中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་འགན་འཁུར་བ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལེའུ་གསར་པ་ཞིག་འབྲི་དགོས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་གྱི་2025ལོའི་ལས་དོན་སྐོར་གྱི་མདོར་བསྡུས་གླེང་།

རྩོམ་པ་པོ་:马建军 ཁྱབ་བསྒྲགས་དུས་ཚོད་:2026-01-20 19:03:51 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  ལོ་གསར་པ་ཤར་བའི་སྐབས་རྣམ་པ་ཐམས་ཅད་གསར་དུ་བསྒྱུར། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”མཇུག་བསྒྲིལ་བ་དང“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་ལངས་ནས། འདས་ཟིན་པའི་ལོ་གཅིག་ལ་ཕྱིར་མིག་བལྟས་ཚེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་གྱི་ལས་འགན་སྒྲུབ་པའི་རྐང་རྗེས་བརྟན་པོ་དང་གསལ་པོ་ཡོད་ལ།  ཡང་དག་པའི་ལྟ་སྐུལ་ཡང་ཡང་བྱས་ནས་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད། བཅའ་ཁྲིམས་བཟང་པོ་དང་བཅོས་སྐྱོང་ལེགས་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱས་ནས། དམངས་འཚོ་དོན་དག་རེ་རེ་ཡིས་མི་སེམས་ལ་དྲོ་སྐྱིད་སྐྱེལ་ཡོད།  འཐུས་མིས་འགན་འཁྲི་སྒྲུབ་པའི་ཟམ་པ་དང་འབྲེལ་ཐག་གི་ནུས་པ་སྔར་ལས་མངོན་གསལ་དོད་པོ་འགྲོ་བཞིན་ཡོད།

  ལོ་གཅིག་རིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་གྱིས་ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་མཐའ་འཁྱོངས་བྱས་པ་དང་ཞི་ཅིང་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁུལ་ཡོངས་ཀྱི་ལས་དོན་ཡོངས་ལ་དམ་པོར་དམིགས་ནས།  ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ་དང་ཧུར་ཐག་འབད་ཐག་ངང་བྱ་སྤྱོད་སྤེལ་བ། བདེ་ཆེན་གྱི་ཡུན་རིང་བདེ་སྐྱིད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་ནས་དམངས་གཙོའི་ཁྲིམས་སྐྱོང་སྒུལ་ཤུགས་དྲག་པོ་བསྣན་ཡོད།
 

ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དམ་འཛིན་བྱས་པ

  ཏང་གི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་དམངས་ཆེན་ལས་དོན་གྱི་ཆེས་མཐོ་བའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་འགན་ལེན་ཡིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་དེ་ཨང་དང་པོར་བཞག་ནས“གཏན་འཁེལ་གཉིས”ཐག་གཅོད་རང་བཞིན་གྱི་དོན་སྙིང་གོ་བ་གཏིང་ཟབ་ལེན་པ་དང་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་རེད། གྲོས་གཞི་དང་པོའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། མུ་མཐུད་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཐོག་ནས་བསམ་བློ་ལ་དྲག་ཆས་སྤྲོད་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ།  ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།   ལོ་གཅིག་རིང་།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་གྱིས་རང་རྟོགས་ངང་ཏང་གི་འགོ་ཁྲིད་དེ་དམངས་ཆེན་ལས་དོན་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་ལ་ཁྱབ་པ་དང་། ཁུལ་ཨུ་ཡིས་མཛུབ་སྟོན་སྙན་ཞུ་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་འདོད་ཚུལ་དེ་ཁྲིམས་བཀོད་གཏན་འཁེལ་བྱེད་པའི་གོ་རིམ་བརྒྱུད་ནས་ཁུལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འདུ་ཤེས་སུ་འགྱུར་བར་འགན་ལེན་བྱས། དམངས་ཆེན་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཏང་ཨུའི་ལྟེ་བའི་ལས་དོན་དང་ཟློས་མཐུན་མཉམ་འདར་དང་གོམ་སྟབས་གཅིག་མཐུན་ཡོང་བར་འགན་ལེན་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས།  ཏང་ཨུའི་ལས་ཀའི་གཙོ་གནད་གང་དུ་ཡོད་ན་དམངས་ཆེན་གྱི་ལས་དོན་དེ་གར་རྗེས་འདེད་བྱེད་དགོས་ཞེས་ལག་ལེན་དུ་བསྟར་ཡོད།

