ཁུལ་སྲིད་གཞུང་གིས་ཉེ་དུས་ཀྱི་གཙོ་གནད་དོན་ཚན་དག་ཐེར་བཅོས་སྐྱོང་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།


ཟླ་6ཚེས་1ཉིན་གྱི་དགོང་མོ། ཁུལ་སྲིད་གཞུང་གིས་ཉེ་དུས་ཀྱི་གཙོ་གནད་དོན་ཚན་དག་ཐེར་བཅོས་སྐྱོང་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་དགོས། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་ཁུལ་ཡོངས་ཀྱི་དག་ཐེར་བཅོས་སྐྱོང་ལས་དོན་ཁག་གསུམ་ལ་སླར་ཡང་བཀོད་གཏོང་དང་སླར་ཡང་སྐུལ་འདེད་གཏོང་བ།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་དག་ཐེར་བཅོས་སྐྱོང་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་དང་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་ཤུགས་ཚད་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་དག་ཐེར་ལས་དོན་ལ་སྐུལ་འདེད་མཐའ་གཅིག་ཏུ་བཏང་སྟེ་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ་དང་དམངས་འཚོར་ཕན་པའི་བྱ་བ་དངོས་མང་ཙམ་བསྒྲུབས་ནས་དུས་རབས་གསར་པའི་“སྲིད་དོན་ལས་རྗེས་ཀྱི་དྲི་བ་གསུམ་”ལ་ལན་ཡག་པོ་འདེབས་དགོས། སྔར་ལས་ལྷག་པར་ནན་པོ་ངོ་མ་དང་མཁྲེགས་སར་གཏུག་པ་དང་། གནད་དོན་གྱི་གསལ་ཐོ་དང་གཅིག་བསྡུས་བཅོས་སྐྱོང་གི་ཟུར་བཙུགས་རྩིས་ཁྲ་མི་གློད་པ། རེ་རེ་བཞིན་དུས་བཀག་ཁ་གསལ་བཟོ་བ་དང་། འགེལ་རིས་གསལ་འགོད། ཨང་རྟགས་སུབ་པའི་དོ་དམ་བྱེད་པ། སྲིད་དོན་ལས་རྗེས་ལྟ་བའི་ཐོག་ནས་ནོར་འཛོལ་འཚོལ་བ་དང་ལམ་ལུགས་ཐོག་ནས་སྐྱོན་ཆ་གསབ་པ་བཅས་བྱས་ཏེ་གནད་དོན་གཅིག་དག་ཐེར་ཡོ་བསྲང་དང་ཁྱབ་ཁོངས་གཅིག་ཚད་ལྡན་དུ་ཏན་ཏིག་གཏོང་དགོས། འགན་འཁྲི་སྔར་བས་ནན་དུ་བཏང་ནས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱས་ཏེ་བཅོས་སྐྱོང་ཐད་ལོང་ཁུལ་མི་ལུས་པ་དང་འཐེན་འཕྲི་མི་བྱེད་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ཚུལ་གྱི་སྙན་ཞུ་གསན་སྐབས་ངོས་འཛིན་སླར་ཡང་གཏིང་ཟབ་ཏུ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བ་བྱས་ཏེ་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་རྒྱུ་ཚད་གཞིར་བྱས་ནས་རྣམ་གྲངས་རེ་རེ་བཞིན་བཅོས་སྐྱོང་དང་ཁྱབ་ཁོངས་རེ་རེ་བཞིན་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་སྤྱོད་གཙང་སྒྲིག་ནན་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་ཉེ་འགྲམ་དུ་ཡོད་པ་དང་དྲང་སྙོམས་དྲང་བདེན་དེ་ཉེ་འགྲམ་དུ་ཡོད་པ་དངོས་འབྲེལ་ཚོར་ཐུབ་པ་བྱེད་དགོས་པ་དང་བྱ་སྤྱོད་ངོ་མའི་ཐོག་ནས་“གཏན་འཁེལ་གཉིས་”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང་“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་བྱེད་ཐུབ་པ་བྱེད་དགོས། བྱ་ཐབས་ཐད་སླར་ཡང་གནད་ལ་འཁེལ་བ་བྱས་ཏེ་ལས་ཀའི་ལས་འགན་གྱི་གསལ་ཐོ་དང་བསྡུར་ནས་རེ་རེ་བཞིན་ཨང་རྟགས་མེད་པ་བཟོ་བ་དང་གདུབ་ཟུམ་དོ་དམ། དངོས་ཡོད་ཅན་གྱི་ཇུས་གཞི་ཞིབ་ཚགས་སུ་བཏང་ནས་ལས་འགན་ཁག་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས། ཕན་འབྲས་ཐད་རྩ་ལག་མཉམ་བཅོས་བྱས་ཏེ་“མིག་སྔའི་བཅོས་སྐྱོང་”དང་“ཡུན་རིང་འཛུགས་པ་“ཟུང་འབྲེལ་བྱས་ནས་ལམ་ལུགས་དང་ལམ་སྲོལ་ཐད་ནས་ཞན་ཆ་གསབ་སྟེ་གཅིག་སྡུད་བཅོས་སྐྱོང་གི་གྲུབ་འབྲས་རྒྱུན་རྣམ་དང་ཕུགས་ཕན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
