中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”གྲུབ་འབྲས་དངོས་ཀྱི་རྒྱུགས་ལན།

ཁྱབ་བསྒྲགས་དུས་ཚོད་:2026-01-20 18:16:52 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་ཀྱིས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་པོ་བཏིང་བས། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་ཞི་མཐུན་བརྟན་ལྷིང་བྱུང་ཡོད།

  མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་ཀའི་གཞི་འཛིན་ས་དང་ཤུགས་རྒྱག་སར་བརྩིས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི“སྔོན་འགོག”གི་རང་འགུལ་དམག་འཐབ་དང“ཐག་གཅོད”ཀྱི་གྲ་སྒྲིག་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་པ་དང་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་པོ་བསྲུངས་ཏེ་ཁུལ་ཡོངས་ཀྱིས་ལོ་17བསྟུད་མར“དོན་ཆེན་མི་ཐོན་པ་དང་དོན་ཆུང་ཚོད་འཛིན་ཐུབ་པའི”རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས་རང་ཁུལ་འདི་ཉིད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ཞིག་ཏུ་གྲུབ་འབྲས་ཐོབ་པའི་ངང་གསར་གཏོད་ཐུབ་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང(གྲོང་ཁྱེར)ཞིག་ཏུ་གསར་གཏོད་ཐུབ་པ་བཅས་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ(ཚན་པ)5དང་། ཞིང་ཆེན་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ(ཚན་པ)43 མཉམ་སྡེབ་3  མི་སྒེར་9བཅས་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟེངས་བསྟོད་ཐོབ། མི་རིགས་ཀྱི་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་བཅོས་སྐྱོང་བྱས་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཐུན་པར་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཡུན་ནན་དང་སི་ཁྲོན་གྱི་འབྲེལ་མཚམས་ས་ཁུལ་གྱི་ཉེ་བའི་ལོ་བརྒྱའི་རིང་གི་ཐོན་ཁུངས་བེད་སྤྱོད་ཀྱི་རྩོད་གཞི་ལེགས་འགྲུབ་ངང་ཐག་གཅོད་བྱས་པ་དང་། ལོ་གསུམ་བསྟུད་མར་མི་བསད་གྱོད་གཞི་ཇེ་ཉུང་དུ་ཕྱིན་པ། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཚད་ལེན་དཔྱད་བསྡུར་བྱེད་ཚད་2020ལོའི་92.4%ནས་2025ལོའི་97.5%བར་འཕར་བ་བཅས་རེད

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ་དང་། ཁྱད་ལྡན་ཐོན་ལས་ཀྱི་མ་ལག་སྐྱེད་སྲིང་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གོམ་སྟབས་གསར་པ་སྤོས་ཡོད། 