ལྟེ་གནས་ཁྱོན་ཡོངས་ལ་དམིགས་ནས་ལྟ་སྐུལ་ལས་དོན་གནད་ལ་འཁེལ་བར་ནུས་ཤུགས་བཏོན་པ།

  ལྟ་སྐུལ་དབང་ཆ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དམངས་ཆེན་ལ་སྤྲད་པའི་འགན་དབང་གལ་ཆེན་ཞིག་ཡིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་གྱིས་བརྟན་ལྷིང་དང་འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་དམ་འཛིན་བྱས་ཏེ། ཡང་དག་པའི་ལྟ་སྐུལ་དང་ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་མཐའ་འཁྱོངས་བྱས་ནས། ཁྲིམས་འཛིན་ཞིབ་བཤེར་དང་ཆེད་དོན་ཞིབ་འཇུག  ཆེད་དོན་འདྲི་ཞིབ། འདྲི་རྩད་སོགས་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་སྤྱད་དེ་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་གཞི་ཚུགས་པར་སྐུལ་འདེད་བཏང་ཡོད།

  བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འཐབ་ཕྱོགས་དང་པོར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་ཁྲིམས་འཛིན་ཞིབ་བཤེར་སྒྲིག་འཛུགས་བྱས་ནས། ཁྲིམས་སྐྱོང་གི་བཀག་རྒྱ་བརྟན་པོ་བསྐྲུན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལས་དོན་ལ་ཆེད་དོན་བརྟག་ཞིབ་སྲ་བརྟན་དུ་བཏང་སྟེ། ཡུན་ནན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་ནས། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།  དཔལ་འབྱོར་འཕེལ་རྒྱས་ཀྱི་ཞབས་འདེགས་ཞུ་བའི་གནས་ཡུལ་གཙོ་བོར་བཅའ་ཁྲིམས་ལྟར་དཔལ་འབྱོར་ལས་དོན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད།  འཆར་གཞིའི་སྔོན་རྩིས་ལག་བསྟར་དང་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ། སྲིད་གཞུང་གི་བུ་ལོན་དོ་དམ་སོགས་ཆེད་དོན་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ། འཛམ་གླིང་རིམ་པའི་ཡུལ་སྐོར་འགྲོ་ས་གཙོ་བོར་དམིགས་ཏེ། འཐུས་མི་སྒྲིག་འཛུགས་བྱས་ནས་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་གི་ཆེད་དོན་འདྲི་རྩད་བྱས་ནས་ཐོན་ལས་རིམ་སྤོར་ལ་རོགས་རམ་བྱེད་པ་མ་ཟད།  ཁེ་ལས་པའི་མཚན་མོའི་གླེང་མོལ་བྱེད་སྒོ་གསར་གཏོད་གཉེར་བ་དང་ཁེ་ལས་ཀྱི་རེ་འདུན་ཁག་13ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་བཏང་ཡོད།   རི་ཀླུང་སྔོ་ལྗང་སྲུང་སྐྱོབ་བྱེད་པའི་མདུན་གྲལ་དུ་ལོ་འཁོར་གྱི་ཁོར་ཡུག་གནས་ཚུལ་སྙན་ཞུར་ཉན་ནས་གྲོས་ཞིབ་བྱས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་སྒྲུབ་པར་སྐུལ་མ་གཏོང་ནས། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྩྭ་ཐང་དོ་དམ་སྲོལ་ཡིག་ཁྲིམས་འཛིན་ཞིབ་བཤེར་བྱས་ཏེ། སྣོད་བཅུད་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་མཐུན་སྦྱོར་མཉམ་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགག་རྩའི་གནས་སུ། བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་གཅིག་སྲོལ་ཡིག་གཅིག་ཁྲིམས་འཛིན་ཞིབ་བཤེར་བྱས་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་བདེ་འཇགས་སྲུང་སྐྱོང་བྱ་དགོས། དངོས་མིན་རིག་གནས་ཤུལ་བཞག་དང་རྡོ་མཁར་གནའ་གྲོང་སྲུང་སྐྱོང་སྲོལ་ཡིག་ལག་བསྟར་བྱས་པར་ཕན་འབྲས་ཐོབ་ཡོད་ལ། རིག་གནས་ཤུལ་བཞག་གསོན་པོར་འགྱུར་བར་སྐུལ་འདེད་བཏང་ཡོད།

