ཡིད་སྨོན་འཆོར་སའི་ཚ་གཡོལ་གནས་མཆོག་སེམས་ཀྱི་ཉི་ཟླ།

དབྱར་དུས་ཀྱི་ཆ་སྙོམས་དྲོད་ཚད་19℃ལས་མེད་པའི་སེམས་ཀྱི་ཉི་ཟླ་དེ་ཡུལ་སྐོར་བ་དེ་བས་མང་པོའི་ཡིད་སྨོན་བྱེད་པའི་ཚ་གཡོལ་བྱེད་སར་འགྱུར་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་སྨིན་དྲུག་བཀྲ་ཤིས་འབྲོག་རར་སྤང་ལྗོངས་སྔོན་པོ་ངོ་མཚར་མཛེས་ཉམས་ལྡན་ལ་ནོར་ལུག་ཁ་ཐོར་ཁྱབ་པ་དང་ཟངས་དྲིལ་རླུང་དང་མཉམ་དུ་གྲགས་པ། མཐོ་སྒང་དུ་སྤྲོ་གསེང་གཏོང་བའི་ཉམས་ལེན་ཐུན་མོང་མ་ཡིན་པ་དེས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་རྣམས་གོམ་སྟབས་དལ་དུ་བཏང་ནས་དྲག་སྐྱེད་དང་ཕུན་སུམ་ཚོགས་པའི་དབྱར་ཁའི་དུས་སྐབས་ཤིག་ལ་རོལ་ཐུབ་པ་བྱུང་ཡོད།

“ཧྲང་ཧའེ་རུ་ཕྱིར་བསྐྱོད་ན་རླངས་འཕྱུར་གྱི་ཚ་རླབས་ཡིན། སེམས་ཀྱི་ཉི་ཟླར་སླེབས་སྐབས་དབུགས་གཏོང་ལེན་བྱེད་ནའང་གཙང་ཞིང་བསིལ་བ་ཡིན”ཞེས་ཕྱི་དྲོའི་ཆུ་ཚོད་གསུམ་པར་ཧྲང་ཧའེ་རུ་བྱེས་སུ་སྡོད་པའི་ཁོ་རེ་ཡ་ལྷོ་མའི་ཡུལ་སྐོར་བ་ཅང་ཧུའེ་རེན་དང་ནང་མི་ཚང་མ་བཀོད་སྒྲིག་བྱས་མ་ཐག་སྒུག་ལོང་མེད་པར་འབྲོག་རར་རི་སྐྱེས་ཤ་མོ་འཐུ་བ་དང་འོ་མ་བཞོ་བ། ནོར་ལུག་ལ་ལྟོ་ཆས་སྟེར་བ་སོགས་ཉམས་ལེན་བྱེད་དུ་སོང་བ་དང་། བོད་ཀྱི་སྲོལ་རྒྱུན་སྡོད་ཁང་དུ་བསྐྱོད་དེ་ཐབ་ཁའི་འགྲམ་དུ་བསྡད་ནས་ཨ་མ་ལགས་ཀྱིས་གནའ་བོའི་གཏམ་རྒྱུད་བཤད་པར་ཉན་པ། བབ་ཆགས་པའི་རྒྱུན་གཏན་དེ་དག་ནི་འབྲོག་རའི་བདག་པོ་ཚེ་རིང་ཕུན་ཚོགས་ཀྱིས་བརྒྱུད་སྤྲོད་འདོད་པའི་འདུ་ཤེས་ཡིན་ཏེ་རང་བྱུང་ནི་སྤྱན་གཟིགས་ཀྱི་ཡུལ་ལྗོངས་ཁོ་ན་མ་ཡིན་པར། དངོས་སུ་རེག་ཐུབ་པའི་འཚོ་བ་དེ་ཡིན།

