中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས168པ་འཚོགས་པ།

ཁྱབ་བསྒྲགས་དུས་ཚོད་:2026-09-07 16:39:22 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ9པའི་ཚེས4ཉིན། སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས168པ་འཚོགས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། དེ་བཞིན་ཞིང་ཨུའི་ཉེ་དུས་ཀྱི་ལས་ཀའི་བླང་བྱ་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་པ་མ་ཟད། རང་ཁུལ་གྱི་ལག་བསྟར་ལས་དོན་ལ་ཞིབ་འཇུག་བྱས།

      ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

     ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པར་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་ནས།མཐའ་ཚད་འཛིན་སེམས་དང་མཐའ་ཟད་བསམ་གཞིག་རྒྱུན་འཁྱོངས་བྱས་ཏེ།འབྲུབ་འགོག་གི“1262”ཉེན་བརྡ་གཏོང་བའི་ལམ་སྲོལ་བེད་སྤྱོད་གཏིང་ཟབ་དང་།“གཅིག་གྱུར་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་།འཁྱགས་རོམ་དང་འཁྱགས་མཚོའི་ཐོན་ཁུངས་བརྟག་དཔྱད་བྱེད་པ།འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་དགོས།ལས་རེས་དང་ལས་སྲུང་ལ་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་སྐྱེལ་ལམ་ཤར་གཏོང་ཐུབ་པ་བྱེད་དགོས། དྲིལ་བསྒྲགས་ཁྲིད་སྟོན་དང་ཚན་རིག་ཁྱབ་གདལ་སློབ་གསོ་ཡག་པོ་སྤེལ་ནས་མང་ཚོགས་ཀྱི་གེགས་འགོག་ཉེན་གཡོལ་གྱི་འདུ་ཤེས་དང་རང་ངོས་འགོག་སྲུང་གི་ནུས་པ་ཆེ་རུ་གཏོང་དགོས།

    ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩིས་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་གནད་དོན་ལ་ཞིབ་ལྟ་དག་ཐེར་བྱེད་པ། ལམ་ལུགས་ཀྱི་གཟེབ་དྲ་དམ་དུ་གཏོང་བ།ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་ཁུལ་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

     ཚོགས་འདུའི་ཐོག་ཞིང་ཨུའི་ཉེ་དུས་ཀྱི་ལས་ཀའི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ས་སྒུལ་བར་ངེས་པར་དུ་འཆར་འགོད་ཡོད་པ་དང་ས་སྒུལ་བར་ངེས་པར་དུ་ཞིབ་མཆན་འགོད་དགོས་པ་མཐའ་འཁྱོངས་བྱས་ནས་སྒེར་གཅོད་དང་གང་བྱུང་དུ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་བློ་ཐག་ཆོད་པོས་བཅོས་སྒྲིག་བྱེད་དགོས་པ་དང་། ལྗང་མདོག་གཏེར་ལས་གསར་པ་ཧུར་ཐག་གཉེར་ནས་གཏེར་ཁའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱེད་དགོས།སེམས་ནང་ཏང་ཡོད་པ་དང་། སེམས་ནང་དམངས་ཡོད་པ། སེམས་ནང་འགན་འཁྲི་ཡོད་པ། སེམས་ནང་སྒྲིག་ཁྲིམས་ཡོད་པ་བཅས་བྱས་ཏེ་ཞིང་ཨུས་བསྒྲུབ་རྒྱུར་སྤྲད་པའི་ཞིབ་ཕྲའི་བྱ་བ་10ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། ཚད་གཞི་དང་རེའུ་མིག་ཞིབ་བསྡུར་དང་། ཆད་བཤེར་ཆད་གསབ། ཏང་སྲོལ་སྲིད་གཙང་གི་འགན་འཁྲིའི་ལམ་ལུགས་དཔྱད་ཞིབ་ལས་དོན་ལ་དམ་འཛིན་ཏན་ཏིག་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

     ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།རིམ་པ་ཁག་དང་སྡེ་ཚན་ཁག་གིས་《སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འབེབས》དོན་འཁྱོལ་ནན་ཏན་བྱས་ཏེ་དོ་དམ་ནན་པོ་དང་འགན་འཁྲི་ནན་པོ་འཁུར་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། རྗེས་སྙེག་ཕན་འབྲས་འདྲི་རྩད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བའི་ལས་དོན་དེ་རྒྱུན་གཏན་གྱི་དུས་བདེའི་འཛུགས་སྐྲུན་དང་། འགལ་ཟླ་དང་རྩོད་གཞི་སེལ་བ། བདེ་འཇགས་སྔོན་འགོག་ཚོད་འཛིན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་སྐུལ་སློང་བྱེད་དགོས།

     ཚོགས་འདུའི་ཐོག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་གྱི་སྙན་སེང་གསན་པ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ཆད་སྐྱོན་དང་ཞན་ཆར་དམ་པོར་དམིགས་པ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། རྣམ་པ་ཟབ་མོ་གཏོད་པ། མང་ཚོགས་རྒྱ་ཁྱབ་ཏུ་སྐུལ་སློང་བཅས་བྱས་ནས་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བའི་སྒོ་ནས་གསར་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

     ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་སྙན་སེང་གསན་པ་དང་། ཁྲིམས་ལྟར་ཐོན་ཁུངས་ལ་དོ་དམ་དང་ཁྲིམས་ལྟར་ཐོན་ཁུངས་སྲུང་སྐྱོང་བྱེད་པ་དང་།རྒྱལ་ཁོངས་བར་སྟོང་འཆར་འགོད་ལག་བསྟར་ནན་པོ་བྱེད་པ།ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བཀོད་སྒྲིག་བྱེད་པ།རྨོ་ཞིང་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ།དཔའ་རྒོད་ལག་གཅོད་བཞིན་གྱི་ཆོད་སེམས་ཐོག་ནས་ཁྲིམས་འགལ་ངང་འཛུགས་སྐྲུན་དང་རྨོ་ཞིང་གང་བྱུང་བདག་བཟུང་སོགས་ཀྱི་བྱ་སྤྱོད་བཅོས་སྒྲིག་བྱས་ནས་དངོས་འཛིན་མཁྲེགས་ཐུག་གི་གནད་དོན་དམ་འཛིན་གྱིས་བཅོས་སྒྲིག་བྱེད་དགོས་ཞེས་ནན་གྱིས་བསྟན།

     ཚོགས་འདུའི་ཐོག་《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དོ་དམ་སྲོལ་ཡིག་(བཟོ་བཅོས་འཆར་ཟིན)》དང་《བདེ་ཆེན་ཁུལ་གྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

     ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

  • བདེ་ཆེན་གསར་འགྱུར།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས168པ་འཚོགས་པ།

ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་གནང་། 

ཁུལ་ཨུའི་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱས་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལ་བརྟེན་ནས་ཁུལ་ཡོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།

ལི་ཡན་ལན་གྱིས་ཚད་གཞི་འཕར་རྩིས་ཡོད་པའི་ཁེ་ལས་ཁག་ལ་འཚམས་འདྲི་དང་བརྟག་དཔྱད་གནང་།

ལུའོ་ཁྲའོ་ཧྥེང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས ་ནན་གྱིས་བསྟན་དོན། དམངས་འཚོའི་དཀའ་གནད་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་དངོས་སྒྲུབ་དངོས་ འབྲས ་ཀྱི་གྲུབ་འབྲས་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་བརྡ་ལན་སློག་དགོས།

ནད་ཆེན་ཁུལ་ལས་མི་བརྒལ། ནད་ཆུང་ཤང་ལས་མི་བརྒལ། —— བདེ་ཆེན་ཁུལ་གྱི་སྨན་བཅོས་བདེ་ཐང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

གོས་ཟས་འགྲོ་འདུག་ཁྲོད་ནས་འཕོ་འགྱུར་ཆེན་པོ་མཐོང་། འཚོ་བའི་དྲོད་ཁོལ་ཁྲོད་ནས་འཕེལ་རྒྱས་ཆེན་པོ་མཐོང་བ།——འཇོལ་རྫོང་གི་ཁྱིམ་ཚང་དཀྱུས་མ་འགའ་ཤས་ལས་འཚོ་བའི་འཕོ་འགྱུར་ཆེན་པོ་བཤད་པ།

ཁུལ་ཡོངས་ཀྱི་སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་དོན་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་བསྡུས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com