中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་ཧ་པ་གངས་རི་ནས་ཐེན་པའོ་གངས་རིའི་བར་གྱི་ལམ་ཐིག་གི་ཡུལ་དངོས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས། 

རྩོམ་པ་པོ་:拉茸西乐 ཁྱབ་བསྒྲགས་དུས་ཚོད་:2026-10-19 15:30:01
图片

ལུའོ་ཁྲའོ་ཧྥེང་དང་བཅས་པས་ཧ་པ་གངས་རི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཡུལ་དངོས་སུ་སྐྱེ་ཁམས་སྲུང་སྐྱོང་གནས་ཚུལ་ལ་ལྟ་ཞིབ་བྱས། 

 

ཟླ་10པའི་ཚེས་16ཉིན་ནས་ཚེས་17ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཧ་པ་གངས་རི་ནས་ཐེན་པའོ་གངས་རིའི་བར་གྱི་ལམ་ཐིག་གི་ཡུལ་དངོས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་སྐབས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་འཛུགས་པ་དང་ལག་བསྟར་བྱས་ནས། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་སྒྲུབ་སེམས་ཐོག་ནས་བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས། 

བརྟག་ཞིབ་བྱས་སྐབས། ལུའོ་ཁྲའོ་ཧྥེང་དང་བཅས་པས་ཧ་པ་གངས་རི་ནས་ཐེན་པའོ་གངས་རིའི་བར་གྱི་ལམ་ཐིག་གི་ཡུལ་དངོས་སུ་སྐྱེ་ཁམས་སྲུང་སྐྱོང་གི་ད་ཚུལ་དང་རྐང་ཐང་ལམ་ཐིག་ཁོར་ཡུག་དོ་དམ་སྲུང་སྐྱོང་། ལམ་བརྒྱུད་ཀྱི་གད་སྙིགས་གཙང་སེལ་དག་ཐེག་བྱས་ཚུལ་བཅས་ལ་ལྟ་ཞིབ་བྱས་ནས། ཡུལ་དངོས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་ལྟ་སྐུལ་མཛུབ་ཁྲིད་བྱས། 

 
图片

ལུའོ་ཁྲའོ་ཧྥེང་དང་བཅས་པས་ཧ་པ་མཚོ་ནག་གི་རྐང་ཐང་ལམ་བརྒྱུད་དུ་གད་སྙིགས་བསྡུ་ཉར་གཙང་འདྲེན་གནས་ཚུལ་ལ་ལྟ་ཞིབ་བྱས། 


