ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཨུ་ལྷན་གྱི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་རྩེ་གཅིག་ཏུ་དམིགས་ནས།ཐོག་མཐའ་བར་གསུམ་དུ་ཆབ་སྲིད་བརྟན་ལྷིང་དང་།སྤྱི་ཚོགས་བརྟན་བརླིང་།མི་རིགས་མཐུན་སྒྲིལ།ཆོས་ལུགས་ཞི་མཐུན་བཅས་ལས་འགན་ཨང་དང་པོར་བརྩིས་ཏེ།ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་དེ་བརྟན་ལྷིང་དང་།འཕེལ་རྒྱས།སྐྱེ་ཁམས།མཐའ་མཚམས་བརྟན་བརླིང་བཅས་དོན་ཆེན་བཞིའི་ཁྲོད་དོན་འཁྱོལ་བྱེད་པ་དང་།ཐབས་མང་མཉམ་སྤྱོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་སྐུལ་འདེད་བཏང་སྟེ།ཁྱོན་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་ཀའི་རྣམ་པ་གསར་པ་གཏོད་པ་རེད།
དུས་ཆེན་གྱིས་སྟེགས་བུ་བསྐྲུན་པ་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྲོལ་རྒྱུན་གྱི་དུས་ཆེན་དེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི“གསེར་ལྡེ་”ཞིག་ཏུ་བསྐྲུན་རྒྱུ་ཡིན་པ་རེད།ས་བབ་མཐོ་ཚད་སྨི་4300ཡོད་པའི་གཏེར་མ་རོང་ཤང་དབྱར་རྩྭ་དགུན་འབུ་རི་སྟེང་དུ་སྤྲིན་ལམ་རྟ་རྒྱུག་དུས་ཆེན་སྐབས་དང་པོ་འཚོགས་ནས་རྟ་རྒྱུག་རྩལ་འགྲན་དང“འབྲོག་ཁུལ་གྱི་སྐོར་སྐྱོད་ཏང་གི་སློབ་གྲྭ”ཟུང་འབྲེལ་བྱས་ཏེ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་བ་མ་ཟད།འབྲེལ་མཚམས་ས་ཁུལ་གྱི་རྩོད་གཞི་བསལ་ནས་ཉེ་འགྲམ་ཤང་གྲོང་གི་མཛའ་གྲོགས་སྤེལ་རེས་ལ་སྐུལ་འདེད་ཀྱང་བཏང་ཡོད།སན་པཱ་ཤང་གི“གཉིས་པའི་ཚེས་བརྒྱད”དེ་འཇང་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གྱི་བྱེད་སྒོའི་ཐོག་གནའ་བོའི་སྟོན་པའི་རིག་གནས་དང་དེང་རབས་ཀྱི་རིག་གནས་ཡུལ་སྐོར་སྤྲོ་སེམས་རབ་ཏུ་འཁོལ་བ་དང་། ཆུ་དཀར་ཆུ་ནག་སྟེགས་བུའི་འགྲམ་གྱི་མེ་ཕུང་མཚན་ཚོགས་དང་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་འགྲེམས་ཚོང་གཉིས་ཕན་ཚུན་སྤེལ་ཟླ་བྱེད་རེས་བྱས་པས་རིག་གནས་ཀྱི་རྩ་བ་སྲུང་ཐུབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དུས་རབས་ཀྱི་དར་སྲོལ་གསར་པ་ཞིག་བཏོད་ཡོད།ལུའོ་ཅི་ཤང་མྱི་ཟུར་གྲོང་ཚོའི་རི་སྐྱབས་རྟ་རྒྱུག་གིས་“སྐྱེ་ཁམས་སྲུང་སྐྱོང་+རིག་གནས་རྒྱུན་འཛིན”གྱི་ཁ་ཕྱོགས་བརྟན་སྲུང་བྱས་པ་དང་། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་འོས་སྦྱོར་བྱས་པ་བརྒྱུད་རི་མཐོའི་ཁྱད་ལྡན་ཐོན་རྫས་དང་། མི་རིགས་ལག་ཤེས་བཟོ་རྩལ། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་བཅས་རི་གྲོང་ནས་ཕྱིར་བསྐྱོད་དེ་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་ཡུལ་སྐོར་གྱི་ཕྱོགས་གཉིས་ཀྱི་ནུས་པ་མངོན་འགྱུར་བྱུང་ཡོད། ཁྱད་ལྡན་དུས་ཆེན་གྱི་བྱེད་སྒོ་རེ་རེ་རིག་གནས་སྤེལ་རེས་དང་།ཁྱིམ་མཚེས་འཆམ་མཐུན།ཐོན་ལས་མཉམ་སྤེལ་བཅས་ཀྱི་གཞི་རྟེན་བརྟན་པོ་ཞིག་ཏུ་གྱུར་ཡོད།
