སྐྱེ་ཁམས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་དཔལ་ཡོན་གྱི་ཚད་གཞི་སེམས་ནང་འཇུག
བདེ་ཆེན་ནི་ཡུན་ནན་གྱི་ནུབ་བྱང་ཕྱོགས་སུ་གནས་པ་དང་། རི་བོ་མུ་འབྲེལ་ནས་ཆགས་པ་དང་གཙང་ཆུ་ལང་ལུང་དུ་རྒྱུག་པ། འདི་གའི་རི་ཀླུང་ཀུན་དུ་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་གཏོང་བའི་འགན་འཁྲི་ཐེག་ཡོད་ལ། ཡུལ་སྐོར་བ་ཁྲི་སྟོང་མང་པོས་“སེམས་ནང་གི་སེམས་ཀྱི་ཉི་ཟླར་”སྐྱོད་པའི་མཛེས་སྡུག་ལྡན་པའི་འདུན་པ་ཡང་སྦས་ཡོད།
སྔ་ནས་ད་བར་དུ་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དམིགས་སུ་བཀར་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་གནས་ངེས་གཞི་རྩར་འཛིན་པ་དང་། རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱ་རྒྱུ་དེ་བདེ་ཆེན་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་ཤོས་དང་འགྲན་རྩོད་ནུས་པ་གཙོ་བོར་བྱས། ཚུལ་མཐུན་ཡུལ་སྐོར་ནི་གཏིང་ཤུགས་འདི་ཏང་ཨུ་དང་སྲིད་གཞུང་གིས་དར་སྤེལ་གཏོང་བ་དང་མང་ཚོགས་ཀྱིས་སྲུང་སྐྱོང་བྱེད་པ་དེ་བདེ་ཆེན་དུ་ཡུལ་སྐོར་ཡོང་མཁན་ཚང་མའི་སེམས་ནང་གི་འབྲེལ་ཐག་གནད་འགག་ཏུ་རྒྱུན་བསྲིང་བྱས་པ་དེ་ཡིན།
ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་བར་སྐྱེ་ཁམས་སྲུང་སྐྱོང་ནི་ངེས་པར་དུ་ལན་འདེབས་དགོས་པའི་ངེས་འདེབས་འདྲི་གཞི་ཡིན། སྐྱེ་ཁམས་ནི་བདེ་ཆེན་གྱི་ཁྱིམ་གཞིས་རྩ་ཆེ་ཤོས་དང་མཐིལ་མདོག་མངོན་གསལ་ཆེ་ཤོས་ཡིན། རི་སྔོན་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་བྱ་སྤྱོད་དངོས་ཡིན་པ་དང་། སྐྱེ་ཁམས་དམིགས་སུ་བཀར་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་ལ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་གཏོང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལྷུ་ཚིགས་གལ་ཆེན་ཡང་ཡིན། ང་ཚོས་སྐྱེ་ཁམས་སྲུང་སྐྱོང་དར་སྤེལ་གཏོང་རྒྱུ་དེ་ཡུལ་སྐོར་བ་ཕྱོགས་ཐོན་གྱི་བརྒྱུད་རིམ་ཡོངས་སུ་མཉམ་འདྲེས་བྱེད་དེ། ཤན་འགོ་ཕན་སྐྱེད་ཀྱི་སྣང་ཚུལ་ལ་བརྟེན་ནས་སྐྱེ་ཁམས་ཀྱི་ངོས་འཛིན་གཅིག་མཐུན་བརྒྱུད་སྤྲོད་བྱེད་དགོས། རང་བྱུང་ལ་བརྩི་བཀུར་དང་རང་བྱུང་དང་