  ཁུལ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་300ཡི་འགག་སྒོ་ལས་བརྒལ། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་ཞིང་ཆེན་ཡོངས་ཀྱི་ཨང་བཞི་བ་ཡིན། ཐོན་ལས་དང་པོ་གཉིས་པ་གསུམ་པའི་བསྡུར་ཚད་དེ་6.9:38.5:54.6ནས་བ7:31.6:61.4ལ་ལེགས་སྒྱུར་བྱས། ཁུལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དེ་2020ལོའི་སྒོར་དུང་ཕྱུར་15.01ནས་2025ལོའི་སྒོར་དུང་ཕྱུར་18.49བར་འཕར་བ་དང་ལོར་ཆ་སྙོམས་4.27%འཕར་བ་བྱེད་དགོས་པའི་གཏན་འཁེལ་བྱས་པ་རེད། ཀ་རྟེན་ཐོན་ལས་ཆེན་པོ་བཞིའི་འཕར་མའི་རིན་ཐང་གིས་GDPཡི་བསྡུར་ཚད་བཟུང་ཚད་40%ལྷག་ཙམ་ཟིན་པ་དང་། ཐོན་ལས་མ་འཇོག་གིས་གཏན་འཇགས་རྒྱུ་ནོར་མ་འཇོག་གི་བསྡུར་ཚད་བཟུང་ཚད་50%ལྷག་ཙམ་ཟིན་པ། བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལས་ཕྱོད་གདེང་འཇོག་སྟོན་གྲངས་མགྱོགས་མྱུར་ལེགས་སུ་འགྲོ་བའི་རྣམ་པ་ཐོན་ནས་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད།  རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་བཏང་ནས་རྒྱལ་ཁབ་རིམ་པའི་མི་རིགས་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་བདེ་བླག་ངང་བཏོད་པ་དང་། འཛམ་གླིང་ཐོག་གི“སེམས་ཀྱི་ཉི་ཟླའི”སྤུས་རྟགས་ཀྱི་ཤུགས་རྐྱེན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། 2025ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་གྱི་འགྲོ་གྲོན་བསྡོམས་འབོར་སོ་སོར་2020ལོའི་ལྡབ་4.27དང་ལྡབ་3.67ཟིན་པ་བཅས་རེད།  ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་གསར་གཏོད་འཕེལ་རྒྱས་བཏང་ནས་ཧྲུན་ཧྥུང་བེ་ཤ་དངོས་ཟོག་ཡོངས་འདྲེན་གནམ་གྲུའི་མཁའ་ལམ་ཤར་གཏོང་ཐུབ་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དེ་རྒྱལ་ཡོངས་ཀྱི་བེ་ཤ་གསོ་ཚགས་ཀྱི་འདུ་གནས་ཆེ་ཤོས་སུ་གྱུར་པ། སེམས་ཀྱི་ཉི་ཟླའི་བེ་ཤའི་སྤུས་རྟགས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པ། འབའ་ལུང་རྫོང་དང་འཇོལ་རྫོང་གཉིས་ཞིང་ཆེན་རིམ་པའི“རྫོང་གཅིག་ལས་རིགས་གཅིག”གི་དཔེ་སྟོན་རྫོང་དང་ཁྱད་ལྡན་རྫོང་དུ་བདམས་པ།  གློག་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་ཆན་ཝ་ཁྲི་569.7ཟིན་པ་དེ་2020ལོ་དང་བསྡུར་ན་ཆན་ཝ་ཁྲི་154.58འཕར་བ་དང་། ལྗང་མདོག་ནུས་རྒྱུའི་འཕར་ཐང་སྒོར་དུང་ཕྱུར་50ཟིན་ནས་འཕར་ཚད་48.8%ཟིན་ཡོད། ཕུའུ་ལང་ཟངས་གཏེར་དེ་རྒྱལ་ཡོངས་ཀྱི་5Gབཟོ་ལས་བཀོལ་སྤྱོད་བྱས་པའི་མདོག་ལྡན་ལྕགས་རིགས་ས་འོག་གཏེར་རི་ཐོག་མ་དེར་གྱུར་ཡོད།   སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་པ་དེ་བདེ་ཆེན་འདི་ཉིད་མྱུར་བགྲོད་དུས་རབས་དང་སྒུལ་འཁོར་དུས་རབས་སུ་བསྐྱོད་པ་མཚོན། མི་ཁྲི་རེར་5Gསྦྲེལ་ཚུགས་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་། ཁྱིམ་ཚང་གི་ཀྲའོ་སྟོང་འོད་སྐུད་ཁྱབ་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ། རིམ་རྩིས་བྱས་ན་ཁྲལ་གྲོན་སྒོར་དུང་ཕྱུར་46.69ཆག་ཡང་དང་རྩ་ཆག་བཏང་བ། གྲོང་གསེབ་དར་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་བ་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་55.91བརྩོན་ལེན་བྱས། ཧྲང་ཧའེ་དང་ཡུན་ནན་གྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་8.62དང་། རྣམ་གྲངས་1160ལག་བསྟར་བྱས། མཛེས་སྡུག་ལྡན་པའི་གྲོང་གསེབ་33འཛུགས་སྐྲུན་ལེགས་གྲུབ་བྱུང་། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་སྒོ་དང་། གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་སྒོ་ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད་སོ་སོར་6.91%དང་། 9.5%ལ་སླེབས་ཤིང་། འཕར་ཚད་ཚང་མ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

རི་ཀླུང་སྔོ་ལྗང་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་སྟེ།   མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་གཏོང་།

  སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་དམར་ཐིག་ཁྱབ་ཚད་དེ་ཁུལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི་63.26%བཟུང་བ་དང་ནགས་ཚལ་ཁྱབ་ཚད་63.98%ཟིན་པ།  ལྷ་མོ་སྟོང་མཚོ་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་ཐོ་ནང་བཅུག་པ།  རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན།  ལོ་རེར་ཆ་སྙོམས་སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་ཀྱི་རྒྱ་ཁྱོན་མུའུ་ཁྲི་1017.42དོན་འཁྱོལ་བྱས་ནས།  རིམ་རྩིས་བྱས་ན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་5.1བཏང་།  ཁུལ་ཡོངས་ཀྱི་མཁའ་དབུགས་ཀྱི་སྤུས་ཚད་བཟང་བའི་ཉིན་གྲངས་བསྟུད་མར་ལོ་ལྔ་ལ་100%རྒྱུན་འཁྱོངས་བྱས་ནས།  ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།   རྒྱལ་ཁབ་ས་ངོས་ཆུའི་ལྟ་ཞིབ་ཚད་ལེན་བཤགས་ངོས་ཀྱི་ཆུའུ་སྤུས་ཚད་ལེགས་པའི་བསྡུར་ཚད་100%ཟིན་ནས།  སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྟོན་གྲངས་“རིགས་དང་པོའི”ཚད་གཞི་རྒྱུན་འཁྱོངས་ཐུབ་པ།  སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་བསྟུད་མར་ལོ་ལྔ་ལ་ཞིང་ཆེན་རིམ་པའི་དཔྱད་ཞིབ་ཀྱི་ཕུལ་བྱུང་གྲས་སུ་ཚུད་པ།  སྦགས་བཙོག་དངོས་རིགས་ཉུང་འཕྲི་དང་འབུད་སྐྱུར་གྱི་ལས་འགན་ཚང་མ་ཚད་བརྒལ་ངང་ལེགས་གྲུབ་བྱུང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བཅོས་སྒྲིག་བྱེད་ཚད་96.77%ཟིན།  ས་ཆུ་སྲུང་འཛིན་བྱེད་ཚད་87.31%་དང་པོར་སླེབས།   ས་ཆུ་སྲུང་འཛིན་ཐུབ་ཚད་87.31%ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་།  ཁུལ་རིམ་པ་དང་འབའ་ལུང་རྫོང་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཙུགས་པ་དང་།  འཇོལ་རྫོང་གིས་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་དུ་བཙུགས་པ།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཞིང་ཆེན་རིམ་པའི་མཛེས་སྡུག་གྲོང་ཁྱེར་དུ་བཙུགས་པ།  ཁུལ་ཡོངས་ཀྱི་སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་བློ་ཡིད་ཚིམ་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་སུ་ཤུགས་ཆེན་བཏང་སྟེ།  སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་ཆེ་རུ་མངོན་གསལ་དོད་པོ་ཕྱིན།  

