དམངས་ཕན་ཆེད་དོན་འཁྲབ་སྟོན་མི་རིགས་གླུ་གར་ལོ་རྒྱུས་སྙན་རྩོམ་《མི་རིགས་དར་རྒྱས་གཏོང་བ》འཁྲབ་སྟོན་བྱས་པ།


འཁྲབ་སྟོན་ནང་དམར་དམག་རྒྱང་སྐྱོད་ལམ་བུ་བདེ་ཆེན་བརྒྱུད་པའི་ལོ་རྒྱུས་གཞི་རྩར་བྱས་ཏེ་གླུ་གར་དང་། སྙན་རྩོམ་གྱེར་འདོན། ལྗོངས་རྣམ་འཁྲབ་སྟོན་བཅས་ཀྱི་སྒྱུ་རྩལ་རྣམ་པ་བརྒྱུད་ནས་དེ་དུས་ཀྱི་དམར་དམག་དང་བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་དབར་ལྟ་རེས་སྐྱོང་རེས་དང་ཉ་ཆུ་ལྟ་བུའི་བརྩེ་དུང་ཟབ་པའི་མི་སེམས་འགུལ་བའི་གཏམ་རྒྱུད་གསོན་ཉམས་དོད་པོས་སླར་ཡང་མངོན་པར་བྱས་པ་དང་། “མི་རིགས་དར་རྒྱས་གཏོང་བ”ཡི་རྒྱབ་ཕྱོགས་ཀྱི་རྔམ་བརྗིད་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་བསྐྱར་དྲན་བྱས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་དུས་རབས་ཀྱི་རི་མོ་གསར་བ་གང་ལེགས་ཀྱི་མངོན་ཡོད།

གར་སྟེགས་ཐོག་འཁྲབ་སྟོན་པ་ཚོས་བརྩེ་སེམས་ཟབ་མོའི་སྒོ་ནས་ཕར་འགྲོ་ཚུར་འོང་བྱས་ཏེ་གངས་ལྗོངས་ས་མཐོའི་ཉམས་པ་མེད་པའི་དད་སེམས་ཀྱི་སྟོབས་ཤུགས་ལྟད་མོ་བ་ཚང་མར་བརྒྱུད་སྤྲོད་བྱས་ཡོད། གར་སྟེགས་འོག་གི་ཐལ་མོའི་རྡེབ་སྒྲ་ཟམ་མི་ཆད་པར་གྲགས་པ་དང་ལྟད་མོ་བ་མི་ཉུང་བ་ཞིག་ལ་འཁྲབ་གཞུང་ནང་བརྒྱུད་སྤྲོད་བྱས་པའི་གསར་བརྗེའི་སྙིང་སྟོབས་དང་མི་རིགས་ཀྱི་བརྩེ་སེམས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་ཡོད། གངས་རི་འཇམ་ཐིང་ངེར་གནས་པ་དང་། གཙང་ཆུ་རྒྱུན་ཆད་མེད་པར་རྒྱུག་པ། ཚང་མ་འཁྲབ་སྟོན་གི་ཉམས་སྣང་ལ་ཞུགས་ནས་གསར་བརྗེའི་དྲན་ཤེས་མྱོང་ཚོར་བྱས་ཡོད་ཅིང་། བདེ་ཆེན་གྱི་མི་རིགས་ཁག་གི་བདེ་སྡུག་མཉམ་མྱོང་དང་བློ་སེམས་གཅིག་མཐུན་གྱི་འཕེལ་རྒྱས་བརྒྱུད་རིམ་ཤེས་རྟོགས་ཐུབ་ཡོད།
འཁྲབ་སྟོན་ཧྲིལ་པོས་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་དང་མིག་སྔར་གཞི་ཚུགས་ཏེ་གསར་བརྗེའི་རིག་གནས་དང་མི་རིགས་རིག་གནས་མཉམ་འདྲེས་དམ་ཟབ་བྱས་ཡོད་པས་གསོན་ཉམས་དོད་པའི་གསར་བརྗེའི་རིག་གནས་སློབ་གསོ་ཞིག་ཡིན་ལ་སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ནང་དོན་གང་ལེགས་མངོན་པར་བྱས་ཡོད། འཁྲབ་སྟོན་དེ་ལྷག་བསམ་ཟོལ་མེད་ཀྱི་བཀྲ་ཤིས་སྨོན་འདུན་ཞུ་བའི་ཁྲོད་མཇུག་འགྲིལ་བ་དང་“མི་རིགས་དར་རྒྱས་གཏོང་བ”ཡིས་མི་རིགས་མཛའ་བརྩེའི་མཆོང་སྐྱོད་ཀྱི་ལོ་ཟླ་བསྣམས་ནས་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ཡུན་རིང་གྲགས་དུ་བཅུག་ཡོད།