པེ་ཅིང་གི་ཡུལ་སྐོར་བ་ཅང་ཀྲི་ཡུང་ཡོང་ཐེངས་བཞི་པ་ཡིན་པ་དང་ཁོང་ནི་འབྲོག་རའི་དགའ་ཞེན་བྱེད་མཁན་འཁྲུལ་མེད་ཅིག་རེད། ཞོགས་པ་འབྲི་གཡག་གི་སྐེ་སྟེང་དུ་དཔྱང་པའི་དྲིལ་བུའི་སྒྲ་དང་མཉམ་དུ་དལ་གྱིས་གཉིད་ལས་སད་པ་དང་། ཉི་མ་ནུབ་ཁར་མཚམས་སྤྲིན་དང་དགོང་མོའི་རླུང་གི་མཉམ་དཀྲོལ་ཁྲོད་ངལ་གསོ་བྱེད་བཞིན་ཡོད། ཁོང་གིས་ས་གནས་དེ་གའི་དབྱར་དུས་ཀྱི་ཡུལ་ལྗོངས་དང་གདོད་མའི་རྣམ་པའི་ཁོར་ཡུག་ལ་བསྔགས་བརྗོད་ཚད་མེད་བྱེད་དེ་“རང་ཉིད་གང་དུ་ཡོད་རུང་ཟངས་དྲིལ་གྱི་སྒྲ་དེ་གཟུགས་མེད་གྱི་སྐུད་པ་ཞིག་དང་འདྲ་བར་ང་རང་ལེ་དབར་སྟོང་ཕྲག་གི་དཀའ་ངལ་མི་འཛེམ་པར་སེམས་ཀྱི་ཉི་ཟླར་ཁྲིད་ནས་ཕྱིར་ལོག་བྱེད་ཀྱི་ཡོད། ཉིན་གཅིག་གི་ནང་དུ་དུས་ཚིགས་མི་འདྲ་བའི་འགྱུར་ལྡོག་མྱོང་ཚོར་བྱེད་ཐུབ། ཞོགས་པ་དཔྱིད་ཀ་དང་། ཉིན་དགུང་དབྱར་ཁ། ས་སྲོད་སྟོན་དང་འདྲ་བར་རྒྱལ་ནང་གྱི་ཚ་གཡོལ་ས་གནས་ཁྲོད་སེམས་ཀྱི་ཉི་ཟླར་ཨང་དང་པོ་ཡིན”ཞེས་བཤད། ཁོང་གིས་ས་གནས་དེ་གར་ཚད་བརྒལ་གྱི་ཚོང་ལས་ཅན་མེད་པར་མཐོ་སྒང་གི་ཡུལ་སྲོལ་གོམས་གཤིས་ངོ་མ་སྟེ། བབ་ཆགས་མཛའ་མཐུན་གྱི་ཡུལ་མི་དང་། བོད་ལུགས་ཀྱི་བྲོ་བ་འཁྲུལ་མེད། གདོད་མའི་རི་ཀླུང་གི་སྐྱེ་དངོས་བཅས་ཆ་ཚང་ཉར་ཚགས་བྱས་ཡོད་པས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་གི་འདུག
ཧྥུའུ་ཅན་ནས་ཡོང་བའི་ཡུལ་སྐོར་བ་ཀྲང་རུའེ་ཆི་ཡིས་གནམ་གཤིས་ཀྱིས་སྟེར་བའི“དལ་མོའི་མཚན་ཉིད་རིག་པ”དེར་དེ་བས་དགའ་པོ་བྱེད་ཀྱི་ཡོད། དབྱར་ཁའི་གུང་གསེང་རིང་རྒྱལ་ཡོངས་སུ་ཡོངས་ཁྱབ་ཏུ་དྲོད་ཚད་མཐོ་པོ་ཡོད་ཀྱང་སེམས་ཀྱི་ཉི་ཟླས་ཕྱོགས་གཅིག་པུར་བསིལ་ཞིང་འཇམ་པས་ལེགས་ཆ་ཧ་ཅང་མངོན་གསལ་དོད་པོ་ཡོད། གནམ་གྲུ་ས་ལ་འབབ་པའི་སྐད་ཅིག་མ་དེར། ཚ་བ་རླུང་དང་འགྲོགས་ནས་ཡལ་སོང་སྟེ། ལུས་ཀྱི་ཚོར་བ་ནི་ཐད་ཀར་དཔྱིད་དང་སྟོན་གྱི་པང་དུ་མཆོངས་པ་དང་འདྲ་བས། མི་རྣམས་ཀྱིས་རང་རྟོགས་མེད་པར་མཚམས་ཚིགས་ཡོད་ཚད་དལ་དུ་བཏང་། ཁོང་གིས་ས་གནས་འདི་གར་གྲོང་ཁྱེར་གྱི་མཚམས་ཚིགས་མགྱོགས་པོའི་འཚོ་བ་དང་ཁ་བྲལ་ནས་རྩྭ་ཐང་གི་རྫི་རླུང་ཁྲོད་ལུས་སེམས་རིམ་བཞིན་ལྷོད་པར་འགྱུར་ཐུབ་ཅེས་ཟེར།