  དམངས་འཚོའི་ཁྱབ་ཁོངས་ཀྱི་ནོར་སྲིད་གཏོང་སྒོའི་བསྡུར་ཚད་དེ་དུས་ཡུན་རིང་པོར་80%ཡན་རྒྱུན་འཁྱོངས་ཐུབ་ཡོད།  ཞིང་ཆེན་ཡོངས་སུ་སྔོན་ལ་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་ལེན་བསྟར་བ་དང་།  སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་སྒོ་བྱང་བཀལ་ནས་བཙུགས་པ།  མཐོ་རིམ་སློབ་གསོའི་ཐད་“གཅིག་ཀྱང་མེད་པ་”ལས་བརྒལ་བ།  དམིགས་བསལ་སློབ་གསོ་འཕེལ་རྒྱས་མྱུར་པོ་ཕྱིན་པ།   “སྒྲིག་ཁུངས་སུ་མེད་པའི་སློབ་གྲྭའི་སློབ་སྤྱིའི་”ལས་ཀའི་བྱ་ཐབས་དེ་ཞིང་ཆེན་ཡོངས་ཀྱི་སློབ་གཉེར་བྱེད་སྟངས་ཡག་པོ་བཅུའི་ནང་བདམས་པ།  དུས་རབས་ཀྱི་རིམས་ནད་ཀྱི་རྡབ་རྡེག་ཁྱད་བསད་ནུས་ལྡན་བྱས་ཏེ།  ཡུན་ནན་ཞིང་ཆེན་བོད་སྨན་ཁང་བདེ་ཆེན་དུ་བདེ་བླག་ངང་བཙུགས་པ།  ཁུལ་འགོས་ནད་སྨན་ཁང་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་སྨན་ཁང་།  འབའ་ལུང་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་།  འཇོལ་རྫོང་མི་དམངས་སྨན་ཁང་གཉིས་པ་སོགས་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ།  ལས་བཟོ་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་སྨན་བཅོས་འགན་བཅོལ་ནས་གཏོང་སྤྲོད་བྱེད་ཚད་92%་དང་70%་ཡན་བརྟན་སྲུང་བྱས།   ལས་ཞུགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་4.89བཏང་ནས།  སྤྱི་ཕན་རང་བཞིན་གྱི་ལས་གནས་མི་ཐེངས་ཁྲི་3.32གསར་སྤེལ་དང་བཀོད་སྒྲིག་བྱས་ཏེ།  གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་གཞན་སྒྱུར་ལོ་ལྟར་མི་ཁྲི་12ཡན་བརྟན་སྲུང་བྱས་ནས།  མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་དང་ལས་གཏོད་ཀྱི་ཞབས་འདེགས་ཞུས་པར་མི་ཐེངས་ཁྲི་2.08ཟིན་པ།  ལས་ཞུགས་ཀྱི་“བདེ་སྐྱིད་ལྡན་པའི་འཚོ་བའི་”སྡེ་ཁུལ་3དང་ཉིན་གླའི་ཁྲོམ་ར་4  ལས་གཏོད་ཀྱི་ལས་སྟེགས་4བཅས་བསྐྲུན་པ།  སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་10.21བཏང་ནས།  དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི་30.93ལ་རོགས་སྐྱོབ་བྱས་པ།   གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་།  དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་འགན་སྲུང་བཅས་ཀྱི་ཚད་གཞི་2020ལོ་ལས་སོ་སོར་16%་དང་49%21%་བཅས་མཐོ་རུ་གཏོང་།  སྤྱི་ཚོགས་ཀྱི་ཁེ་ཕན་མུ་མཐུད་ལེགས་སུ་བཏང་སྟེ།  རྫོང་དང་ཤང་།  གྲོང་ཚོ་བཅས་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་ཟིན་ཏེ།  དམངས་གཉེར་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་དང་པོ་བསྐྲུན་ནས་ལས་གཉེར་བྱེད་འགོ་ཚུགས་པ།  དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་ཁེ་ཕན་གྱི་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་ཞིང་།   དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་རྣམ་གྲངས་གཉིས་དམིགས་ཚད་མང་ཚོགས་ཚང་མར་ཁྱབ་པ་བྱས་ཡོད།

 

 

 

责任编辑:江初卓玛 万玛措

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

བདེ་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”གྲུབ་འབྲས་དངོས་ཀྱི་རྒྱུགས་ལན།

2025ལོར་བདེ་ཆེན་ཁུལ་གྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།

མཐོ་སྒང་གི་ལེའུ་གསར་པ་བྲིས། བློ་སེམས་གཅིག་མཐུན་གྱིས་རྒྱང་རིང་ལ་བསྐྱོད།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་འགོ་ཚུགས་པའི་ཟུར་བྲིས།

གྲོས་གཞི་སྒྲུབ་ཚད་100%ཟིན་ནས་བློ་ཡིད་ཚིམ་ཚད་96.6%ཟིན་པ་དང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞི་གཉེར་སྒྲུབ་ལ་ཕན་འབྲས་ཐོབ་པ།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་སྒྲུབ་པར་གྲུབ་འབྲས་མངོན་གསལ་ཐོབ།ཨུ་ཡོན་བློ་ཡིད་ཚིམ་ཚད་100%ཟིན།

2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན། (དང་པོ།)

ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་སེམས་ཀྱི་ཉི་ཟླ་ནས་འགོ་ཚུགས།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་སེམས་ཀྱི་ཉི་ཟླ་ནས་གཟབ་རྒྱས་ངང་མགོ་བརྩམས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com