中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་12པ་དང་“བདེ་ཆེན་སློབ་ཁང་ཆེན་མོ·འཆད་ཁྲིད་ཐེངས་5པ”སྤེལ། 

རྩོམ་པ་པོ་:何帝龙 陈杰 实习记者:高粒堡 ཁྱབ་བསྒྲགས་དུས་ཚོད་:2026-10-20 15:00:58

 

ཟླ་10པའི་ཚེས་19ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་12པ་དང་“བདེ་ཆེན་སློབ་ཁང་ཆེན་མོ·འཆད་ཁྲིད་ཐེངས་5པ”སྤེལ། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཞིང་། ཏང་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་བཀོད་སྒྲིག་ཐབས་ཇུས་དང་ཞིང་ཨུའི་ལས་དོན་བླང་བྱ། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་ཡག་པོ་བྱས་ཏེ། རྒྱུན་མཐུད་ངང་གྲོང་རྡལ་ལས་དོན་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་ནས། རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་བྱས་པར་གཙོ་བོ་འཛིན་ཏེ། འབད་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལེའུ་གསར་པ་གཏོད་དགོས།  

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་སློབ་སྦྱོང་ནང་ཞུགས།

སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་སྐྱེ་ཁམས་དང་སྐྱེད་ཚལ་ལས་གྲྭའི་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ཝུན་ཕིང་གིས་“ཀྲུང་དབྱང་གྲོང་ཁྱེར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་ཏེ་མ་དངུལ་རེ་ཞུ་ཡིས་གྲོང་ཁྱེར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར”བརྗོད་དོན་གཙོ་བོ་འཛིན་ནས་ཆེད་དོན་སློབ་ཁྲིད་བྱས། 

གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་ཏེ། ཧུར་བརྩོན་ངང་སློབ་སྦྱོང་གི་གྲུབ་འབྲས་དེ་ཁུལ་ཡོངས་ཀྱི་གྲོང་རྡལ་འཕེལ་རྒྱས་ཡོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་ནས། རྒྱུན་མཐུད་ངང་གྲོང་རྡལ་ལས་དོན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། 

གྲོས་ཚོགས་ཐོག་ནན་གསུང་གནང་དོན། གྲོང་རྡལ་ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པར་ཤུགས་སྣོན་རྒྱགས་ནས། གོ་སྐབས་དམ་འཛིན་བྱས་པ་དང་ཡིད་ཆེད་བརྟན་དུ་གཏོང་སྟེ། གཟེར་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས་རྒྱུན་མཐུད་ངང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ཁུལ་ཨུའི་གྲོང་རྡལ་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པར་དམ་འཛིན་བྱས་ནས། ཁུལ་ཡོངས་གྲོང་རྡལ་ཅན་གྱིས་བདེ་ཆེན་དེང་རབས་ཅན་གྱི་འཛུགས་སྐྲུན་བྱས་པར་སྐུལ་འདེད་གཏོང་དགོས། གྲོང་རྡལ་གྱི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་ལས་དོན་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་ནས། “ས་འགུལ་ལ་ངེས་པར་དུ་འཆར་འགོད་དང་ས་འགུལ་ལ་ངེས་པར་དུ་ཞིབ་མཆན་འགོད་དགོས་པ”མཐའ་འཁྱོངས་བྱས་ཏེ།  འཆར་འགོད་ཀྱི་བཙན་ཞིང་ནན་པའི་གཅུན་འདོམས་དང་ས་ཞིང་དོ་དམ་ལ་དམ་འཛིན་ནན་པོ་བྱས་ནས།  རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱིའི་འཆར་འགོད་ཀྱི་མཛུབ་ཁྲིད་གཅུན་འདོམས་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།  ས་ཁོངས་མཉམ་འགུལ་འཕེལ་རྒྱས་དང་། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས།  གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་སོགས་ཀྱི་ཐད་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། རྫོང་མཁར་གཞི་རྟེན་གཙོ་བོར་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་དོ་དམ་ཚོད་འཛིན་ཡག་པོ་བྱེད་པ་དང་། བེད་མེད་ས་ཆ་དང་ཐོག་ཁང་སོགས་ཐོན་ཁུངས་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱས་ཏེ།  “སྦགས་བཙོག་གཉིས”དང་སྒེར་བཙུགས་གང་བྱུང་དུ་སྐྲུན་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱུན་མཐུད་ངང་གྲོང་ཁྱེར་དང་གྲོང་རྡལ་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས། “དྲ་བ་དྲུག”གི་སྲིད་ཇུས་གོ་སྐབས་དམ་འཛིན་བྱས་ཏེ་མང་ཚོགས་ཀྱི་སྡོད་གནས་དང་། ལས་ཞུགས། ཞབས་ཞུ། ཕྱིར་སྐྱོད་སོགས་ཀྱི་དགོས་མཁོ་སྐོང་བར་དམིགས་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ནུས་པ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་རྒྱུ་སྣེ་ཁྲིད་དུ་བྱས་ཏེ། ཁུལ་ཡོངས་ཀྱི་གྲོང་ཁྱེར་གྱི་སྤུས་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། རླངས་འཁོར་འཇོག་དཀའ་བ་སོགས་ཀྱི་“གནད་དོན་ཆུང་ངུ་”ཐག་གཅོད་བྱ་རྒྱུར་དོ་སྣང་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་སྡོད་དང་ལས་གཉེར་ལ་དེ་བས་འཚམ་པ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། 

