中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གཞུང་གིས་ཧྥུའུ་ཏེན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས།

རྩོམ་པ་པོ་:何雨桐 ཁྱབ་བསྒྲགས་དུས་ཚོད་:2026-10-29 14:43:09

ཟླ་10པའི་ཚེས་28ཉིན་གྱི་ཕྱི་དྲོར། ཁུལ་སྲིད་གཞུང་གིས་ཧྥུའུ་ཏེན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་དུ་(གཤམ་གསལ་གྱི་བསྡུས་མིང་སྟེ་ཧྥུའུ་ཏེན་དངུལ་ཁང་)བཞུགས་མོལ་ཚོགས་འདུ་འཚོགས་ནས་། སྲིད་གཞུང་དང་དངུལ་ཁང་གི་འཐབ་ཇུས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བའི་ཐད་སྤེལ་རེས་གཏིང་ཟབ་བྱས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ལས་ཚབ་ཁུལ་དཔོན་ལི་ཡན་ལན་དང་ཧྥུའུ་ཏེན་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧང་ཀྲང་ཙེང་ཞའོ་སུང་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

ལི་ཡན་ལན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཙེང་ཞའོ་སུང་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་། ཧྥུའུ་ཏེན་དངུལ་ཁང་གིས་དུས་ཡུན་རིང་པོར་བདེ་ཆེན་དུ་གཞིས་ཆགས་པ། རང་འགུལ་ངང་ས་གནས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་ཐོན་ལས་སྐྱེད་སྲིང་དང་། དམངས་འཚོ་འགན་ལེན། རྣམ་གྲངས་འཛུགས་སྐྲུན། ཉེན་ཁ་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཐད་ལ་དངུལ་རྩའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོ་མོས་བསྟན་དོན། མིག་སྔར་བདེ་ཆེན་གྱིས་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་བརླིང་བཅས་དོན་ཆེན་བཞིར་དམ་པོར་དམིགས་ནས། ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས། ཏུའུ་ཡུས་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ཉི་ལང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལམ་དུམ་དང་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་སོགས་རྣམ་གྲངས་གལ་ཆེན་ཁག་གཅིག་མགྱོགས་མྱུར་དོན་འཁྱོལ་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་རྒྱུན་མཐུད་ངང་ཆེ་རུ་ཕྱིན། བདེ་ཆེན་དང་ཧྥུའུ་ཏེན་དངུལ་ཁང་མཉམ་ལས་བྱས་པའི་རྨང་གཞི་བརྟན་པོ་ཡིན་པ་དང་མདུན་ལམ་ཡངས་པས། ཧྥུའུ་ཏེན་དངུལ་ཁང་གིས་ས་གནས་དེ་གའི་གྲོང་ཁྱེར་དང་ཚོང་ལས། དངུལ་ཁང་གི་ཐབས་ཇུས་སྦྲེལ་ཐག་ཐུང་བ་དང་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་བ། ཞིང་ཆེན་དང་ཁུལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱེད་དེ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་དམིགས་པ་དང་། གཙོ་གནད་ཐོན་ལས་སྐྱེད་སྲིང་དང་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ། ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ། ཀུན་ཕན་དངུལ་རྩ་ཟབ་ཏུ་གཏོང་བ། དམངས་འཚོའི་ཞབས་ཞུ་ཡག་པོ་སྒྲུབ་པ་བཅས་བྱས་ནས། གསོག་འབོར་རྒྱུ་ནོར་གང་འགབ་ཅི་སྤྱོད་ལ་རམ་འདེགས་ཧུར་ཐག་བྱེད་པ་དང་། ཉེན་ཁ་སྣ་ཚོགས་འགོག་ཟོན་དང་སེལ་ཏེ། ཡིད་རྟོན་དངུལ་བུན་གྱི་གྲངས་འབོར་དང་གཟིགས་སྐྱོང་སྐྱེད་ཚད། དངུལ་རྩའི་ཐོན་རྫས་གསར་གཏོད་བཅས་ཀྱི་ཐད་བདེ་ཆེན་ལ་མུ་མཐུད་གཟིགས་སྐྱོང་བྱེད་དགོས་པའི་རེ་བ་ཡོད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་ཁག་གིས་རྒྱུན་རྣམ་ཅན་གྱི་སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། རང་འགུལ་ངང་མདུན་ཕྱོགས་སུ་ཞབས་འདེགས་ཞུ་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ། དངུལ་རྩའི་སྐྱེ་ཁམས་བཟང་པོ་རྒྱུན་མཐུད་ངང་གསོ་སྐྱོང་བྱེད་དགོས། ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་གང་མགྱོགས་གསེད་བཀྲོལ་དང་འཐུས་སྒོ་ཚང་དུ་གཏོང་བ། དུས་གཅིག་ཏུ་དངུལ་རྩའི་ཐོན་རྫས་ཡོངས་བསྒྲགས་ཚོགས་འདུའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས། སྲིད་གཞུང་དང་དངུལ་ཁང་གཉིས་ཁེ་མཉམ་ཕན་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