ཚོགས་འདུའི་ཐོག་དམངས་འཚོའི་ཁྱབ་ཁོངས་ཀྱི་ཡིག་བསྐུར་ངོ་བཅར་གནད་དོན་གཅིག་སྡུད་ཐོག་བཅོས་སྐྱོང་དང་ཡིག་བསྐུར་ངོ་བཅར་གནད་དོན་གཅིག་སྡུད་ཐོག་སེལ་བའི་ཆེད་དོན་བྱ་སྤྱོད་དང་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་ཡིག་བསྐུར་ངོ་བཅར་དོན་ཚན་བསྒྲུབ་རྒྱུར་རྩིས་སྤྲོད་བྱས་ཚུལ་གྱི་སྙན་ཞུ་གསན་སྐབས་འབྱུང་རྩ་ནས་སྔོན་འགོག་དང་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལས་དོན་གཏིང་ཟབ་སྤེལ་བ་དང་“གཞི་རིམ་དུ་སྐྱོད་པ་བཞིའི་”ལམ་ལུགས་རྒྱུན་མཐུད་ངང་དོན་འཁྱོལ་བྱས་ནས་འགལ་བ་གཞི་རིམ་དུ་ཐག་གཅོད་དང་ཐོན་མ་ཐག་སེལ་གང་ཐུབ་བྱེད་དགོས། གོ་རིམ་ཐད་ནན་པོ་བྱས་ཏེ་《ཡིག་བསྐུར་ངོ་བཅར་ལས་དོན་སྲོལ་ཡིག་》དོན་འཁྱོལ་ནན་པོ་བྱེད་པ་དང་ཡིག་བསྐུར་ངོ་བཅར་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས་ཡིག་བསྐུར་ངོ་གཏུག་གི་དོན་ཚན་ཁག་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ལས་ཀའི་གདུབ་ཟུམ་ཞིག་ཆགས་པ་བྱེད་དགོས། འགན་འཁྲིའི་ཐད་དོན་དངོས་དང་མཐུན་པ་བྱས་ཏེ་འགོ་ཁྲིད་ཀྱིས་གྱོད་གཞི་འགན་གཙང་ལེན་པ་དང་ཆེད་དོན་འགོ་ཁྲིད་ལ་སྐུལ་འདེད་གཏོང་རྒྱུ་དོན་འཁྱོལ་ནན་པོ་བྱེད་པ་དང་དུས་བཀག་གི་འགག་སྒོ་དང་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་གྱོད་གཞི་མཇུག་འགྲིལ་བ་དང་སེམས་པ་གཉིས་ཀ་གྲོལ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
དབྱང་ཞུའེ་ཝུན་དང་། ཧུའུ་ཧྥེ་ཞུང་། ལིན་ཧའོ། ལི་ཐའོ། མ་གོ་ཀྲུང་། ཀྲོང་ཞའོ་ཕིན་བཅས་ཚོགས་འདུར་ཞུགས་པ་རེད།
འགན་འཁུར་རྩོམ་སྒྲིག་པ།:南珠泽仁
- བདེ་ཆེན་གསར་འགྱུར།
ཁུལ་སྲིད་གཞུང་གིས་ཉེ་དུས་ཀྱི་གཙོ་གནད་དོན་ཚན་དག་ཐེར་བཅོས་སྐྱོང་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས87པ་འཚོགས།
བདེ་ཆེན་ཁུལ་གྱི་སློབ་གྲྭ་ཁག་གིས་“དྲུག་གཅིག་”ལ་རྟེན་འབྲེལ་ཞུ་བའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་བ།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སྐྱེ་ཁམས་སྲུང་སྐྱོང་ལས་ཀར་བརྟག་ཞིབ་གནང་བ།
ཁུལ་ཨུ་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་2026ལོའི་གྲོས་ཚོགས་ཐེངས་དང་པོ་འཚོགས།
ཁུལ་ཡོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་དག་ཐེར་ལེགས་བཅོས་དང་སྒྲིག་བཅོས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས།
ཁུལ་ཨུའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་2026ལོའི་ཁུལ་གཉིས་བཀུར་ལས་དོན་ཚོགས་འདུ་འཚོགས།
བདེ་ཆེན་རུ་ཁག་ཕུའུ་ཨར་རུ་ཁག་ལས་རྣམ་པར་རྒྱལ་ཏེ་གནད་འགག་གི་སྐར3བླངས་ལ་འགྲན་རིམ་རྗེས་མའི་ནང་ཞུགས་ཐུབ་པ་བྱུང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108