བདེ་ཆེན་ཁུལ་སྲིད་གཞུང་གིས་བཟོ་ཚོང་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་དང་བཞུགས་མོལ་གནང་།


ཟླ་11པའི་ཚེས་4ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་སྲིད་གཞུང་གིས་བཟོ་ཚོང་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་དང་བཞུགས་མོལ་གནང་། ཕྱོགས་གཉིས་ཀྱིས་སྲིད་གཞུང་དང་དངུལ་ཁང་གི་མཉམ་ལས་བྱེད་ཤུགས་ཆེར་གཏོང་བ་དང་དངུལ་རྩ་ཡིས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་རོགས་སྐྱོར་བྱས་པའི་ཐད་ལ་དམིགས་ནས་སྤེལ་རེས་ཟབ་མོ་བྱས་པ་དང་མཉམ་ལས་དོན་དག་མཉམ་གྲོས་བྱས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་དང་བཟོ་ཚོང་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་འཛིན་ཀྲང་ཆུས་བཞུགས་མོལ་ནང་ཞུགས་པ་མ་ཟད་གསུང་བཤད་གནང་།
ལི་ཡན་ལན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཀྲང་ཆུས་དང་བཅས་པ་བདེ་ཆེན་དུ་ཕེབས་བར་དགའ་བསུ་ཞུས་པ་དང་། བཟོ་ཚོང་དངུལ་ཁང་གིས་དུས་ཡུན་རིང་པོའི་ངང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། ཕྱོགས་གཉིས་ཀྱི་མཉམ་ལས་རྨང་གཞི་བརྟན་པོ་དང་ཕན་འབྲས་མངོན་གསལ་དོད་པོ་ཡིན་པས། དུས་རིམ་རྗེས་མར་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་དངུལ་རྩའི་འགན་འཁྲི་མཉམ་འཁུར་བྱས་ཏེ། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་བརླིང་བཅས་དོན་ཆེན་བཞིར་དམ་པོ་དམིགས་ནས་མཉམ་ལས་ཟབ་དུ་གཏོང་དགོས། “4+2+N”ཐོན་ལས་མ་ལག་ལ་དམིགས་ནས་ཁྱད་ལྡན་ཐོན་ལས་ཀྱི་དངུལ་རྩའི་ནུས་སྤྲོད་ཕན་འབྲས་ཆེར་གཏོང་སྟེ། རྒྱུན་མཐུད་ངང་གླ་རིན་འཕྲི་གཅོག་གིས་ཁེ་ཕན་སྤྲོད་པར་དོན་འཁྱོལ་བྱས་པ་དང་ཁྲོམ་རའི་གཙོ་གཞིའི་ཕྱོགས་བསྡུས་མ་རྩ་བསྡུ་སྒྲིལ་གྱི་མ་གནས་ཆུང་དུ་གཏོང་དགོས། གཞི་རིམ་དུ་དངུལ་རྩའི་ཞབས་ཞུ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་ཞིང་ཕྱོགས་ཡོངས་སུ་གྲོང་གསེབ་དར་རྒྱས་སྐུལ་འདེད་གཏོང་བར་རོགས་སྐྱོར་བྱེད་དགོས། མཐུན་སྦྱོར་མཉམ་འགུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་སྟེ་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་བྱས་ནས་མཉམ་ལས་དོན་དག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་སྟེ། ལག་གདང་མཉམ་དུ་སྦྲེལ་ནས་གཉིས་ཕན་མཉམ་ཁེ་དང་མཉམ་དུ་འཕེལ་རྒྱས་ཡོང་བར་མངོན་འགྱུར་བྱུང་དགོས་ཞེས་བསྟན།
ཀྲུང་ཆུས་ཀྱིས་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོར་བཟོ་ཚོང་དངུལ་ཁང་གི་ཐུགས་ཁུར་དང་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོང་གིས། བཟོ་ཚོང་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་དང་བདེ་ཆེན་ཡན་ལག་དངུལ་ཁང་གིས་རང་འགུལ་ངང་བདེ་ཆེན་ཁུལ་གྱི་གཙོ་གནད་རྣམ་གྲངས་གསལ་ཐོར་དང་ལེན་བྱས་ཏེ། རིག་གནས་ཡུལ་སྐོར་དང་གནོད་མེད་ནུས་ཁུངས། གནོད་མེད་གཏེར་ལས། མཐོ་སྒང་གི་ཁྱད་ལྡན་ཐོན་ལས་སོགས་ཁྱད་ལྡན་སྤུས་ལེགས་ཐོན་ལས་ལ་དོ་སྣང་བྱས་ནས། དངུལ་གཞིའི་དཔལ་འབྱོར་ལ་ཞབས་ཞུ་བྱས་པ་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་བཅོས་འགན་ལེན་བྱས་པ། བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱས་པ་སོགས་ཀྱི་གཙོ་གནད་ལས་འགན་དམ་པོར་དམིགས་ནས། དངུལ་རྩའི་ཞབས་ཞུ་ཕན་ནུས་མཐོ་རུ་གཏོང་དགོས། རྒྱུན་མཐུད་ངང་དངུལ་རྩ་ཐོན་ཁུངས་ཀྱི་མ་འཇོག་བྱེད་ཤུགས་ཆེར་གཏོང་ནས། བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བསྟན།
བཟོ་ཚོང་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུ་ཨུ་ཡོན། འགོ་འཛིན་གཞོན་པ་ལིའུ་ཅན་ཞུང་དང་། བདེ་ཆེན་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏོ་རུའུ་ཀྲུའུ། དྲུང་ཡིག་ཆེན་མོ་ཀྲོང་ཞའོ་ཕིང་བཅས་བཞུགས་མོལ་ནང་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:达瓦只玛
- བདེ་ཆེན་གསར་འགྱུར།
སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་འབད་འབུངས་ཡར་བརྩོན་གྱིས་ལེའུ་གསར་པ་རྩམ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (དྲུག)
བདེ་ཆེན་ཁུལ་སྲིད་གཞུང་གིས་བཟོ་ཚོང་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་དང་བཞུགས་མོལ་གནང་།
ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་ཞིག་འཛུགས་རྒྱུར་འབད་བརྩོན་བྱེད་དགོས། ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། (ལྔ།)
ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།
ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་བརྟག་ཞིབ་གནང་བ།
ནན་པོ་གཙོ་བོར་འཛིན་ཏེ་རྨང་གཞི་བརྟན་དུ་གཏོང་བ་དང་དངོས་དོན་སྒྲུབ་པ་ནི་གཙོ་བོ་འཛིན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་། (གསུམ།)
ལི་ཡན་ལན་འཇོལ་རྫོང་དུ་ཕེབས་ནས་གྲོང་གསེབ་མཉམ་སྡེབ་ཀྱི་“མ་རྩ། རྒྱུ་ནོར། ཐོན་ཁུངས་”དོ་དམ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ།
ལུའོ་ཁྲའོ་ཧྥེང་གིས་གོ་ལུའུ་མ་རྐང་ཚོད་འཛིན་(པེ་ཅིང་) ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧུའུ་ཐེན་ལི་བཅས་པ་དང་མཇལ་འཛོམས་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108