ཁྲིམས་བཟང་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་སྒྱུར་བཅོས་འཕེལ་རྒྱས་བཏང་བ།

  ཁྲིམས་སྐྱོང་རྨང་གཞི་བརྟན་དུ་གཏོང་རྒྱུ་ནི་སྒྱུར་འཕེལ་བརྟན་གསུམ་གྱི་རྨང་རྡོ་ལྟ་བུ་ཡིན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་ལས་ཀའི་ཁྲོད་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “གཅོད་ཁ་ཆུང་ངུ”དང་། ཁྱད་ཆོས་འབུར་ཐོན། དངོས་ཕན་རང་བཞིན་གཙིགས་སུ་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འཛུགས་དེ་སྔར་ལས་ལྷག་པར་བསྒྱུར་བཅོས་ཀྱི་དགོས་མཁོ་དང་འཚམ་པ་དང་། མི་དམངས་ཀྱི་རེ་སྒུག་ལ་ལན་སློག་ཐུབ་པར་བྱས་ཡོད། ལོ་གཅིག་རིང་《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོང་སྲོལ་ཡིག》《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་སྐོར་སྲོལ་ཡིག》སོགས་གཙོ་གནད་ཁྲིམས་འཛུགས་རྣམ་གྲངས་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གནའ་ཤིང་གྲགས་ཅན་སྲུང་སྐྱོང་དོ་དམ་སྲོལ་ཡིག》ལ་ཁྲིམས་བཟོས་རྗེས་ཀྱི་དཔྱད་དཔོག་ཐེངས་དང་པོ་བྱས་ནས་ཁྲིམས་འཛུགས་ཀྱི་ཕན་འབྲས་ལ་ཞིབ་བཤེར་བྱས་པ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་དང་ཞིབ་བཤེར་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ལོ་ཧྲིལ་པོར་གྱོད་གཞི་10ལ་ཞིབ་བཤེར་བྱས་པ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྱོད་གཞི་2སྙན་སེང་ཞུས་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། 

དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དམངས་ལ་ཕན་པ་ཐོབ་རྒྱུར་སྐུལ་འདེད་བཏང་བ། 

  རྒྱལ་ཁབ་ཀྱི་སྲིད་དབང་མི་དམངས་ཡིན་པ་དང་མི་དམངས་ནི་རྒྱལ་ཁབ་ཀྱི་སྲིད་དབང་ཡིན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ལྟ་སྐུལ་གྱི་མཐོང་ཟུར་དེ་དམངས་འཚོའི་གླེང་མང་བ་དང་། དཀའ་གནད་ཆེ་བ། འགག་གནད་ཆེ་བ་བཅས་ཀྱི་གནད་དོན་ལ་དམིགས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་། སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་པར་སྐུལ་འདེད་བཏང་ཡོད། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱས་ནས་དམངས་འཚོའི་ཚད་འཇལ་ལྟ་སྐུལ་བྱས་ཏེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།  གྲོང་གསེབ་དར་རྒྱས་དང་པུར་འཇུག་བསྒྱུར་བཅོས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་ལ་རོགས་རམ་བྱེད་པའི་དོན་དངོས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་དོ་དམ་གྱི་དཀའ་གནད་ལ་དམིགས་ནས་འདྲི་རྩད་ཐེངས་དང་པོ་སྤྱོད་འགོ་ཚུགས་པ་དང་འབྲེལ“ཕྱིར་མིག་ལྟ་བའི“ལས་དོན་སྤེལ་ནས“གསང་སྤྱོད་གསར་བརྗེ”གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་ལས་དོན་ལ་ཆེད་དོན་འདྲི་རྩད་བྱས་ནས་འཕྲོད་བསྟེན་ཐོན་ཁུངས་གཤམ་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ལ་དོ་ཁུར་བྱས་ནས་འབྲེལ་ཡོད་སྲོལ་ཡིག་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱས་ཏེ་དམངས་ཕན་དམངས་ཕན་ལ་སྐུལ་འདེད་བཏང་། ལྟ་སྐུལ་ལག་ལེན་དེ་དག་གིས“དམངས་ཀྱི་རེ་སྒུག་དང་། ངས་ངེས་པར་དུ་ལག་ལེན་བསྟར་དགོས”ཞེས་པའི་འགན་འཁྲི་འཁུར་སེམས་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱས་ཡོད།