ད་ཐེངས་ཀྱི་ཆེད་དོན་འཁྲབ་སྟོན་དེ་རིག་གནས་དང་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་པའི་ངོས་ནས་བདེ་ཆེན་གྱི་གསར་བརྗེའི་རིག་གནས་དང་ཡུལ་སྐོར་གྱི་མིང་བྱང་སྔར་བས་གསལ་དུ་བཏང་སྟེ་འགོ་འཛུགས་ཉེར་ཡོད་པའི་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པར་མི་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ནས་མི་རིགས་ཁག་གི་མང་ཚོགས་ཚོས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཏེ་གངས་ལྗོངས་ས་མཐོའི་དར་རྒྱས་གོང་འཕེལ་ལ་ཐུན་མོང་ཐོག་སྐུལ་མ་གཏོང་རྒྱུ་རེད།
ཁུལ་རིམ་པའི་འབྲེལ་ཡོད་འགོ་ཁྲིད་དང་ཚོགས་ཞུགས་སྐུ་མགྲོན་གྱིས་འཁྲབ་སྟོན་ལ་བལྟས་ཡོད།
- བདེ་ཆེན་གསར་འགྱུར།
དམངས་ཕན་ཆེད་དོན་འཁྲབ་སྟོན་མི་རིགས་གླུ་གར་ལོ་རྒྱུས་སྙན་རྩོམ་《མི་རིགས་དར་རྒྱས་གཏོང་བ》འཁྲབ་སྟོན་བྱས་པ།
ལི་ཡན་ལན་གྱིས་རུ་ཁག་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྲ་གཟུགས་སྦགས་རྫས་གཙང་སེལ་དང་དེ་བཞིན་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་བ།
ལུའོ་ཁྲའོ་ཧྥེང་དང་ལི་ཡན་ལན་གྱིས་སྨན་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་འཐབ་ས་དང་པོའི་སྨན་དོན་ལས་དོན་པར་འཚམས་འདྲི་གནང་ནས་ཁུལ་ཡོངས་ཀྱི་སྨན་དོན་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དགུང་ཨ་སྔོན་འོག་ན་ནགས་རི་བརྗིད།
སྒུལ་འཁོར་གྱིས“ཐག་རིང”ཇེ་ཐུང་དུ་བཏང་ནས་གྲོང་གསེབ་ཀྱི་དམངས་སྲོལ་གནས་ཚང་སྐུལ་ཁྲིད་བྱས། ——སེམས་ཀྱི་ཉི་ཟླ་ཨ་ཅག་བདག་རྩྭ་ཐང་དམངས་སྲོལ་གནས་ཚང་གི་ཕྱུག་འགྱུར་ཐབས་ལམ་དང་རང་བྱུང་འཚོ་གནས་ཀྱི་གཏམ་རྒྱུད།
རང་ཁུལ་གྱིས་2026ལོར་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་གྱི་ཚོགས་འདུ་འཚོགས།
རང་ཁུལ་གྱིས་ཆེད་དོན་གྲོས་ཚོགས་འཚོགས་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་སྐབས། གསོག་ཚད་བརྟན་པོ་དང་འཕར་ཚད་རྒྱ་ཆེར། སྤུས་ཚད་མཐོར་གཏོང་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས།
ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་སྙན་ཞུ་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108