མི་མང་པོ་ཞིག་བསིལ་འཇམ་གྱི་འབྲོག་ར་དེར་ཡོང་སྐབས་ཚེ་རིང་ཕུན་ཚོགས་ཀྱིས“བྲུབས་རྒྱུན་ལ་ལྡོག་པའི”འཕྲི་ཐབས་ཤིག་བྱེད་བཞིན་ཡོད། དུས་ཐེངས་གཉིས་པའི་རྣམ་གྲངས་དུ་མགྲོན་ཁང་20ལྷག་གསར་སྣོན་བྱ་རྒྱུ་ཡིན་པ་དང་སྔོན་དཔག་བྱས་ན་སང་ལོའི་དབྱར་ཁའི་གུང་གསེང་གི་མདུན་སྤྱོད་འགོ་འཛུགས་རྒྱུ་ཡིན་མོད། འོན་ཀྱང་ཁོང་གིས་དེ་བས་བཟོད་སྒོམ་གྱི་དམིགས་ཚད་གསར་པ་ཞིག་བཟོས་པ་སྟེ། སྤྱི་ཡོངས་ཀྱི་ཞག་སྡོད་བྱེད་ཚད་60%ཙམ་ཚོད་འཛིན་བྱ་རྒྱུ་དེ་རེད། ཡུལ་སྐོར་བ་མང་བའི་དུས་སུ་མི་ཚོགས་དྲག་འཕྱུར་གྱིས་འབྲོག་རའི་ཁོར་ཡུག་ལ་གནོན་ཤུགས་མི་ཉུང་བ་བཟོ་སྲིད”ཅེས་ཁོང་གིས་སྒེའུ་ཁུང་ཕྱི་རོལ་གྱི་མུ་མཐའ་མེད་པའི་རྩྭ་ཐང་ལ་བལྟས་ནས་སེམས་རྣལ་དུ་ཕབ་ཅིང་བློ་བརྟན་འགྱུར་མེད་ཀྱི་སྐད་ཆ་ཤོད་ཀྱི་ཡོད། “ང་ཚོས་ཆུ་རྫིང་དུ་ཉ་འཛིན་མི་འདོད་པར། ཡུལ་སྐོར་བ་སྣེ་ལེན་ཉུང་ཙམ་བྱེད་པ་དང་དངུལ་ཉུང་ཙམ་རག་ནའང་འགྲིག སྐུ་མགྲོན་ཚང་མ་རང་བྱུང་ཁམས་དང་ལྷོད་ལྷོད་ངང་མཉམ་གནས་ཐུབ་པ་དང་ས་གཞི་དེའི་མཛེས་སྡུག་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས”ཞེས་བཤད།
དབྱར་དུས་སུ་བསྐྱོད་པ་དེ་ནི་བསིལ་སྣང་དོན་གཉེར་བྱེད་པ་ཙམ་མ་ཟད། རང་བྱུང་ཁམས་སུ་ཕྱིར་ལོག་པ་དང་རང་སེམས་བཅོས་པའི་སྒོམ་སྒྲུབ་ཅིག་ཀྱང་ཡིན། ཚེ་རིང་ཕུན་ཚོགས་ཀྱིས་ “མ་འོངས་པར་འབྲོག་རས་ད་དུང་སྐྱེ་ཁམས་ཀྱི་འདེབས་ལས་དང་འཚོ་བསྡུ་ཉམས་ལེན་སྐུལ་སྤེལ་གཏོང་རྒྱུ་ཡིན་པས། ཡུལ་སྐོར་བས་རང་བྱུང་ལ་ལྟ་བ་ཁོ་ན་ཙམ་མ་ཡིན་པར། རང་ཉིད་ཀྱིས་འདེབས་ལས་དང་འཚོ་བསྡུ་ཉམས་ལེན་བྱེད་དེ་ས་འདམ་གྱི་དྲི་མ་ཁྲོད་རང་བྱུང་ཁམས་ཆེན་མོའི་ལེགས་སྐྱེས་དངོས་སུ་མྱོང་རོལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།

འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
ཡིད་སྨོན་འཆོར་སའི་ཚ་གཡོལ་གནས་མཆོག་སེམས་ཀྱི་ཉི་ཟླ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བྱ་ཐབས་བཞིར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་བཏང་།
འཇོལ་རྫོང་འབའ་སྡེ་ཤང་གིས་དམངས་འཚོའི་བྱ་བ་ཆུང་ཆུང་སྒྲུབ་ནས་མང་ཚོགས་ལ་བདེ་སྐྱིད་སྐྲུན།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་19པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་དུ་ཕེབས་ནས་འབྲུབ་འགོག་གེགས་སེལ་དང་ས་གཤིས་ཀྱི་གནོད་སྐྱོན་འགོག་བཅོས་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན་གནང་བ།
ལུའོ་ཁྲའོ་ཧྥེང་གིས་པད་མ་རི་བོའི་དོ་དམ་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་ཇུས་གཞི་སྒྲིག་བཟོའི་ལས་དོན་ལ་བརྟག་ཞིབ་གནང་བ།
རང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་དབྱར་གསེང་སྐབས་ཀྱི་ཡུལ་སྐོར་ལ་ཞབས་ཞུ་གང་ལེགས་འདོན་པ།
འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་ཟླ་8པའི་ཚེས་21ཉིན་འགོ་ཚུགས་རྒྱུ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108