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་ཏང་ཨུ་དང་སྲིད་གཞུང་གིས་དར་སྤེལ་གཏོང་བ་དང་མང་ཚོགས་ཀྱིས་སྲུང་སྐྱོང་བྱེད་པ་ནས་བདེ་ཆེན་དུ་ཡུལ་སྐོར་ཡོང་མཁན་ཚང་མའི་ཐུན་མོང་གི་རང་རྟོགས་སུ་རྒྱུན་བསྲིང་བྱས་ན་ཆབ་སྲིད་ཀྱི་འགན་འཁྲི་གཞི་ནས་དམངས་ཡོངས་སྲུང་སྐྱོང་གི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་ཐུབ།
ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དེ་རི་སྔོན་ཆུ་དྭངས་དང་གསེར་རི་དངུལ་རི་ཕན་ཚུན་སྤེལ་ཟླ་བྱེད་དུ་བཅུག སྐྱེ་ཁམས་ནི་ཡུལ་སྐོར་གྱི་རྨང་གཞི་ཡིན་པ་དང་ཡུལ་སྐོར་ནི་སྐྱེ་ཁམས་ཀྱི་གཤོག་པ་ཡིན། བདེ་ཆེན་ལ་མཚོན་ན། སྐྱེ་ཁམས་ཀྱི་ལེགས་ཆ་ནི་འཕེལ་རྒྱས་ཀྱི་ལེགས་ཆ་ཡིན་ལ། སྐྱེ་ཁམས་ཀྱི་རིན་ཐང་ནི་དཔལ་འབྱོར་གྱི་རིན་ཐང་ཡིན། ཡུལ་སྐོར་ཇི་ཙམ་འཕེལ་རྒྱས་བཏང་ན་སྐྱེ་ཁམས་དེ་ཙམ་གྱིས་སྲུང་སྐྱོང་བྱེད་དགོས། ཡུལ་སྐོར་བའི་དགའ་བསུ་ཇི་ཙམ་ཐོབ་ན་དེ་ཙམ་གྱིས་ཤེས་དཔལ་གྱི་བྱིན་རླབས་དགོས། ཚུལ་མཐུན་ཡུལ་སྐོར་ནི་བྱ་བ་ཆུང་ངུ་ཞིག་མ་ཡིན་པར། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་བྱ་བ་གལ་ཆེན་ཞིག་ཡིན། དེ་ནི་རི་སྔོན་ཆུ་དྭངས་དེ་གསེར་རི་དངུལ་རིའི་ཕྱོགས་སུ་འགྱུར་བ་དང་། སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་མཆོང་སྐྱོད་བྱེད་པའི་བགྲོད་ལམ་འགག་རྩ་ཞིག་ཡིན། འགྱུར་ལྡོག་དེ་ཡུལ་སྐོར་ཞབས་ཞུའི་སྦྲེལ་ལམ་ཧྲིལ་པོའི་མ་ལག་ནང་ཁྱབ་ཡོད་དེ། ང་ཚོས་རིག་གནས་ཡུལ་སྐོར་ལས་གཉེར་མི་སྣ་དང་། ས་གནས་དེ་གའི་གཉེར་སྐྱོང་བྱེད་མཁན། དང་བླངས་ཞབས་ཞུའི་དཔུང་ཁག་སོགས་གཙོ་གཟུགས་སྣ་མང་ཐུན་མོང་ཐོག་ཞུགས་རྒྱུར་སྐུལ་འདེད་བཏང་ནས་སྐྱེ་ཁམས་གྱི་འདུ་ཤེས་དེ་ཡུལ་སྐོར་ཞབས་ཞུའི་ལྷུ་ཚིགས་ཁག་ནང་འདྲེས་ཐུབ་པ་བྱེད་དགོས། ཚུལ་མཐུན་ཡུལ་སྐོར་དར་སྤེལ་གཏོང་རྒྱུ་དེ་ཡུལ་སྐོར་ཞབས་ཞུའི་སྦྲེལ་ཐག་ཧྲིལ་པོའི་ནང་བཅུག་པ་དང་ཡུལ་སྐོར་བས་ཕྱོགས་ཐོན་གྱི་བརྒྱུད་རིམ་ཡོངས་སུ་སྐྱེ་ཁམས་རིག་གནས་ཀྱི་སིམ་པ་ཚོར་ཐུབ་པ་བྱས་ཚེ་གཞི་ནས་སྐྱེ་ཁམས་སྲུང་སྐྱོང་གི་ངོས་འཛིན་གཅིག་མཐུན་དེ་དམངས་ཡོངས་ཀྱིས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བར་སྐུལ་འདེད་གཏོང་ཐུབ་པ་དང་། སྐྱེ་ཁམས་ཀྱི་རིན་ཐང་དང་འཕེལ་རྒྱས་ཀྱི་རིན་ཐང་ཕྱོགས་གཉིས་ཀྱི་མཆོང་འཕར་དངོས་འབྲེལ་མངོན་འགྱུར་བྱུང་ཐུབ།