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ཐོག་མཐའ་བར་གསུམ་ཏུ་ཏང་གི་འགོ་ཁྲིད་དེ་གྲོང་རྡལ་ལས་དོན་གྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཡོངས་སུ་ཁྱབ་སྟེ། ནུས་ལྡན་ངང་ཕྱོགས་ཁག་གི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་དགོས། ལས་དོན་གྱི་འགན་འཁྲི་ནན་དུ་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ཞིང་ཆེན་དང་ཁུལ་གྱི་ལས་ཀའི་བླང་བྱ་དེ་ཞིབ་ཕྲའི་བྱ་སྤྱོད་དུ་འགྱུར་བར་སྐུལ་འདེད་གཏོང་སྟེ།གོང་འོག་མཉམ་འགུལ་དང་མཐུན་སྦྱོར་གཞོགས་འདེགས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། མཉམ་དུ་དམ་འཛིན་དང་དོ་དམ་བྱས་པའི་སྟོབས་ཤུགས་ཤིག་ཆགས་བཅུག་དགོས། གྲོང་ཁྱེར་དང་གྲོང་རྡལ་ལ་རྒྱུས་མངའ་ཡོད་པ་དང་། དོ་དམ་བྱེད་ཤེས་པ། བརྩེ་སེམས་ལྡན་པ་བཅས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གང་མགྱོགས་བཏོད་དེ། རང་ཁུལ་གྱིས་མི་གཙོ་བོར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས། 

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་ཁོངས་མི་དང་འབྲེལ་ཡོད་ཁུལ་གྱི་འགོ་ཁྲིད། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སློབ་སྦྱོང་ནང་ཞུགས། གྲོས་ཚོགས་ཀྱིས་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་(གྲོང་ཁྱེར)གསུམ་དང་སེམས་ཀྱི་ཉི་ཟླ་ཐོན་ལས་གླིང་ཁུལ་དུ་འཚོགས། 


འགན་འཁུར་རྩོམ་སྒྲིག་པ།:达瓦只玛

  • བདེ་ཆེན་གསར་འགྱུར།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་12པ་དང་“བདེ་ཆེན་སློབ་ཁང་ཆེན་མོ·འཆད་ཁྲིད་ཐེངས་5པ”སྤེལ། 

ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་97པ་འཚོགས།

ལི་ཡན་ལན་གྱིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་པ།

སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་2པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཧྭ་པ་གྲོང་ཚོར་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཚན་རིག་དང་མཐུན་པའི་སྒོས་འཆར་འགོད་སྣེ་ཁྲིད་དུ་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རིམ་སྤར་མྱུར་དུ་བཏང་ནས་ཡུལ་སྐོར་ཐོན་ལས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་དགོས།

ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཆེད་དོན་ཚོགས་འདུ་ཐེངས་21པ་གཙོ་སྐྱོང་གནང་ནས་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ལོ་ཆུང་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་འཐུས་མི་དང་མཇལ་འཛོམས་གནང་ནས་རྒྱ་ཆེའི་ལོ་ཆུང་ཚོས་ཏང་གཅེས་རྒྱལ་གཅེས་དང་ཕ་ཡུལ་ལ་དགའ་ཞེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལྡན་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ལན་སྤྲོད།

ཁུལ་ཨུས་ཚོགས་འདུ་འཚོགས་ནས་ཏན་སྤྲེའུ་སྤུ་སེར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་ལས་རྣམ་བཀོད་སྒྲིག་གི་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་གསན་པ་རེད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com