ལུའོ་ཁྲའོ་ཧྥེང་གིས་ཧ་པ་གངས་རི་ནས་ཐེན་པའོ་གངས་རིའི་བར་གྱི་རང་བྱུང་མཛེས་ལྗོངས་ཐུན་མོང་མ་ཡིན་པ་དང་སྐྱེ་ཁམས་ས་ཁོངས་གལ་ཆེན་ཡིན་པས། བདེ་ཆེན་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད་ཅེས་སྟོན། 
ལུའོ་ཁྲའོ་ཧྥེང་གིས་ནན་གསུང་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་“གད་སྙིགས་འཁྱེར་བ་དང་། གད་སྙིགས་གཙང་སེལ་བྱེད་པ། གད་སྙིགས་དབྱུག་མི་ཆོག་དང་སྐྱེ་ཁམས་སྲུང་སྐྱོང་”གི་ཆེད་དོན་བྱ་སྤྱོད་སྤེལ་ནས། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་སྟེ། དཔལ་ཡོན་གྱི་འདུ་ཤེས་དེ་ཕྱི་རོལ་དུ་སྐྱོད་པའི་རང་རྟོགས་བྱ་སྤྱོད་དུ་འགྱུར་དགོས། ཁོར་ཡུག་དོ་དམ་སྲུང་སྐྱོང་གི་འགན་འཁྲི་ནན་དུ་བཏང་སྟེ། ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པས་སྣེ་ཁྲིད་དཔེ་སྟོན་བྱ་རྒྱུར་ཁྲིད་སྟོན་བྱས་ནས། ས་གནས་དེ་གའི་གྲོང་མི་དང་ཕྱོགས་སྟོན་པ། ཕྱི་རོལ་གྱི་གཉེར་སྐྱོང་བྱེད་མཁན་བཅས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་པ་དང་། རང་རྟོགས་ངང་ལམ་བརྒྱུད་ཀྱི་གད་སྙིགས་གཙང་སེལ་ནང་ཞུགས་པ། ལམ་བརྒྱུད་ཀྱི་གད་སྙིགས་རྒྱུན་རྣམ་ཅན་གྱི་བསྡུ་ཉར་གཙང་འདྲེན་དང་ལུས་པའི་གད་སྙིགས་གཙང་སེལ་བཅོས་སྒྲིག་བཅས་ལ་དམ་འཛིན་ཏན་ཏིག་བྱེད་དགོས། ཁྲིམས་ལྟར་ལྟ་སྐུལ་དོ་དམ་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས། གང་བྱུང་དུ་གད་སྙིགས་དབྱུག་པ་དང་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་དེ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་མཐའ་གཅིག་ཏུ་གཅོད་དགོས། སྐྱེ་ཁམས་ལ་གནོད་འཚེ་བཟོ་པར་དུས་གཅིག་ཏུ་སྐྱེ་ཁམས་སླར་གསོ་དང་གནོད་འཚེའི་གུན་གསབ་སོགས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་སྲུང་ནས་ཁྲིམས་སྐྱོང་གི་བླང་བྱ་དེ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་ཡུལ་དངོས་དང་པོར་དོན་འཁྱོལ་ཏན་ཏིག་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ནགས་དཔོན་ལམ་ལུགས་ཀྱི་ལས་འགན་ཁག་དོན་འཁྱོལ་ནན་པོ་བྱས་ནས། རྒྱུན་རྣམ་ཅན་གྱི་ནགས་ཚལ་སྐོར་ཞིབ་དང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་དགོས། ནགས་ཚལ་གྱི་མེ་ཟོན་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་འཛུགས་པ་དང་། མེ་ནགས་ཚལ་དུ་འཁྱེར་མི་ཆོག་པའི་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། དྲིལ་བསྒྲགས་ཁྲིད་སྟོན་བཅས་ལ་དམ་འཛིན་ནན་པོ་བྱས་ཏེ། ནགས་ཚལ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་བརྟན་པོ་སྲུང་བ་བཅས་བྱས་ནས་རྩ་ཆེའི་ནགས་ཚལ་ཐོན་ཁུངས་མུ་མཐུད་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས། 
ཧོང་ལུང་ཤིན་དང་། མ་མུའུ། ལི་ཐའོ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་བརྟག་ཞིབ་ནང་ཞུགས།

འགན་འཁུར་རྩོམ་སྒྲིག་པ།:达瓦只玛

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཧྭ་པ་གྲོང་ཚོར་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཚན་རིག་དང་མཐུན་པའི་སྒོས་འཆར་འགོད་སྣེ་ཁྲིད་དུ་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རིམ་སྤར་མྱུར་དུ་བཏང་ནས་ཡུལ་སྐོར་ཐོན་ལས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་དགོས།

ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཆེད་དོན་ཚོགས་འདུ་ཐེངས་21པ་གཙོ་སྐྱོང་གནང་ནས་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ལོ་ཆུང་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་འཐུས་མི་དང་མཇལ་འཛོམས་གནང་ནས་རྒྱ་ཆེའི་ལོ་ཆུང་ཚོས་ཏང་གཅེས་རྒྱལ་གཅེས་དང་ཕ་ཡུལ་ལ་དགའ་ཞེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལྡན་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ལན་སྤྲོད།

ཁུལ་ཨུས་ཚོགས་འདུ་འཚོགས་ནས་ཏན་སྤྲེའུ་སྤུ་སེར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་ལས་རྣམ་བཀོད་སྒྲིག་གི་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་གསན་པ་རེད།

ཁྱེད་ཀྱིས་ཚགས་ཤ་དང་། ཕག་ཤ བྱ་ཤ་སོགས་འཁྲུད་སྟངས་འགྲིག་འདུག་གམ།

མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལག་ལེན་དངོས་དང་འགན་འཁྲི་འཁུར་བ། —— བདེ་ཆེན་ཁུལ་གྱི་རིམ་པ་ཁག་གི་སྡེ་ཁག་གིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ།

ལི་ཡན་ལན་འབྲེལ་གཏུག་ཤང་གྲོང་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་འཇུག་སྒོ་དང་ཟུང་འབྲེལ་བྱེད་ས་གནད་ལ་འཁེལ་བར་བཙལ་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ལི་ཡན་ལན་གྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com