དཔལ་ཡོན་གྱི་ཚད་གཞི་འཛུགས་ཏེ་“ཤུལ་རྗེས་མེད་པའི་རི་ཐང་”གིས་བཅོས་སྐྱོང་གི་ཆུ་ཚད་མངོན། “གད་སྙིགས་རི་ནས་འབབ་པ་”དང་“ཤུལ་རྗེས་མེད་པའི་རི་ཐང་”གི་ལྟེ་བ་གཅིག་ལས་མེད་དེ་མིའི་རིགས་ཀྱི་བྱེད་སྒོས་རང་བྱུང་ལ་རྡེག་ཚད་དམའ་ཤོས་སུ་གཏོང་དགོས། འདི་ནི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་པ་མ་ཟད། རིན་ཐང་གི་ལྟ་བ་འཛིན་ཕྱོགས་ཅིག་དེ་བས་ཀྱང་ཡིན་ཏེ། དེས་རང་ལ་ཁོར་ཡུག་སྲུང་སྐྱོང་བྱེད་བཅུག་པ་ནས་ངས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པའི་རང་རྟོགས་དང་། གད་སྙིགས་གཙང་བཤེར་ནས་འབྱུང་རྩ་ནས་ཉུང་དུ་གཏོང་བའི་བར་གྱི་འགྱུར་ལྡོག མི་སྒེར་གྱི་ཤེས་དཔལ་ནས་ཐུན་མོང་གི་བྱ་སྤྱོད་སྤེལ་བའི་བར་གྱི་འཕོ་འགྱུར་བཅས་དར་སྤེལ་གཏོང་ཡོད། བདེ་ཆེན་ལ་མཚོན་ན། ཡུལ་སྐོར་བའི་དཔལ་ཡོན་ཆུ་ཚད་མཐོར་འདེགས་སྐར་མ་རེ་གཏོང་ན་རི་ཐང་དུ་དྭངས་གཙང་དང་། སྤུས་རྟགས་ལ་རྒྱུ་སྤུས། བཅོས་སྐྱོང་ལ་བག་ཕེབས་བཅས་མང་དུ་འགྲོ་ཡོད། ཡུལ་སྐོར་བའི་ངོས་ནས་བརྗོད་ན། ལམ་བགྲོད་ངོ་མ་ནི་རྐང་རྗེས་ལམ་ཐོག་ཏུ་བཞག་པ་དང་། མཛེས་ལྗོངས་སེམས་སུ་བཅུག་པ། གད་སྙིགས་རི་ནས་མར་འཁུར་བ་བཅས་ཀྱི་ཐོག་ནས་མི་སྒེར་གྱི་ཤེས་དཔལ་བྱང་ཚད་མངོན་ཡོད། གཞན་ཡང་ས་གནས་དེ་གའི་མང་ཚོགས་ཀྱིས་ཚུལ་མཐུན་ཡུལ་སྐོར་གྱི“བདག་པོ”ཡག་པོ་བྱེད་པ་དང་། རིག་གནས་ཡུལ་སྐོར་ལས་གཉེར་མི་སྣས་ཚུལ་མཐུན་ཡུལ་སྐོར་གྱི“སྐད་དུང”ཡག་པོ་བྱེད་པ། ཐག་རིང་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ཚུལ་མཐུན་ཡུལ་སྐོར་གྱི“ཞུགས་མཁན”ཡག་པོ་བྱེད་དེ། གཙོ་གཟུགས་སྣ་མང་གིས་བསམ་བློ་གཅིག་ཏུ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་བཏོན་ཚེ་ཚུལ་མཐུན་ཡུལ་སྐོར་ནི་ཕྱོགས་གཅིག་གི་རེ་བ་མིན་པར་ཚང་མས་ཐུན་མོང་ཐོག་རི་སྔོན་ཆུ་དྭངས་ལ་བྱས་རྗེས་འཇོག་པའི་དྲོ་སྐྱིད་ལྡན་པའི་ལག་ལེན་ཅིག་རེད།
