ཁུལ་ཡོངས་ཀྱི་“ཁྲི་སྟོང་ལས་གྲྭའི་”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་དེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་དང་བདེ་ཐང་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་“ཡུན་ནན་དུ་བྱེས་སུ་སྡོད་པ་”འཕེལ་རྒྱས་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་19ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་འཚབ་ཁུལ་དཔོན་ལི་ཡན་ལན་གྱིས་མངགས་བཅོལ་ལྟར། ཁུལ་ཨུའི་རྒྱུན་ཨུ།ཁུལ་སྲིད་གཞུང་གི་རྒྱུན་ལས་དཔུལ་དཔོན་གཞོན་པ་དབྱང་ཞུའེ་ཝུན་གྱིས་ཁུལ་ཡོངས་ཀྱི་“ཁྲི་སྟོང་ལས་གྲྭའི་”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་དེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་དང་བདེ་ཐང་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་“ཡུན་ནན་དུ་བྱེས་སུ་སྡོད་པ་”འཕེལ་རྒྱས་ལས་ཀའི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། དུས་འགོའི་ལས་ཀ་ལ་ཕྱོགས་བསྡོམས་བྱས་ལ་མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།
ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་དཔོན་གཞོན་པ་ལི་ཐའོ་ཡིས་ལས་ཀའི་བླང་བྱ་བཏོན།
ཚོགས་འདུའི་ཐོག ཁུལ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་དང་ཁུལ་རིག་གནས་དང་ཡུལ་སྐོར་ཅུས། ཁུལ་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་འགན་འཁུར་མི་སྣས་གནས་ཚུལ་སྙན་སེང་སོ་སོར་ཞུས་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་། འབའ་ལུང་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་སྤེལ་རེས་གཏམ་བཤད་བྱས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་སྤུས་འདེགས་རིམ་སྤར་དམ་འཛིན་ཏན་ཏིག་བྱེད་པར་འཆར་འགོད་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། རྒྱུན་མཐུད་ངང་གྲོང་ཚོའི་འཆར་འགོད་འགུལ་རྣམ་དོ་དམ་ལེགས་སུ་གཏོང་བ། ཉམས་འགྱུར་དོ་དམ་ཚོད་འཛིན་ཚད་ལྡན་ནན་པོ་བཅས་བྱེད་དགོས་པ་དང་། ཞན་ཆ་འགག་སྒྲོལ་ལ་དོ་གནད་བྱེད་དེ་ཁྱིམ་ཚང་གི་གསང་སྤྱོད་སྒྱུར་བཀོད་དང་གནད་དོན་ཡོད་པའི་གསང་སྤྱོད་དག་ཐེར་ལེགས་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་བཙོག་ཆུ་དང་གད་སྙིགས་གཙང་སེལ་གྱི་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། དཔེ་སྟོན་སྤུས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ་དེ“ཚེག་དབྱིབས་དཔེ་སྟོན”ནས་“མུ་འབྲེལ་སྤུས་འདེགས་“སུ་བསྒྱུར་དགོས། གྲོང་གསེབ་གྱི་དྭངས་གཙང་སྲོལ་ཡིག་བེད་སྤྱོད་ཡག་པོ་བྱས་ནས་འཁོར་སྐྱོད་དང་དོ་དམ་སྲུང་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། “ཐེ་ཞུགས་སྣང་ཆུང་དང་། བསྒྱུར་བཀོད་ཕྲན་པ། ཕྲ་ཞིང་ཞིབ་པའི་སྒོས་སྤུས་འདེགས་”མཐའ་འཁྱོངས་བྱས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་ས་ཁུལ་གྱི་ཁྱད་ཆོས་ལྡན་ལ་ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་རྡུང་བཟོ་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བདེ་ཐང་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གཏིང་ཟབ་དང་ཏན་ཏིག་སྐུལ་འདེད་གཏོང་བར་རྒྱུན་མཐུད་ངང་རེས་སྐོར་གསུམ་པའི་རྒྱལ་གཅེས་འཕྲོད་བསྟེན་གྱི“ཆེད་དམིགས་བྱ་སྤྱོད7”གཏིང་ཟབ་ཏུ་བཏང་ནས་དཔྱད་ཞིབ་དམིགས་ཚད་དང་གསར་འཛུགས་ཚད་གཞི་ལ་དཔེ་བསྡུར་བྱེད་དེ་ཆད་སྐྱོན་དང་ཞན་ཆ་དོན་ཚན་རེ་རེ་བཞིན་གསེད་བཀྲོལ་བྱེད་པ་དང་ཟུམ་གདུབ་དག་ཐེར་ཡོ་བསྲང་བྱེད་དགོས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་གྱི་རྒྱལ་ཡོངས་བདེ་ཐང་གྲོང་ཁྱེར་དང་གྲོང་རྡལ་དུ་སྐྱེད་སྲིང་དང་གསར་འཛུགས་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་རྒྱུན་རྣམ་ཅན་དང་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་ལ་བརྟེན་ནས་བདེ་ཐང་ཁོར་ཡུག་དང་། བདེ་ཐང་ཞབས་ཞུ། བདེ་ཐང་འགན་ལེན། བདེ་ཐང་བཅོས་སྐྱོང་བཅས་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་རུ་འདེགས་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བདེ་ཆེན་དུ་བྱེས་སུ་སྡོད་པའི་ཁྱད་ལྡན་མིང་རྟགས་སྟོབས་ཆེར་གཏོང་བར་ཐབས་སྒྱུར་གོང་འཕེལ་དང་ཁྱད་པར་ཅན་གྱི་བཀོད་པ་མཐའ་འཁྱོངས་བྱེད་པ་དང་། ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་ཏེ་གྲོང་ཚོ་རེར་ཐོན་རྫས་རེ་དང་ལྗོངས་ཁུལ་རེ་ལ་ཁྱད་ཆོས་རེ་ལྡན་པའི་དཔེ་གཞི་རྣམ་གྲངས་གཏོད་པ། རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་དབྱིངས་ཞུགས་རྣམ་པའི་བྱེས་སུ་སྡོད་པའི་ཉམས་ལེན་རྡུང་བཟོ་བྱེད་དགོས་པ་དང་། འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་དམིགས་ནས་ཡུན་རིང་བཅའ་སྡོད་དང་། ཉམས་ལེན་གཏིང་ཟབ་པ། ལུས་གསོས་ལྷོད་བག་འཚོ་བ་བྱེས་སུ་སྡོད་པ་བཅས་ཀྱི་ལས་རྣམ་གཙོ་གནད་ཐོག་སྐྱེད་སྲིང་བྱས་ཏེ་རྒྱུན་མཐུད་ངང་ལྷན་སྦྱར་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་དགོས། དམངས་ཕྱུག་དམངས་ཕན་གྱི་ཁྲིད་སྟོན་བརྟན་སྲུང་དང་། ཕྱོགས་མང་ཀུན་ཕན་གྱི་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་སྟེ་མང་ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་སྣ་མང་སྒོས་ཞུགས་རྒྱུར་སྐུལ་མ་བཏང་ནས། སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པོར་འགྱུར་བ་བཅས་མངོན་འགྱུར་བྱེད་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གཅིག་འགྱུར་འཆར་འགོད་ཀྱིས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་ལས་དོན་གསུམ་གཞི་གཅིག་ཏུ་ཇུས་འགོད་དང་། གཞི་གཅིག་ཏུ་སྐུལ་འདེད། གཞི་གཅིག་ཏུ་ཕན་འབྲས་ཐོན་པ་བཅས་བྱེད་དེ་ལས་དོན་གྱི་ཕན་འབྲས་དེ་དམངས་འཚོ་ལེགས་བཅོས་དང་ཐོན་ལས་འཕེལ་རྒྱས་ཐད་མཚོན་པ་བྱེད་དགོས། རྩ་ལག་མཉམ་བཅོས་མཐའ་འཁྱོངས་དང་དཔྱད་ཞིབ་དམིགས་ཚད་ལ་ཞིབ་བསྡུར་བྱེད་དེ་ལས་འགན་ཀྱི་ཞིབ་ཐོ་གསེད་བཀྲོལ་བྱེད་པ་དང་རྣམ་གྲངས་རེ་རེ་བཞིན་རྩིས་ཁྲ་བསྡུར་འཛིན་དང་མེད་པར་བཟོ་བ། གཅིག་སྡུད་བཅོས་སྒྲིག་དམ་འཛིན་ཏན་ཏིག་དང་། རྣམ་གྲངས་ཇུས་འགོད་གསོག་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཡུན་ཕན་ལམ་སྲོལ་འཛུགས་པ་དང་། ལྟ་སྐུལ་མཛུབ་ཁྲིད་དང་ཕན་འབྲས་འདྲི་བ་ནན་པོ་བྱས་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལས་འགན་ཁག་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་གཏོང་དགོས།
ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་མི་སྣ་ཚོགས་འདུར་ཞུགས། ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་(གྲོང་ཁྱེར་)གསུམ་དུ་འཚོགས།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
ཁུལ་ཡོངས་ཀྱི་“ཁྲི་སྟོང་ལས་གྲྭའི་”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་དེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་དང་བདེ་ཐང་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་“ཡུན་ནན་དུ་བྱེས་སུ་སྡོད་པ་”འཕེལ་རྒྱས་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས།
ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དུ་ཕེབས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད་སློབ་གླིང་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་ཀར་བརྟག་ཞིབ་གནང་།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་12པ་དང་“བདེ་ཆེན་སློབ་ཁང་ཆེན་མོ·འཆད་ཁྲིད་ཐེངས་5པ”སྤེལ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་97པ་འཚོགས།
ལི་ཡན་ལན་གྱིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་པ།
སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་2པ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཧྭ་པ་གྲོང་ཚོར་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཚན་རིག་དང་མཐུན་པའི་སྒོས་འཆར་འགོད་སྣེ་ཁྲིད་དུ་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རིམ་སྤར་མྱུར་དུ་བཏང་ནས་ཡུལ་སྐོར་ཐོན་ལས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་དགོས།
ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཆེད་དོན་ཚོགས་འདུ་ཐེངས་21པ་གཙོ་སྐྱོང་གནང་ནས་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108