ཙེང་ཞའོ་སུང་གིས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔ་ནས་ད་བར་ཧྥུའུ་ཏེན་དངུལ་ཁང་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཧྥུའུ་ཏེན་དངུལ་ཁང་གི་མིག་སྔར་གྱི་གཉེར་སྐྱོང་འཁོར་སྐྱོད་དང་ལས་སྒོའི་བཀོད་པ། ཡུན་རིང་གི་འཕེལ་རྒྱས་འཆར་འགོད་བཅས་ངོ་སྤྲོད་བྱས་པ་རེད། ཁོང་གིས་བསྟན་དོན། བདེ་ཆེན་གྱི་ཁྱད་ལྡན་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པས། ཧྥུའུ་ཏེན་དངུལ་ཁང་གིས་རྒྱུན་མཐུད་ངང་བདེ་ཆེན་གྱི་ཁྲོམ་ར་ཟབ་ཏུ་བཏང་ནས་དངུལ་རྩའི་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། བདེ་ཆེན་གྱིས་“4+2+N”ཡི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པའི་དམིགས་ཚད་ལ་དམ་པོར་དམིགས་ནས།རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་གཙོ་གནད་ཐོན་ལས་སྐྱེད་སྲིང་། ཉེན་ཁ་ཐག་གཅོད་དང་སེལ་བ། ཁྱད་ལྡན་དངུལ་རྩའི་རྣམ་པ་གཏོད་པ་སོགས་ཀྱི་ཐད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། རྒྱུན་མཐུད་ངང་དངུལ་རྩའི་ཐོན་རྫས་གསར་གཏོད་དང་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་བཏང་ནས། དངོས་སྒྲུབ་ནུས་ལྡན་གྱི་དངུལ་རྩའི་བྱ་ཐབས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ།

ཧྥུའུ་ཏེན་དངུལ་ཁང་གི་ཏང་ཨུའི་ཨུ་ཡོན།  ཧང་ཀྲང་གཞོན་པ་ཝང་ཁེ་ཆང་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་གོ་ཀྲུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

འགན་འཁུར་རྩོམ་སྒྲིག་པ།:江初卓玛

  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་གིས་ཧྥུའུ་ཏེན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས།

མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད——ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།

བདེ་ཆེན་འཐུས་མི་ཚོགས་པ་ལ་ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཐོག་གྲུབ་འབྲས་བཟང་པོ་ཐོབ།

རྒྱང་སྐྱོད་རྒྱུན་འཛིན་བྱས་ནས་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ།—— ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ལི་ཡན་ལན་གྱིས་2026ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་བྱས་དོན། དམིགས་འབེན་ལ་དམ་པོར་དམིགས་པ་དང་ཆད་འཛོལ་ཞིབ་བཤེར་དང་སྐྱོན་ཆ་ཁ་གསབ་བྱེད་པ་དང་ཤུགས་ཡོངས་ནས་དཔྱད་ཞིབ་བསུ་བའི་མཁྲེགས་གཏོར་དམ་འཛིན་བྱེད་དགོས།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།

བདེ་ཆེན་ཁུལ་གྱི་མིག་སྔའི་སྤྱི་ཚོགས་བརྟན་ལྷིང་ལས་དོན་བཀོད་གཏོང་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིགས་སོ་སོའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱས་ནས་“དོན་ཆེན་མི་བྱུང་བ་དང་དོན་ཆུང་ཚོད་འཛིན་ཐུབ་པའི་”ལས་དོན་གྱི་རྣམ་པ་ཡག་པོ་ཁག་ཐེག་བྱེད་དགོས།

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པ་ལྷ་ས་ནས་མཇུག་བསྒྲིལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com