ཞབས་ཞུ་འགན་སྲུང་ལེགས་སྒྱུར་བྱས་ནས་འཐུས་མིའི་འགན་འཁྲི་སྒྲུབ་པའི་གསོན་ཤུགས་སྐུལ་སློང་བྱས་པ། 

  མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲུབ་ཆ་གཙོ་བོ་ཡིན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་འཐུས་མིའི་གཙོ་གཟུགས་གནས་བབ་ལ་བརྩི་འཇོག་བྱས་ཏེ་འཐུས་མིའི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་དང་རྒྱ་ཆེར་བཏང་ནས་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་འགན་ལེན་བྱས་ཡོད།  “འབྲེལ་གཏུག་གཉིས”ཀྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་ཤུགས་ཆེན་པོས་རྒྱ་བསྐྱེད་པ་དང་། གཞི་རིམ་གྱི་འཐུས་མི་45་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཟུར་ཞུགས་བྱེད་པར་གདན་འདྲེན་ཞུས་ཤིང་། འཐུས་མིའི་བསམ་འཆར་55་བསྡུ་ལེན་དང་བརྒྱུད་སྒྲུབ་བྱས་པས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྔར་བས་མང་ཚོགས་དང་འབྲེལ་འདྲིས་དང་། སྔར་བས་མང་ཚོགས་ཀྱི་བློ་གྲོས་གཅིག་བསྡུས་བྱས་ཡོད། འགན་སྒྲུབ་ལས་སྟེགས་སྟོབས་ཆེར་གཏོང་བ་དང་བེད་སྤྱོད་ཡག་པོ་བྱས་ཏེ་ཆོས་ལུགས་ཀྲུང་གོ་ཅན་དང་རིག་གནས་ཡུལ་སྐོར་སོགས་གཞི་རིམ་གྱི་ཆེད་ལས་འཐུས་མིའི་ལས་དོན་ས་ཚིགས་19བསྐྲུན་ནས་འཐུས་མིའི་བྱེད་སྒོ་སྤེལ་ཡུལ་དེ་གཟུགས་ལྡན་ཁེབས་པ་ནས་ནུས་ལྡན་ཁེབས་པའི་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་། འགན་འཁྲི་སྒྲུབ་ནུས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་རིམ་པ་ལྔ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་1300ལྷག་ཙམ་གྱི་འགན་འཁྲི་སྒྲུབ་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་འཐུས་མིའི་འགན་འཁྲི་སྒྲུབ་ནུས་རྒྱུན་མཐུད་ངང་ཆེ་རུ་བཏང་ཡོད། སྤུས་ཚད་མཐོ་བའི་སྒོ་ནས་འཐུས་མིའི་གྲོས་འགོ་བསྒྲུབས་པ་དང་། ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པར་འབྱོར་བའི་གྲོས་འགོ་117ཚང་མ་བསྒྲུབས་ལན་བཏབ་པས་བློ་ཡིད་ཚིམ་ཚད་96.6%ཟིན་ཡོད། 

རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི“ལས་ཁུངས་བཞི”འཛུགས་སྐྲུན་བྱས་པ། 