ཚུལ་མཐུན་ཡུལ་སྐོར་ནི་བལྟས་ཚོད་ཀྱིས་ཕྲ་མོ་ཞིག་ཡིན་མོད། འོན་ཀྱང་ས་མཐོའི་སྐྱེ་ཁམས་ཀྱི་ཡུན་རིང་གི་རྨང་གཞི་དང་འབྲེལ་བ་ཡོད་ལ་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”ཞེས་པའི་མིང་བྱང་གི་རྒྱུ་སྤུས་དང་ཡང་འབྲེལ་བ་ཡོད། སྐྱེ་ཁམས་དམིགས་སུ་བཀར་བའི་འདུ་ཤེས་དང་སྒོ་འབྱེད་ཁོང་ཡངས་ཀྱི་རྣམ་འགྱུར་གོམ་སྟབས་གཅིག་མཐུན་བྱེད་སྐབས། མི་ཚང་མས་འགྲུལ་བཞུད་ཀྱི་ལམ་བར་དུ་རྐང་ཞབས་ཀྱི་རི་སྔོན་པོ་དང་སེམས་ནང་གི་རྒྱང་རིང་ལ་སྲུང་སྐྱོང་ཡག་པོ་བྱེད་ཐུབ། ས་མཐོའི་རི་ཆུ་ནི་ཡུལ་སྐོར་བའི་སེམས་ནང་གི་སྙན་ངག་དང་རྒྱང་རིང་ལྟ་བུ་ཡིན་ལ། དེས་སྲུང་སྐྱོང་བྱེད་པ་ནི་མིག་མདུན་གྱི་མཛེས་ལྗོངས་ཙམ་མ་ཡིན་པར་རྒྱུན་མཐུད་འཕེལ་རྒྱས་ཀྱི་འབྱུང་འགྱུར་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་དེ་བས་ཡིན།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་འཛིན་ལི་ཞུང་དང་བཅས་པར་ཐུག་འཕྲད་གནང་།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་དང་བཞུགས་མོལ་གྲོས་ཚོགས་འཚོགས་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དོན་དངོས་ཐོག་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་སུ་གྲོང་གསེབ་དར་རྒྱས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
ཁུལ་ཡོངས་ཀྱི་“ཁྲི་སྟོང་ལས་གྲྭའི་”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་དེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་དང་བདེ་ཐང་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་“ཡུན་ནན་དུ་བྱེས་སུ་སྡོད་པ་”འཕེལ་རྒྱས་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས།
ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དུ་ཕེབས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད་སློབ་གླིང་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་ཀར་བརྟག་ཞིབ་གནང་།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་12པ་དང་“བདེ་ཆེན་སློབ་ཁང་ཆེན་མོ·འཆད་ཁྲིད་ཐེངས་5པ”སྤེལ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་97པ་འཚོགས།
ལི་ཡན་ལན་གྱིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་པ།
སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་2པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108