུས་བཀོད་སྒྲིག་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས། ཁུལ་གྱི་གནས་ཚུལ་ལ་གཞི་ཚུགས་པ་དང་གཙོ་གནད་ལ་དམིགས་ཏེ་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། མི་རིགས་རིག་གནས་སྲུང་སྐྱོང་སོགས་ལེགས་ཆའི་ཁྱབ་ཁོངས་ལ་དམིགས་ཏེ་རྨང་གཞིའི་རང་བཞིན་དང་རྒྱང་ལྟའི་རང་བཞིན་གྱི་ཞིབ་འཇུག་གནད་ལ་འཁེལ་བའི་སྒོ་ནས་བཀོད་སྒྲིག་བྱེད་པ་དང་། ཐོན་སློབ་ཞིབ་གསུམ་གྱི་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱད་ཆོས་ལྡན་པའི་རྨང་གཞིའི་ཞིབ་འཇུག་ལེགས་སྒྲུབ་དངོས་སྒྲུབ་བྱེད་དགོས། འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། ཚན་རྩལ་ལ་མ་དངུལ་གཏོང་བ་དང་། རྣམ་གྲངས་ལ་རྒྱབ་སྐྱོར། ཤེས་ལྡན་མི་སྣར་སྐུལ་མ་གཏོང་བ་སོགས་ཀྱི་ཆ་འགྲིག་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་གི་ཁུར་པོ་ཡང་དུ་གཏོང་བའི་བྱེད་ཐབས་དོན་འཁྱོལ་བྱེད་པ། ཕྱི་ཕྱོགས་དང་ཚན་རྩལ་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་ནས་ཚན་རིག་ཞིབ་འཇུག་གསར་གཏོད་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

 
 
 
 
 
ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་9པའི་ཚེས་21ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བཀོད་སྒྲིག་གལ་ཆེན་ཁོང་དུ་ཆུད་པ་དང་། ཏང་དོ་དམ་དང་ནན་སྐྱོང་གི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏོང་ནས་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་ནས་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་མཉམ་འདྲེས་གཏིང་ཟབ་དང་གཞི་གཅིག་སྐུལ་འདེད་གཏོང་བར་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་བ་དང་། ལས་བྱེད་པས་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་བར་སྐུལ་འདེད་གཏོང་སྟེ་ཏང་སྲོལ་དང་སྲིད་སྲོལ་སྲ་ཐེག་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྲུང་སྐྱོང་བྱེད་དགོས། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འགན་འཁྲི་གཙོ་བོ་མཐའ་གཅིག་ཏུ་འཁུར་དགོས་པ་དང་། འགན་འཁུར་བློ་མཐུན་གཙོ་བོས་འགན་འཁྲི་དང་པོའི་འགན་འཁྲི་དམ་པོར་འཁུར་དགོས། ཚན་ཁག་གི་ཁོངས་མིས་“ལས་གནས་གཅིག་ལ་འགན་འཁྲི་གཉིས་”དོན་འཁྱོལ་ནན་པོ་བྱས་ནས་ལས་སྒོ་གང་དུ་སྐུལ་འདེད་གཏོང་ཐུབ་ན་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གང་དུ་སྤེལ་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
 
 
 
 
 
ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་ནས་ལས་ཞུགས་དེ་“སྔོན་ཐོབ་”ཀྱི་གནས་བབ་ཐོག་དངོས་འབྲེལ་བཞག་སྟེ་ནོར་སྲིད་དང་ཐོན་ལས། མ་འཇོག་སྲིད་ཇུས་དེ་ལས་ཞུགས་སྲིད་ཇུས་དང་མཉམ་དུ་ཤུགས་སྣོན་རྒྱག་བར་སྐུལ་འདེད་གཏོང་དགོས། བདེ་ཆེན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་དང་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ལེགས་བྱེད་པ། མཐོ་སྒང་གི་ཁྱད་ལྡན་ཞིང་ལས་སྟོབས་ཆེར་གཏོང་བ། རྣམ་གྲངས་འཛུགས་སྐྲུན་ཏན་ཏིག་བྱེད་པ། གཉེར་སྐྱོང་གཙོ་བོ་བརྟན་པོར་བྱེད་པ། ཐོན་ལས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ཐད་ཐོད་བརྒལ་ཡོང་ཐབས་བཙལ་དགོས། ཚོགས་སྤྱི་གཙོ་བོར་དམིགས་ཏེ་རིགས་དབྱེ་ནས་ཐབས་ཇུས་ལག་བསྟར་དང་གནད་སྨིད་རོགས་སྐྱོར་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཤོང་ཚད་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་རང་བཞིན་གྱི་ལས་གནས་གཞི་ཁྱོན་བརྟན་དུ་གཏོང་བ། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་དེ་“གཞི་ཁྱོན་མཐོང་ཆེན་བྱེད་པ་”ནས་“སྤུས་ཚད་མཐོ་རུ་གཏོང་བའི་”ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ། ལས་གནས་བརྟན་པོའི་ལས་ཞུགས་རོགས་སྐྱོར་དམ་འཛིན་ཏན་ཏིག་བྱེད་པ། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་འགན་ལེན་བརྟན་པོ་བྱས་ནས་ལས་ཞུགས་ཚོགས་སྤྱི་གསར་པར་ཞབས་འདེགས་ཞུ་བ། རྩལ་ནུས་གསོ་སྦྱོང་དམ་འཛིན་དང་མཁོ་སྤྲོད་སྙོམ་སྒྲིག་དམ་འཛིན་བྱེད་པ། ཞབས་ཞུའི་མ་ལག་དམ་འཛིན། ལས་གཏོད་སྐུལ་ཁྲིད་དམ་འཛིན་བཅས་བྱས་ནས་ལས་ཞུགས་ཀྱི་སྤུས་ཚད་དང་བརྟན་བརླིང་རང་བཞིན་མཐོ་རུ་གཏོང་དགོས་ཞེས་བླང་བྱ་བཏོན།

ཚོགས་འདུ་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

འགན་འཁུར་རྩོམ་སྒྲིག་པ།:拉茸初姆

  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་89པ་འཚོགས།

བདེ་ཆེན་ཁུལ་གྱིས་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སི་དང་བཞུགས་མོལ་ཚོགས་འདུ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རང་ཁུལ་གྱི་འགྲིམ་འགྲུལ་རྣམ་གྲངས་གཙོ་བོ་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་བྱེད་སྐབས་འགག་སྒྲོལ་དཀའ་སེལ་དམིགས་འབེན་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་96པ་འཚོགས།

ཁུལ་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དགུ་པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླའི་“ས་གྲོལ་གླིང་ཁུལ་”འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་ཚུལ་ལ་བརྟག་ཞིབ་གནང་།

རྒྱང་སྐྱོད་གྲུ་ཁ་ནས་“ལྕགས་ལམ་དང་གཞུང་ལམ། གནམ་གྲུ་བཅས་”ཀྱི་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་སྟེ་——བདེ་ཆེན་མཐོ་སྒང་ཐོག་བདེ་སྐྱིད་ཀྱི་ལམ་བུ་བཏིང་།

ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བསྐྱོད་ནས་གཙོ་གནད་ཁེ་ལས་ལ་འཚམས་འདྲི་དང་བརྟག་ཞིབ་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com