  ལྕགས་རྡུང་བར་ངེས་པར་དུ་རང་ངོས་སྲ་མོ་ཡིན་དགོས། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“ལས་ཁུངས་བཞིའི”ངེས་གནས་བླང་བྱར་དམིགས་ནས་རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་ཁུལ་ཨུའི་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ནས་ལྟེ་བའི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་། ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་ལས་བྱེད་པ་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོས་ཞིབ་བསམ་འཆར་སྒྲུབ་སྐུལ་བྱ་ཐབས་ཐོག་མར་བཟོས་པ་དང་། ལྟ་སྐུལ་སྒོ་རྒྱག་འཐུས་ཚང་དུ་བཏང་ནས་ཁུལ་དང་རྫོང་(གྲོང་ཁྱེར)་མི་དམངས་འཐུས་ཚོགས་ཀྱི་མཉམ་འགུལ་ལྟ་སྐུལ་འཚོལ་ཞིབ་བྱས་པས་ལས་ཀའི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། སྒྲིག་ཁྲིམས་དང་སྤྱོད་ཚུལ་འགན་ལེན་དུ་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེ་གཏིང་ཟབ་ཏུ་བཏང་ནས་སྤྱོད་གཙང་ལས་ཁུངས་འཛུགས་སྐྱོང་བྱས་ཏེ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མཉམ་སྡེབ་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། བདེ་ཆེན་མི་དམངས་འཐུས་ཚོགས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ལོ་ཧྲིལ་པོར་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྨྱན་སྦྱོར་ཐོག་རྩོམ་ཡིག་ཐེངས་46སྤེལ་ནས་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་དེ་བས་མི་སེམས་སུ་ཟུག་པར་བྱས་ཡོད། 

  འདས་ཟིན་པའི་ལོ་གཅིག་གི་གྲུབ་འབྲས་ནང་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་ཀྱི་བློ་གྲོས་དང་རྔུལ་ཆུ་འདུས་ཡོད། མདུན་ལམ་ལ་རྒྱང་ལྟ་བྱས་ཚེ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་སྦྱོང་བརྡར་མདུན་སྐྱོད་བྱས་ཏེ་ཆབ་སྲིད་ཀྱི་སྤྲོ་སེམས་དེ་བས་འཕེལ་བ་དང་ཕན་འབྲས་དེ་བས་ཆེ་བའི་འགན་འཁྲི་སྒྲུབ་པ་དང་།  དེ་བས་དཔའ་ངར་ཆེར་བསྐྱེད་ཀྱི་འབད་འཐབ་རྣམ་པའི་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ནན་ཏན་ངང་བསྒྲུབས་ཏེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཕུལ་ཡོད། 


 

 

责任编辑:江初卓玛 万玛措

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་འགན་འཁུར་བ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལེའུ་གསར་པ་ཞིག་འབྲི་དགོས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་གྱི་2025ལོའི་ལས་དོན་སྐོར་གྱི་མདོར་བསྡུས་གླེང་།

བདེ་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”གྲུབ་འབྲས་དངོས་ཀྱི་རྒྱུགས་ལན།

2025ལོར་བདེ་ཆེན་ཁུལ་གྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།

མཐོ་སྒང་གི་ལེའུ་གསར་པ་བྲིས། བློ་སེམས་གཅིག་མཐུན་གྱིས་རྒྱང་རིང་ལ་བསྐྱོད།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་འགོ་ཚུགས་པའི་ཟུར་བྲིས།

གྲོས་གཞི་སྒྲུབ་ཚད་100%ཟིན་ནས་བློ་ཡིད་ཚིམ་ཚད་96.6%ཟིན་པ་དང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞི་གཉེར་སྒྲུབ་ལ་ཕན་འབྲས་ཐོབ་པ།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་སྒྲུབ་པར་གྲུབ་འབྲས་མངོན་གསལ་ཐོབ།ཨུ་ཡོན་བློ་ཡིད་ཚིམ་ཚད་100%ཟིན།

2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན། (དང་པོ།)

ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་སེམས་ཀྱི་ཉི་ཟླ་ནས་འགོ་ཚུགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com