中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད——ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།

རྩོམ་པ་པོ་:马建军 江初 张燕 ཁྱབ་བསྒྲགས་དུས་ཚོད་:2026-10-28 16:40:20 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་10པའི་ཚེས་22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད་རྒྱུར་ཁ་ཕྱོགས་གསལ་པོ་སྟོན་ཡོད་པ་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས་གོ་བ་ནན་ཏན་ལེན་པ་དང་གསུང་བཤད་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་དེ་བླ་ན་མེད་པའི་ཕུགས་འདུན་དད་སེམས་བརྟན་པོར་གཏོང་བ་དང་། དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལ་གདོང་གཏོད་ཕོད་པ་དང་རྣམ་པར་རྒྱལ་མཁས་པ་བྱས་ནས་སྔར་བས་དཔའ་ངར་སྐྱེད་པའི་དཔའ་སེམས་དང་སྔར་བས་ཧུར་བརྩོན་དང་བྱས་རྗེས་ལྡན་པའི་བྱེད་ཐབས་ལ་བརྟེན་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་བསྐྱོད་དགོས།

བདེ་ཆེན་ཁུལ་མི་རིགས་ལས་དོན་ཨུ་ལྷན་གྱི་དཔལ་འབྱོར་འཕེལ་རྒྱས་ཚན་ཁག་གི་འགོ་འཛིན་གཡང་འཛོམས་ཀྱིས་དམར་དམག་རྒྱང་སྐྱོད་བྱས་ནས་བདེ་ཆེན་དུ་བརྒྱུད་པ་ནི་བདེ་ཆེན་གྱི་གསར་བརྗེའི་རྒྱུ་ནོར་རྩ་ཆེ་ཤོས་ཡིན་ལ།  མི་རིགས་མཐུན་སྒྲིལ་སྙིང་སྟོབས་ཀྱི་འབྱུང་རྩ་དེ་བས་ཡིན། མིག་སྔར། བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་རེས་སྐོར་གཉིས་པར་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད།  བདེ་ཆེན་ཁུལ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱུན་མཐུད་ངང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་རྒྱུན་རྣམ་ཅན་གྱིས་བདེ་ཆེན་གྱི་རྒྱང་སྐྱོད་གཏམ་རྒྱུད་ཡག་པོ་བཤད་དེ། གསར་བརྗེའི་ཁྲག་རྒྱུད་རྒྱུན་འཛིན་དང་མཐུན་སྒྲིལ་གྱི་གཞི་རྒྱུ་རྗེས་མཐུད་བྱེད་པ། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་དེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་“སྲོག་ཤིང་ལ་བརྩི་བཀུར།  བློ་ཁ་པེ་ཅིང་ལ་གཏོད་པ”་དང་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ཚོར་བ།  ཏང་གི་རྗེས་སུ་འབྲངས་བར་ཁྲིད་སྟོན་བྱས་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལམ་བུར་ཡག་པོ་སྐྱོད་པར་འབད་དགོས་ཞེས་ཟེར།

བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གི་སྐད་ཡིག་དགེ་རྒན་ལི་ཏུང་མིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ཉན་རྗེས་སྤྲོ་སེམས་རབ་ཏུ་འཁོར་བྱུང་། བདེ་ཆེན་མཐོ་སྒང་སྟེང་གི་མཐོ་འབྲིང་སྐད་ཡིག་དགེ་རྒན་ཞིག་ཡིན་པའི་ཆ་ནས། རྒྱང་སྐྱོད་ནི་སྔར་ནས་བཟུང་སློབ་དེབ་ནང་གི་ཡི་གེ་དུམ་བུ་ཁོ་ན་ཞིག་མ་ཡིན་པར་བདེ་ཆེན་གྱི་མི་རིགས་ཁག་གི་སློབ་མར་བཤད་དགོས་པའི་དད་མོས་གསོན་པོ་ཞིག་དེ་བས་ཡིན་ཞེས་སྟོན་པ་དང་།  དེང་ཕྱིན།  ལི་ཏུང་མིང་གིས་འཆད་སྟེགས་སྲུང་ནས་བླ་སྲོག་གསོ་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ཏེ་རྒྱང་སྐྱོད་ཀྱི་གཏམ་རྒྱུད་སློབ་མའི་སེམས་སུ་འཆད་རྒྱུ་དང་། སློབ་མས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་ཁྲོད་ནས་དད་སེམས་བརྟན་པོ་དང་དཀའ་སྤྱད་འབད་འཐབ་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དེ། ཁྱིམ་ཚང་དང་རྒྱལ་ཁབ་སེམས་ལ་བཅངས་ནས་ཕ་ཡུལ་དུ་རྩ་བ་ཚུགས་ཏེ་ཕ་ཡུལ་འཛུགས་སྐྲུན་དང་མེས་རྒྱལ་ལ་དྲིན་ལན་འཇལ་བའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་ཧུར་ཐག་འཚར་ལོངས་བྱུང་བར་ཁྲིད་སྟོན་བྱ་རྒྱུ་རེད།

བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གི་ལས་དོན་མི་སྣ་ལི་ཞའོ་ཚུའེ་ཡིས་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་བལྟས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ཉན་རྗེས་སེམས་ཀྱི་རྦ་རླབས་ལང་ལོང་འཕྱུར་ཞིང་སྐུལ་མ་ཟབ་མོ་ཐེབས་བྱུང་།  བདེ་ཆེན་མཐོ་སྒང་གི་མི་རིགས་སློབ་གསོའི་ལས་ཡུལ་དང་པོར་གཞི་ཚུགས་པ་དང་སློབ་གྲྭའི་ཏང་དང་མང་ཚོགས་དྲིལ་བསྒྲགས་ལས་དོན་སྒྲུབ་པའི་ཏང་དོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་འཁྲི་འགན་ནི་གཟི་བརྗིད་ལྡན་པ་དང་འགན་འཁྲི་ལྕི་པོ་ཡིན་པའི་ཚོར་སྣང་བྱུང་། ཕྱིན་ཆད། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་ཁྲིད་ཕྱོགས་སུ་བྱེད་དེ་བདེ་ཆེན་མཐོ་སྒང་དུ་གཞི་ཚུགས་པ་དང་མི་རིགས་སློབ་གསོ་ལ་བརྩེ་སེམས་བཅངས་བ།  ཏན་ཏན་ཏིག་ཏིག་དང་མུ་མཐུད་འབད་འཐབ་བྱེད་དེ་སྤྱིར་བཏང་གི་ཏང་དང་མང་ཚོགས་དྲིལ་བསྒྲགས་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་ཧུར་ཐག་བཏོད་དེ་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དེ་གངས་ལྗོངས་ཀྱི་སློབ་གྲྭར་དུས་རབས་ཀྱི་འོད་ཟེར་གསར་པ་འཕྲོ་ཐུབ་པ་བྱས་ནས་སློབ་གྲྭའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ་ལ་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་པ་བྱེད་དགོས་ཞེས་སྟོན།

འཇོལ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཆའོ་རིན་ཞུས་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་དམར་དམག་གི་འཐབ་འཛིང་པ་ཚོར་ཟས་གོས་དཀོན་པ་དང་། དགྲ་བོ་སྟོབས་ཆེན་གྱིས་སྐོར་འདེད་བཀག་འགོག་བྱས་པས། ཁོང་ཚོས་རི་ཆུ་ཁྲི་སྟོང་མང་པོ་བརྒལ་བར་འདེགས་སྐྱོར་བྱེད་པ་ནི་གསར་བརྗེའི་ཕུགས་བསམ་དོན་གཉེར་མཐའ་གཅིག་ཏུ་བྱེད་པ་དེ་རེད། རིག་རྩལ་འཐབ་ཕྱོགས་ལའང་རང་ཉིད་ལ་དབང་བའི་རྒྱང་སྐྱོད་ལམ་བུ་ཡོད་ཅིང་། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་ནི་རྫོང་ཁོངས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་ལེན་བསྟར་བའི་བསམ་པའི་མཛུབ་ཁྲིད་སྟོབས་ཆེན་ཞིག་རེད། གཞི་རིམ་གྱི་རིག་རྩལ་ལས་བྱེད་པ་ཡིན་པའི་ཆ་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་རྒྱ་ཆེ་བའི་རིག་རྩལ་ལས་དོན་པས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་གཏོང་བ་དང་བླ་ན་མེད་པའི་ཕུགས་འདུན་དད་སེམས་བཅངས་པ།  སེམས་རྣལ་དུ་ཕབ་ནས་ཕ་ཡུལ་དུ་གཞི་ཚུགས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་འཇོལ་གྱི་གསར་བརྗེའི་གཏམ་རྒྱུད་དང་འབད་འཐབ་ཀྱི་གཏམ་རྒྱུད་བྲིས་ནས་དད་མོས་ཀྱི་སྟོབས་ཤུགས་དེ་རིག་རྩལ་བརྩམས་ཆོས་བརྒྱུད་ནས་སྤྲོད་སྤེལ་བྱེད་དུ་བཅུག་རྒྱུ་ཞེས་སྟོན། 

འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་པའེ་ཧོ་ཧྲན་སྡེ་ཁུལ་གྱི་ཀྲུའུ་རེན་ཝའེ་ཡུང་པའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མི་རྣམས་ལ་སྐུལ་མ་ཟབ་མོ་ཐེབས། “མི་རབས་གཅིག་ལ་མི་རབས་གཅིག་གི་རྒྱད་སྐྱོད་ལམ་བུ་ཡོད།” རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད་རྒྱུ་ནི་“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་གཞི་རྩར་འཛིན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུ་དེ་རེད།  སྡེ་ཁུལ་ནི་མང་ཚོགས་ལ་ཞབས་འདེབས་ཞུ་བའི་ལས་ཡུལ་དང་པོ་ཡིན།  པའེ་ཧོ་ཧྲན་སྡེ་ཁུལ་གྱིས་ཡུན་ནན་གྱི་“གནས་ངེས་གསུམ་”དང་ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ཏེ་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཁྲིད་སྟོན་བྱེད་པ་དང་། དྲ་མིག་ཅན་གྱི་ཞབས་ཞུ་ཏན་ཏིག་སྒྲུབ་པ། བརྩེ་སེམས་ལ་བརྟེན་ནས་མང་ཚོགས་ཀྱི་ཛ་དྲག་དང་དཀའ་གནད་ཐག་གཅོད་བྱས་ཏེ། མངའ་ཁུལ་མང་ཚོགས་ཀྱི་སྡོམ་ཤུགས་གོང་བུར་འགྲིལ་བ། གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ལ་བརྟེན་ནས་ས་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེབས་ཞུ་བ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྡེ་ཁུལ་གྱི་དྲིས་ལན་སྤྲོད་རྒྱུ་ཞེས་ཟེར། 

འབའ་ལུང་རྫོང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཀུའོ་ཧྲན་ཧྲན་གྱིས་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པའི་ལོ་ངོ་90ཡི་གཟི་བརྗིད་ལྡན་པའི་ལོ་ཟླ་ལ་ཕྱིར་མིག་བལྟས་ཚེ། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དེ་དུས་དང་བར་སྟོང་ལས་བརྒལ་བ་དང་ལོ་རྒྱུས་ཡུན་རིང་ལྡན་པ། ཐོག་མཐའ་བར་གསུམ་དུ་ང་ཚོ་འབད་བརྩོན་མདུན་སྐྱོད་བྱེད་པའི་དད་མོས་ཀྱི་སྒྲོན་སྟེགས་ཡིན། ཏང་གི་སློབ་གྲྭའི་དགེ་རྒན་ཞིག་ཡིན་པའི་ཆ་ནས། མི་རིགས་སྣ་མང་འདུས་སྡོད་བྱས་པའི་འབའ་ལུང་དུ་ཡོད་པས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་དང་། གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་པ། གསར་བརྗེའི་ཁྲག་རྒྱུད་རྗེས་མཐུད་བྱེད་པ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་བཅས་ཀྱི་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཡོད། ཕྱིན་ཆད། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དེ་ཏང་གི་སློབ་གྲྭའི་སློབ་ཁང་དུ་སློབ་ཁྲིད་བྱེད་པར་མཉམ་འདྲེས་བྱེད་དེ་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་ཁྲོད་ནས་འགག་སྒྲོལ་དཀའ་སེལ་གྱི་བསམ་པའི་སྟོབས་ཤུགས་ཆེན་པོ་བསྡུ་ལེན་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་དངོས་སུ་ཏན་ཏིག་བསྒྱུར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ལས་འགན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཏན་ཏན་ཏིག་ཏིག་གིས་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་པར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་སྟོན།

ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱ་རྒྱུ་དེ་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་དངོས་སུ་འགྱུར་བ་དང་། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ལས་གནས་ལ་གཞི་ཚུགས་ཏེ་འགན་འཁྲི་འཁུར་བ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ཁྲོད་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད་རྒྱུ་ཡིན་ཞེས་སྟོན། 

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད——ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།

བདེ་ཆེན་འཐུས་མི་ཚོགས་པ་ལ་ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཐོག་གྲུབ་འབྲས་བཟང་པོ་ཐོབ།

རྒྱང་སྐྱོད་རྒྱུན་འཛིན་བྱས་ནས་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ།—— ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ལི་ཡན་ལན་གྱིས་2026ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་བྱས་དོན། དམིགས་འབེན་ལ་དམ་པོར་དམིགས་པ་དང་ཆད་འཛོལ་ཞིབ་བཤེར་དང་སྐྱོན་ཆ་ཁ་གསབ་བྱེད་པ་དང་ཤུགས་ཡོངས་ནས་དཔྱད་ཞིབ་བསུ་བའི་མཁྲེགས་གཏོར་དམ་འཛིན་བྱེད་དགོས།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།

བདེ་ཆེན་ཁུལ་གྱི་མིག་སྔའི་སྤྱི་ཚོགས་བརྟན་ལྷིང་ལས་དོན་བཀོད་གཏོང་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིགས་སོ་སོའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱས་ནས་“དོན་ཆེན་མི་བྱུང་བ་དང་དོན་ཆུང་ཚོད་འཛིན་ཐུབ་པའི་”ལས་དོན་གྱི་རྣམ་པ་ཡག་པོ་ཁག་ཐེག་བྱེད་དགོས།

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པ་ལྷ་ས་ནས་མཇུག་བསྒྲིལ་བ།

ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་འབྲེལ་ཡོད་ལས་དོན་སྙན་སེང་འབྲེལ་མཐུད་བྱས་ པར་བསྐྱོད་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com