中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་གནང་། 

ཁྱབ་བསྒྲགས་དུས་ཚོད་:2026-09-07 16:35:54 འབྱུང་ཁུངས་:州委办


图片

ཟླ་9པའི་ཚེས་5ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གལ་ཆེར་མཉམ་འཛིན་རྒྱུན་འཁྱོངས་བྱས་ཏེ་ཚད་གཞི་སྔར་བས་མཐོ་བ་དང་བྱ་ཐབས་སྔར་བས་ཏན་ཏིག་ལ་བརྟེན་ནས་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

བརྟག་ཞིབ་བྱེད་རིང་། ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གི་ནུས་པའི་དབྱེ་ཁུལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སྡེ་ཁུལ་མཉམ་སྐྲུན། དེ་བཞིན་གཏེར་ལས་དབང་ཆ་ཕྱིར་འཐེན་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་སོགས་ཀྱི་འགལ་བ་དང་གདོང་ཐུག་ཐག་གཅོད་བྱས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་།

 
 
图片

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གསར་གཏོད་བྱེད་པ་ནི་ཡུན་ནན་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པའི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཡིན་པས་རིམ་པ་ཁག་གི་སྡེ་ཚན་སོ་སོས་ཆབ་སྲིད་ཚུགས་གནས་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་སེམས་དང་དུས་གཏུག་གི་བསམ་པ་ཆེ་རུ་གཏོང་བ། གསར་གཏོད་བྱེད་པའི་ཚད་གཞི་དང་དུས་ཚོད་ཀྱི་མཚམས་ཚིགས་དམ་པོར་བཟུང་བ་བཅས་བྱས་ནས་ལས་ཡུན་ལྡོག་བཀོད་དང་འགལ་རིས་འཐབ་རྩོད་བྱས་ཏེ་གསར་གཏོད་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས་ཞེས་བསྟན།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་མུ་མཐུད་དེ་ཤུགས་སྣོན་རྒྱག་པ་དང་ཕུགས་ཕན་དོ་དམ་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྒེར་སྐྲུན་གང་བྱུང་དུ་སྐྲུན་པའི་ཆེད་དོན་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གནད་དོན་བསྐྱར་དུ་ཐོན་པར་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ནང་གི་གཏེར་ལས་དབང་ཆ་ཕྱིར་འཐེན་གྱི་མཇུག་གི་ལས་དོན་ལ་སྐུལ་འདེད་གཏོང་ནས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་འགན་ལེན་གཉིས་གཅིག་གྱུར་འཆར་འགོད་དང་ཕན་ཚུན་ལྟ་རྟོག་བྱེད་ཐུབ་དགོས། རྗེས་འདེད་ལྟ་སྐུལ་སྒྲུབ་པར་ཤུགས་སྣོན་རྒྱག་པ་དང་སྡེ་ཚན་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་ལས་འགན་གཙོ་བོ་ལ་རྩིས་ཐོ་ཅན་གྱི་དོ་དམ་དང་རྣམ་གྲངས་ཅན་གྱི་སྐུལ་འདེད་ལག་བསྟར་བྱས་ནས་ལས་དོན་ཚང་མར་དམ་འཛིན་བྱེད་མཁན་ཡོད་པ་དང་དོ་དམ་བྱེད་མཁན་ཡོད་པ། དོན་ཐོག་ཏུ་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན།

ལུའོ་ཁྲའོ་ཧྥེང་གིས་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པ། དུས་ཐོག་ཏུ་གོང་ལ་འབྲེལ་གཏུག་དང་སྦྲེལ་མཐུད་བྱེད་པ། སྲིད་ཇུས་ཀྱི་བླང་བྱ་གནད་སྨིད་ཁོང་དུ་ཆུད་པ་བཅས་བྱས་ནས་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོ་དང་། སྡེ་ཁུལ་ཐུན་མོང་དོ་དམ། སྐྱེ་ཁམས་ཁ་གསབ་སོགས་ཀྱི་ལས་དོན་དུས་གཅིག་ཏུ་ཡག་པོ་བསྒྲུབས་ཏེ་གསར་གཏོད་ཀྱི་མཉམ་ཤུགས་རྒྱ་ཁྱབ་ཏུ་གཅིག་ཏུ་སྒྲིལ་དགོས་ཞེས་ནན་གྱིས་བསྟན།

ཁུལ་གྱི་འགོ་ཁྲིད་ཞུས་ཀོང་ཏེ་དང་དབྱང་ཞུའེ་ཝུན། ལི་ཐའོ། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བརྟག་ཞིབ་ནང་ཞུགས།

 
 

འགན་འཁུར་རྩོམ་སྒྲིག་པ།:拉茸初姆

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་གནང་། 

ཁུལ་ཨུའི་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱས་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལ་བརྟེན་ནས་ཁུལ་ཡོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།

ལི་ཡན་ལན་གྱིས་ཚད་གཞི་འཕར་རྩིས་ཡོད་པའི་ཁེ་ལས་ཁག་ལ་འཚམས་འདྲི་དང་བརྟག་དཔྱད་གནང་།

ལུའོ་ཁྲའོ་ཧྥེང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས ་ནན་གྱིས་བསྟན་དོན། དམངས་འཚོའི་དཀའ་གནད་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་དངོས་སྒྲུབ་དངོས་ འབྲས ་ཀྱི་གྲུབ་འབྲས་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་བརྡ་ལན་སློག་དགོས།

ནད་ཆེན་ཁུལ་ལས་མི་བརྒལ། ནད་ཆུང་ཤང་ལས་མི་བརྒལ། —— བདེ་ཆེན་ཁུལ་གྱི་སྨན་བཅོས་བདེ་ཐང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

གོས་ཟས་འགྲོ་འདུག་ཁྲོད་ནས་འཕོ་འགྱུར་ཆེན་པོ་མཐོང་། འཚོ་བའི་དྲོད་ཁོལ་ཁྲོད་ནས་འཕེལ་རྒྱས་ཆེན་པོ་མཐོང་བ།——འཇོལ་རྫོང་གི་ཁྱིམ་ཚང་དཀྱུས་མ་འགའ་ཤས་ལས་འཚོ་བའི་འཕོ་འགྱུར་ཆེན་པོ་བཤད་པ།

ཁུལ་ཡོངས་ཀྱི་སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་དོན་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་བསྡུས།

འོད་སྣང་གིས་གངས་ལྗོངས་གསལ་བ་བྱེད་ཅིང་གློག་དྲོད་ཀྱིས་བདེ་ཆེན་གྱི་དུས་རབས་གསར་བ་བསུས།——ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་ཀྱིས་སྤུས་ཚད་མཐོ་བའི་གློག་ཤུགས་ལ་བརྟེན་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com