བདེ་ཆེན་འཐུས་མི་ཚོགས་པ་ལ་ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཐོག་གྲུབ་འབྲས་བཟང་པོ་ཐོབ།

ཟླ་10པའི་ཚེས་26ཉིན། ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་འགྲན་བསྡུར་ཉིན་མོ་ཐེངས་གཉིས་པར་སླེབས། བདེ་ཆེན་འཐུས་མི་ཚོགས་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ། སྲོལ་རྒྱུན་གྱི་ལེགས་ཆ་ལྡན་པའི་རྣམ་གྲངས་མདའ་འཕེན་འགྲན་བསྡུར་ཁྲོད་འབད་འཐབ་ལྷོད་མེད་བྱས་ནས། བསྟུད་མར་བྱ་དགའ་ཨང་དང་པོ་1དང་ཨང་གཉིས་པ་3 ཨང་གསུམ་པ་2བཅས་ཐོབ།

ཉིན་དེའི་འགྲན་བསྡུར་ཁྲོད། བདེ་ཆེན་ཁུལ་གྱི་རུ་མི་ཚོས་འགྲན་བསྡུར་ཏན་ཏིག་བྱས་ནས་ནུས་པ་འདོན་སྤེལ་ཡག་པོ་བྱས། ཉིན་དེའི་སྔ་དྲོའི་བུད་མེད་ཀྱི་ཚད་ལྡན་པུས་མོ་བཙུགས་ནས་མདའ་འཕེན་བྱེད་པའི་འགྲན་བསྡུར་ཁྲོད། བདེ་ཆེན་གྱི་འཐུས་མི་རུ་ཁག་ལ་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ། ཕྱི་དྲོའི་སྐྱེས་པའི་མི་རིགས་ཀྱི་ཚད་ལྡན་པུས་མོ་བཙུགས་ནས་མདའ་འཕེན་བྱེད་པའི་འགྲན་བསྡུར་ཁྲོད་སླར་ཡང་བྱ་དགའ་ཨང་གསུམ་པ་1ཐོབ།


འགྲན་བསྡུར་འགོ་ཚུགས་པའི་ཉིན་དང་པོར། བདེ་ཆེན་ཁུལ་གྱི་ལུས་རྩལ་པས་སེམས་རྣལ་དུ་ཕབ་ནས་འགྲན་བསྡུར་ལ་ཞུགས་ཏེ། སྐྱེས་པའི་མི་རིགས་ཀྱི་ཚད་ལྡན་ཡར་ལངས་ནས་མདའ་འཕེན་བྱེད་པའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་2དང་ཨང་གསུམ་པ་1བླངས་ཤིང་། བུད་མེད་ཀྱི་མི་རིགས་ཀྱི་ཚད་ལྡན་ཡར་ལངས་ནས་མདའ་འཕེན་བྱེད་པའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ1ཐོབ།
ཤེས་རྟོགས་བྱུང་གསལ། སྐབས་སྔོན་མའི་འགྲན་བསྡུར་དང་བསྡུར་ན། སྐབས་འདིའི་འགྲན་བསྡུར་ནང་བདེ་ཆེན་གྱི་འཐུས་མི་ཚོགས་པའི་འགྲན་ཞུགས་རྣམ་གྲངས་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཏེ་མི་རིགས་དྲག་རྩལ་འགྲན་བསྡུར་རྣམ་གྲངས་ནང་ཐེངས་དང་པོ་ཞུགས་པ་རེད། མིག་སྔར་བར་བདེ་ཆེན་འཐུས་མི་ཚོགས་པ་སྔ་རྗེས་སུ་མདའ་འཕེན་དང་མི་རིགས་ལུས་རྩལ་ལུས་སྦྱོང་། མི་རིགས་དྲག་རྩལ་སོགས་འགྲན་ར་མང་པོར་ཞུགས་ནས། ཕྱོགས་བསྡུས་རྩལ་འགྲན་སྟོབས་ཤུགས་བརྟན་པོའི་ངང་ཆེ་རུ་ཕྱིན།
འགན་འཁུར་རྩོམ་སྒྲིག་པ།:江初卓玛
- བདེ་ཆེན་གསར་འགྱུར།
བདེ་ཆེན་འཐུས་མི་ཚོགས་པ་ལ་ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཐོག་གྲུབ་འབྲས་བཟང་པོ་ཐོབ།
རྒྱང་སྐྱོད་རྒྱུན་འཛིན་བྱས་ནས་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ།—— ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
ལི་ཡན་ལན་གྱིས་2026ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་བྱས་དོན། དམིགས་འབེན་ལ་དམ་པོར་དམིགས་པ་དང་ཆད་འཛོལ་ཞིབ་བཤེར་དང་སྐྱོན་ཆ་ཁ་གསབ་བྱེད་པ་དང་ཤུགས་ཡོངས་ནས་དཔྱད་ཞིབ་བསུ་བའི་མཁྲེགས་གཏོར་དམ་འཛིན་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།
བདེ་ཆེན་ཁུལ་གྱི་མིག་སྔའི་སྤྱི་ཚོགས་བརྟན་ལྷིང་ལས་དོན་བཀོད་གཏོང་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིགས་སོ་སོའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱས་ནས་“དོན་ཆེན་མི་བྱུང་བ་དང་དོན་ཆུང་ཚོད་འཛིན་ཐུབ་པའི་”ལས་དོན་གྱི་རྣམ་པ་ཡག་པོ་ཁག་ཐེག་བྱེད་དགོས།
རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པ་ལྷ་ས་ནས་མཇུག་བསྒྲིལ་བ།
ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་འབྲེལ་ཡོད་ལས་དོན་སྙན་སེང་འབྲེལ་མཐུད་བྱས་ པར་བསྐྱོད་པ།
ཁུལ་ཨུ་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་3པ་འཚོཊ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108