ཁུལ་ཨུའི་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱས་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལ་བརྟེན་ནས་ཁུལ་ཡོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཟླ་9པའི་ཚེས་4ཉིན། ཁུལ་ཨུའི་ཏང་གི་འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱས་འཛོམས་ཚོགས་འདུ་ཐེངས་གཉིས་པ་སྤེལ། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཨུའི་སློབ་སྦྱོང་སློབ་གསོ་ཕྱོགས་སྡོམ་གྱི་འབྲེལ་ཡོད་ཚོགས་འདུའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ། རང་ཁུལ་གྱི་སློབ་སྦྱོང་སློབ་གསོའི་ཕན་འབྲས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་བཀོད་སྒྲིག་བྱས་པ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་ཁུལ་ཡོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྣེ་ཁྲིད་བྱས།

ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་ཏང་གི་འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཚོགས་འདུར་ཞུགས།

ཚོགས་འདུ་ཡི་ཐོག་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཁུལ་ཨུ་ཡིས་“ནན་ནན་ཏན་ཏན་དང་ཏན་ཏན་ཏིག་ཏིག་གསུམ་”གྱི་བླང་བྱ་གལ་ཆེན་དང་“ཏང་འཛུགས་སྤྱི་ཕན། དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ངང་ཐབས་ཇུས་འདོན་པ། དམ་འཛིན་དངོས་སྒྲུབ་”བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་དང་། རྩ་འཛུགས་འགོ་ཁྲིད་སྟོབས་དང་ལྡན་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་ཏན་ཏིག་བྱེད་པ། གནད་དོན་ལ་ཞིབ་བཤེར་ལེགས་བཅོས་གནད་འཁེལ་གཏིང་ཟབ་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་བཟོས་ནས་ཕན་འབྲས་བརྟན་དུ་གཏོང་བ་བཅས་བྱས་ཏེ་སློབ་སྦྱོང་སློབ་གསོ་དང་ལྟེ་བའི་ལས་དོན་ཕན་ཚུན་མཉམ་འདྲེས་དང་ཟུང་འབྲེལ་དམ་ཚགས་བྱས་ནས་སློབ་སྦྱོང་སློབ་གསོ་དུས་རིམ་རམ་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བསྟན།

ཚོགས་འདུ་ཡི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས་རྒྱུན་དུ་དམ་འཛིན་ལྷོད་མེད་དང་ཡུན་རིང་བྱས་རྗེས་འཇོག་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་སློབ་གསོའི་ཁྲོད་གསོག་འཇོག་བྱས་པའི་ཉམས་མྱོང་དང་བྱ་ཐབས་རྒྱུན་འཁྱོངས་དང་བེད་སྤྱོད་བྱས་ཏེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཕུགས་ཕན་ལམ་སྲོལ་འཛུགས་པ། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ཡི་ཐོག་རིགས་པའི་གཞུང་ལུགས་ལ་མུ་མཐུད་ནས་སློབ་སྦྱོང་གཏིང་ཟབ་ཏུ་གཏོང་བ་དང་རིམ་པ་དང་རིགས་དབྱེ་ནས་སྲིད་དོན་ལས་རྗེས་ལྟ་བའི་སློབ་གསོ་གསོ་སྦྱོང་བྱེད་པ། ཏང་སྲིད་ཀྱི་ལས་གནས་གཙོ་བོ་དང་གསར་དུ་གོ་གནས་སྤར་བའི་ལས་བྱེད་པ། ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པ་སོགས་གཙོ་གནད་བྱ་ཡུལ་ལ་དམ་པོར་དམིགས་ནས་ཏང་གཤིས་སློབ་གསོ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་སེམས་ལ་ཟུག་པ་དང་བྱ་སྤྱོད་ཐོག་འཁྱོལ་བར་སྐུལ་འདེད་གཏོང་དགོས། རྒྱུན་རྣམ་ཅན་དུ་གནད་དོན་ལ་ཞིབ་བཤེར་དང་དག་ཐེར་ཡོ་བསྲང་བྱེད་པ་དང་། རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་“ཕྱིར་མིག་ལྟ་བ་”ཐེངས་གཅིག་ནན་ཏན་སྤེལ་ཏེ་ཆད་སྐྱོན་ཞིབ་བཤེར་དང་ཆད་སྐྱོན་གསབ་པའི་ལས་ཀ་ཡག་པོ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་སྲིད་དོན་གྱི་གྲུབ་འབྲས་ཆེ་ཤོས་སུ་བརྩིས་ནས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཡག་པོ་སྐྱོད་པ་རྒྱུན་འཁྱོངས་དང་། “གཞི་རིམ་དུ་སྐྱོད་པ་བཞི་”ཡི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སེམས་ཤུགས་ཡོད་རྒུ་བཏོན་ནས་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབ་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་རྒྱུན་རྣམ་ཅན་དུ་བཅོས་སྒྲིག་བྱེད་པ་བཅས་བྱས་ཏེ་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། ལམ་ལུགས་ཀྱི་གཟེབ་དམ་བཟུང་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། འཛུགས་སྐྲུན་རྣམ་གྲངས་ཀྱི་འགག་སྒོ་དམ་འཛིན་ནན་པོ། ཁྱད་པར་ཅན་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་སྣ་ཚོགས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་ལས་སྒྲུབ་བྱ་གཞག་གསར་གཏོད་ལ་སྣེ་ཁྲིད་དང་ཏང་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་ནས་བློ་བརྟན་འགྱུར་མེད་ངང་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱེད་པ། འབྲེལ་ཐག་བརྟན་དུ་གཏོང་བ་དང་འབྲེལ་ཐག་བསྲིང་བ། འབྲེལ་ཐག་ཁ་གསབ་བྱེད་པའི་ཁྲོམ་རའི་གྲུབ་ཆ་གཙོ་བོ་གསོ་སྐྱོང་བྱེད་པར་དམིགས་ནས། ལོ་འཁོར་གྱི་རྣམ་གྲངས་གཙོ་བོ་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་གཏིང་ཟབ་གཏོང་བ། བདེ་འཇགས་ཐོན་སྐྱེད་དང་མི་གསོད་གྱོད་གཞི་སྔོན་འགོག་ཚོད་འཛིན། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གེགས་སེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། ཁྱབ་ཁོངས་ཁག་གི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་པོ་བཅས་དོན་ཆེན་བཞི་གྲུབ་འབྲས་གསར་པ་ཐོབ་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།