སློབ་གྲྭའི་ནང་དུ་མཐུན་སྒྲིལ་གྱི་ས་བོན་གཏོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་སློབ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་དེ་སློབ་གྲྭའི་ནང་གཏིང་ཟབ་ངང་སྤེལ་ཡོད།བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་ཐོག སློབ་མ་རྣམས་ཀྱིས་ལུས་སུ་མི་རིགས་ཀྱི་གྱོན་ཆས་གོན་ནས་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མཉམ་དུ་ལོངས་སུ་སྤྱོད་པ། སློབ་གསེང་ལུས་སྦྱོང་གི་སྐབས་སུ། མི་རིགས་ཁག་གི་ཞབས་བྲོའི་གཞི་རྒྱུ་མཉམ་འདྲེས་ཀྱི“མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་གསེང་ལུས་རྩལ”གྱི་གསོན་ཤུགས་རབ་ཏུ་རྒྱས།གྲངས་ཉུང་མི་རིགས་ཀྱི་སློབ་མ་དེས་95%ལས་བརྒལ་བའི་སློབ་གྲྭའི་ནང་མི་རིགས་ཁག་གི་ཞབས་བྲོ་དང་།གྱོན་ཆས་རིག་གནས།མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་བཅས་ནམ་རྒྱུན་གྱི་སློབ་ཁྲིད་ནང་གཏིང་ཟབ་ཞུགས་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཡུལ་ས་བརྟན་པོ་ཞིག་ཏུ་གྱུར་པ་དང་།ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ས་བོན་གཞོན་ནུ་ལོ་ཆུང་གི་སེམས་སུ་གཏིང་ཟབ་ཟུག་ཡོད།
སྒྲོག་འགྲེལ་སེམས་སུ་ཟུག་ནས“མཐའ་མའི་འགག་གནད”བསལ་ཡོད།སྲིད་ཇུས་སྒྲོག་འགྲེལ་གྱི“མཐའ་མའི་འགག་གནད”སེལ་ཆེད།གྲོང་ཁྱེར་དེས“ས་མཐོའི་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ”དང“གཙང་གསུམ་ལྟེ་བའི་སེ་འབྲུའི་དམར”ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ས་ཁོངས་ཧྲིལ་པོར་ཁྱབ་པའི་སྒྲོག་འགྲེལ་གྱི་རྣམ་པ་ཞིག་བཏོད་ཡོད།ད་ལོའི་ཟླ་3པའི་ཟླ་མཇུག་ཏུ“ས་མཐོའི་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ”སྐད་ཚག་ཤང་འགོར་གྲོང་སྡེར་བསྐྱོད་པ་རེད། གྲོང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་གྱིས་བོད་རྒྱ་ཡིག་རིགས་གཉིས་དང་གསོན་ཉམས་དོད་པའི་གྱོད་དཔེ་སྤྱད་དེ་གྲོང་གསེབ་དར་རྒྱས་དང་།གཞི་རིམ་བཅོས་སྐྱོང་།དམངས་འཚོ་འགན་ལེན།མི་རིགས་མཐུན་སྒྲིལ་སོགས་ཀྱི་སྲིད་ཇུས་མང་ཚོགས་ཀྱི“སྒོ་རྩར”བསྐྱལ་བ་རེད།ངོ་འཕྲད་སྒྲོག་འགྲེལ་དང་ཁ་བརྡ་རྣམ་པའི་སྒྲོག་འགྲེལ་བྱས་པས།ལས་བྱེད་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཉེ་རུ་ཕྱིན་པ་དང་། མང་ཚོགས་ཀྱི་སྲིད་ཇུས་ཤེས་རྟོགས་བྱེད་ཚད་དང་ངོས་འཛིན་བྱེད་ཚད་ཇེ་མཐོར་ཕྱིན་ཏེ།གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་རེད།
ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ་དང་ས་ཁོངས་ཧྲིལ་པོའི་གསར་གཏོད་གཏིང་ཟབ་ཏུ་བཏང་བ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་“བློ་སྦྱོང་ལས་གཞི”ལ་སྣེ་ཁྲིད་བྱས་ཏེ་ཏང་འཛུགས་སྐྱོང་གི་ལེགས་ཆ་དེ་མཐུན་སྒྲིལ་ཡར་ཐོན་དང་ས་ཁོངས་ཧྲིལ་པོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ཡོད།ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་རྒྱུན་འཁྱོངས་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་ཁོངས་ཧྲིལ་པོའི་གསར་སྐྲུན་མུ་མཐུད་ཟབ་སྤེལ་བྱས་ཏེ།མི་རིགས་ཁག་སེ་འབྲུའི་འབྲུ་ལྟར་ཕན་ཚུན་དམ་པོར་འབྲེལ་བར་བྱ་དགོས།མི་རིགས་མཐུན་སྒྲིལ་གྱི་ཕན་འབྲས་དངོས་དེ་ལས་བྱེད་པའི་འགན་འཁྲི་སྒྲུབ་ཚུལ་ལ་ཞིབ་བཤེར་བྱེད་པའི་“ཚད་གཞི་ཡག་ཤོས”སུ་བརྩིས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་ཁྲོད་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱས་ཏེ་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སེམས་ཀྱི་ཉི་ཟླའི་ལེའུ་མཉམ་དུ་རྩོམ་དགོས།