中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དུ་ཕེབས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད་སློབ་གླིང་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་ཀར་བརྟག་ཞིབ་གནང་།

ཁྱབ་བསྒྲགས་དུས་ཚོད་:2026-10-20 15:13:18 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་གི་སློབ་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ་སློབ་སྦྱོང་དང་ལག་ལེན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་།

 

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་19ཉིན།  ཁུལ་ཨུའི་ཧྲུའུ་ཅི། སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་གི་སྒྲིག་ཁོངས་སུ་མེད་པའི་སློབ་གྲྭའི་འགོ་འཛིན་ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དུ་ཕེབས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད་སློབ་གླིང་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་ཀར་བརྟག་ཞིབ་གནང་།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་བརྟག་ཞིབ་ནང་ཞུགས།

图片

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་གི་དགེ་སློབ་རྣམས་ལ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་།

    སྒྲོག་འགྲེལ་བྱེད་རིང་། ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སློབ་གསོ་སློབ་ཁྲིད་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་།ཁོང་གིས་བསྟན་དོན། འདས་ཟིན་པའི་ལོ་ལྔར། བདེ་ཆེན་གྱི་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་འཚོ་འགན་ལེན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། ཏང་འཛུགས་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དེ་ཁུལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་གཅིག་པུ་ཡིན་པའི་ཆ་ནས་སྒོ་བྱང་བཀལ་བ་དང་སློབ་གཉེར་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།རྒྱ་ཆེ་བའི་དགེ་སློབ་ཚོས་རང་ཉིད་ཀྱི་ཉམས་མྱོང་དང་ཉེ་འགྲམ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཟུང་འབྲེལ་བྱས་ནས་ཀྲུང་གོའི་གུང་ཁྲན་ཏང་གི་རླབས་ཆེན་ལ་ཤེས་རྟོགས་གཏིང་ཟབ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་འཕགས་རང་བཞིན་ལ་ཤེས་རྟོགས་གཏིང་ཟབ་བྱས་ནས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཏང་གི་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བའི་རེ་བ་བཏོན། 

    ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན།  ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་མ་འོངས་པའི་ལོ་ལྔའི་གཙོ་གནད་ལས་ཀ་ལ་བཀོད་སྒྲིག་བྱས་ཡོད་པ་དང་།  “གཏན་འཁེལ་བཞིའི་”ཐོག་ཕར་རྒོལ་རང་བཞིན་གྱི་འཕེལ་རྒྱས་བྱུང་དགོས་པར་གསལ་པོ་བཏོན་ཡོད།  སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་གིས་སློབ་གཉེར་གྱི་དོན་དངོས་ལ་ཟུང་འབྲེལ་བྱེད་དེ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཐད་བྱས་རྗེས་འཇོག་ཐུབ་པ་བྱེད་དེ་རང་རྟོགས་ངང་བརྟན་ལྷིང་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། “བརྒྱད་ལྟ་ལྔ་བསྡུར་”བྱེད་སྒོ་དང་བསམ་བློ་ཆབ་སྲིད་སློབ་ཚན་སོགས་ལ་བརྟེན་ནས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་རྣམས་ལ་དར་ཆ་གསལ་པོས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་སྲུང་མཐའ་གཅིག་ཏུ་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཐད་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་དེ་སློབ་ཁང་གི་སློབ་ཁྲིད་དང་སྤྱི་ཚོགས་ལག་ལེན།  སློབ་གྲྭའི་དོ་དམ་བཅས་གོ་རིམ་ཧྲིལ་པོར་ཁྱབ་སྟེ་མི་རིགས་ཁག་གི་སློབ་མས་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས།  བདེ་ཆེན་གྱི་ཐོན་ལས་ཕྱོགས་བསྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་འདོན་སྤེལ་བྱེད་དེ་བདེ་ཆེན་གྱི་“4+2+N”ཞེས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་དང་རང་ས་གནས་ཀྱི་ཁེ་ལས་ཀྱི་ཤེས་ལྡན་མི་སྣ་དགོས་མཁོ།  སློབ་མ་ལས་ཞུགས་ལས་གཏོད་ཀྱི་དོན་དངོས་ལ་དམིགས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཀྱི་ལེའུ་ཏན་ཏིག་གཏོད་དགོས།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་བྱས་རྗེས་ཧུར་ཐག་འཇོག་སྟེ་“རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་”ཅེས་པའི་འདུ་ཤེས་ལག་ལེན་བསྟར་བ་དང་རང་ཁུལ་གྱིས་ནགས་འོག་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་རྩལ་ནུས་མི་སྣ་དེ་བས་མང་པོ་གསོ་སྐྱོང་བྱེད་དགོས།  སློབ་གླིང་གིས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་སྟེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་སྲིད་གཞུང་གི་སློབ་གསོ་ལས་དོན་སྐོར་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐའ་ཕྱིན་ནན་ཏན་བྱེད་པ་དང་།  ཏང་ཨུའི་འགོ་ཁྲིད་འོག་གི་སློབ་གྲྭའི་འགོ་འཛིན་གྱི་འགན་འཁྲི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་སྟེ་ཕྱོགས་ཡོངས་ནས་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ནས་སློབ་གྲྭར་སྲོལ་བཟང་སྤྱོད་བཟང་དེ་བས་རྒྱས་སུ་བཅུག་པ་དང་མི་གསོ་སྐྱོང་བྱེད་པའི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་དུ་བཅུག་དགོས། 

    ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། སློབ་གླིང་གིས་ཁུལ་ཡོངས་ཀྱི་ལས་རིགས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཏན་ཏིག་འཁུར་དགོས་པ་དང་། སྒོ་འབྱེད་དེ་སློབ་གྲྭ་འཛུགས་སྐྱོང་དང་། རང་རྟོགས་ངང་བསམ་བློ་གཏོང་བ་དང་ཏན་ཏིག་ངང་སྒྲུབ་པ། ཕན་འབྲས་ལ་ལྟ་བ་རྒྱུན་འཁྱོངས་བྱེད་དགོས།  དགེ་རྒན་ཡོངས་ཀྱིས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ཀྱི་བྱ་སྤྱོད་ཀྱི་གནས་ཚད་དག་བཅོས་བྱས་ཏེ་ཕུགས་འདུན་དད་སེམས་དང་། ཀུན་སྤྱོད་ཀྱི་བསམ་བློ། ཤེས་བྱ་ཕུན་སུམ་ཚོགས་པ། བྱམས་བརྩེའི་བསམ་པ་བཅས་ལྡན་པའི་སློབ་གསོའི་ལས་དོན་པ་ཞིག་བྱེད་དགོས། སློབ་གསོ་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་སློབ་གླིང་སློབ་གཉེར་ལ་རྒྱབ་སྐྱོར་བྱེད་དགོས།  སློབ་མ་ཡོངས་ཀྱིས་སློབ་གྲྭར་ཡོད་པའི་དུས་ཚོད་གཅེས་འཛིན་བྱེད་དེ་ལས་རིགས་ཀྱི་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣར་འགྱུར་བར་འབད་དགོས།

 
图片

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་གི་གསོ་རིག་ལུས་གསོ་ལག་ལེན་ལྟེ་གནས་སུ་སློབ་གསོ་སློབ་ཁྲིད་དང་སྦྱོང་བརྡར་དངོས་སྤེལ་བའི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ།

    སྒྲོག་འགྲེལ་མ་སྤེལ་སྔོན་ལ། ལུའོ་ཁྲའོ་ཧྥེང་སྔ་རྗེས་སུ་སློབ་གླིང་གི་ཕྱོགས་བསྡུས་མི་གསོ་སྐྱོང་ལྟེ་གནས་དང་། མཐོ་རིམ་ལས་རིགས་སློབ་གསོ་དང་དངོས་གཞིའི་ཚན་ཁག་གཏད་འབིགས་ཀྱི་མི་རིགས་འཁྲབ་སྟོན་སྒྱུ་རྩལ་སྦྱོང་བརྡར་རྟེན་གཞི། ལྗང་མདོག་བཟའ་བཅའ་ལས་སྣོན་ཆེད་ལས་ཀྱི་སློབ་གྲྭའི་ནང་གི་བཟོ་གྲྭ་རྟེན་གཞི་བཅས་སུ་ཕེབས་ནས་དགེ་སློབ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་། སློབ་གླིང་གི་སློབ་ཚན་དང་ཆེད་ལས་བཀོད་སྒྲིག་དང་སྦྱོང་བརྡར་ལས་སྟེགས་འཁོར་སྐྱོད། ལག་ལེན་སློབ་ཁྲིད་སྒྲིག་འཛུགས།  སློབ་གྲྭ་དང་ཁེ་ལས་བར་གྱི་མཉམ་ལས་སྐུལ་སྤེལ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཚགས་གནང་བ་རེད།

    ལུའུ་ཀྲི་ཅུན་དང་མ་མུའུ། ཡུས་ཀུའེ་ཧྥུན་བཅས་བརྟག་ཞིབ་ནང་ཞུགས། 

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དུ་ཕེབས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད་སློབ་གླིང་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་ཀར་བརྟག་ཞིབ་གནང་།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་12པ་དང་“བདེ་ཆེན་སློབ་ཁང་ཆེན་མོ·འཆད་ཁྲིད་ཐེངས་5པ”སྤེལ། 

ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་97པ་འཚོགས།

ལི་ཡན་ལན་གྱིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་པ།

སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་2པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཧྭ་པ་གྲོང་ཚོར་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཚན་རིག་དང་མཐུན་པའི་སྒོས་འཆར་འགོད་སྣེ་ཁྲིད་དུ་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རིམ་སྤར་མྱུར་དུ་བཏང་ནས་ཡུལ་སྐོར་ཐོན་ལས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་དགོས།

ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཆེད་དོན་ཚོགས་འདུ་ཐེངས་21པ་གཙོ་སྐྱོང་གནང་ནས་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ལོ་ཆུང་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་འཐུས་མི་དང་མཇལ་འཛོམས་གནང་ནས་རྒྱ་ཆེའི་ལོ་ཆུང་ཚོས་ཏང་གཅེས་རྒྱལ་གཅེས་དང་ཕ་ཡུལ་ལ་དགའ་ཞེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལྡན་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ལན་སྤྲོད།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com