འགན་འཁུར་རྩོམ་སྒྲིག་པ།:拉茸初姆
- བདེ་ཆེན་གསར་འགྱུར།
ཁུལ་ཨུའི་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱས་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལ་བརྟེན་ནས་ཁུལ་ཡོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།
ལི་ཡན་ལན་གྱིས་ཚད་གཞི་འཕར་རྩིས་ཡོད་པའི་ཁེ་ལས་ཁག་ལ་འཚམས་འདྲི་དང་བརྟག་དཔྱད་གནང་།
ལུའོ་ཁྲའོ་ཧྥེང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས ་ནན་གྱིས་བསྟན་དོན། དམངས་འཚོའི་དཀའ་གནད་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་དངོས་སྒྲུབ་དངོས་ འབྲས ་ཀྱི་གྲུབ་འབྲས་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་བརྡ་ལན་སློག་དགོས།
ནད་ཆེན་ཁུལ་ལས་མི་བརྒལ། ནད་ཆུང་ཤང་ལས་མི་བརྒལ། —— བདེ་ཆེན་ཁུལ་གྱི་སྨན་བཅོས་བདེ་ཐང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།
གོས་ཟས་འགྲོ་འདུག་ཁྲོད་ནས་འཕོ་འགྱུར་ཆེན་པོ་མཐོང་། འཚོ་བའི་དྲོད་ཁོལ་ཁྲོད་ནས་འཕེལ་རྒྱས་ཆེན་པོ་མཐོང་བ།——འཇོལ་རྫོང་གི་ཁྱིམ་ཚང་དཀྱུས་མ་འགའ་ཤས་ལས་འཚོ་བའི་འཕོ་འགྱུར་ཆེན་པོ་བཤད་པ།
ཁུལ་ཡོངས་ཀྱི་སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་དོན་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་བསྡུས།
འོད་སྣང་གིས་གངས་ལྗོངས་གསལ་བ་བྱེད་ཅིང་གློག་དྲོད་ཀྱིས་བདེ་ཆེན་གྱི་དུས་རབས་གསར་བ་བསུས།——ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་ཀྱིས་སྤུས་ཚད་མཐོ་བའི་གློག་ཤུགས་ལ་བརྟེན་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ།
ལི་ཡན་ལན་གྱིས་འོག་རིམ་གྱི“འགོ་གཙོ་དང་པོ”ལྟ་སྐུལ་གླེང་མོལ་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108