སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་འབད་འབུངས་ཡར་བརྩོན་གྱིས་ལེའུ་གསར་པ་རྩམ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (དྲུག)

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་འཚོགས་པ་ནས་བཟུང་། བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་བྱ་ཐབས་སྣ་ཚོགས་བརྒྱུད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱས་ནས་ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ངོས་འཛིན་དང་དོན་འཁྱོལ་གླེང་། ཚང་མས་ཚོང་འཛོམས་གྲོས་ཚོགས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་ལས་དོན་ཁག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་མདུན་བསྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་རྩ་བའི་བརྩི་སྲུང་མཁོ་འདོན་བྱས་ཏེ། ནན་ཏན་ངང་སློབ་སྦྱོང་གི་ཕན་འབྲས་དེ་འགན་འཁྲི་གཙང་སྒྲུབ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་སུ་འགྱུར་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གངས་ལྗོངས་མཐོ་སྒང་ཐོག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཏོན།
ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལི་ཡན་གྱིས། ཚང་མས་ཚོང་འཛོམས་གྲོས་ཚོགས་ཐོག་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ངེས་པར་དུ་“རྒྱུན་འཁྱོངས་བདུན་”གྱི་རྩ་དོན་བརྩི་སྲུང་བྱེད་དགོས་པར་གསལ་པོ་སྟོན་ཏེ། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བར་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས། དུས་རིམ་རྗེས་མར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་དེ་འདྲི་གཅོད་ལག་བསྟར་གྱི་བརྒྱུད་རིམ་སོ་སོར་ཁྱབ་སྟེ། ཁྲིམས་འཛིན་གྱི་“གཏན་འབེབས་གསུམ”ལ་ཐེ་གཏོགས་བྱས་པར་གཏན་འགོག་ནན་པོ་སྲུང་བ་དང་། ཏང་དོ་དམ་དང་ཁྲིམས་ཁང་བཅོས་སྐྱོང་བྱས་པའི་འགན་འཁྲི་ནན་དུ་གཏོང་ནས། ཉམས་སད་ཐེག་ཐུབ་པའི་དཔུང་ཁག་ལ་བརྟེན་ནས་ཁྲིམས་འཛིན་དྲང་གཞག་འགན་ལེན་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་ཆེད་ཁྲིམས་འཛིན་པ། ཁྲིམས་འཛིན་དྲང་གཞག་བཅས་ཀྱི་གྲུབ་འབྲས་དངོས་སུ་འགྱུར་རྒྱུ་ཡིན་ཞེས་བཏོན།
ཁུལ་ཨུ་སྲིད་ཁྲིམས་ཨུ་ལྷན་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་བློ་བཟང་ཀུན་དགའ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཏེ་སྲིད་ཁྲིམས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བའི་ཁ་ཕྱོགས་སྔར་བས་ཁ་གསལ་དང་བརྩི་སྲུང་ཞུ་དགོས། སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་དམིགས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་། ཏང་གཤིས་བློ་སྦྱོང་ལ་ཞུན་བརྡར་བྱེད་པ། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁྲིམས་ནན་པོ་སྲུང་བ། རང་ངོས་ཀྱི་བླང་བྱ་ནན་པོ་འདོན་པ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རང་ངོས་དྲང་གཞག་དང་། རང་ངོས་དྭངས་གཙང་། རང་ངོས་བྱང་ཆུབ་པ་བཅས་ཡོང་བ་བྱས་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་འགན་ལེན། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་འགན་སྲུང་བཅས་ཀྱི་འགན་འཁྲི་དང་ལས་འགན་འགན་ལེན་བྱུ་རྒྱུ་ཡིན་ཞེས་བཏོན།
ཁུལ་ཨུའི་དྲིལ་བསྒྲགས་པུའི་ཤེས་དཔལ་གཞུང་དོན་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཧྥང་ཡིའུ་ཚང་གིས་ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་ཅིང་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཏེ་བདེ་ཆེན་གྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་བདེ་ཆེན་དུ་ལག་ལེན་བསྟར་བ་དང་ཟུང་འབྲེལ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། ས་ཁུལ་ཁག་དང་ཁྱབ་ཁོངས་ཁག སྡེ་ཚན་ཁག་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་དཀའ་གནད་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས། ཞིབ་འཇུག་བྱ་གཞིའི་དགོས་མཁོ་གནད་སྨིན་ཁོང་དུ་ཆུད་དེ། རྒྱུན་མཐུད་ངང་མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་གཏིང་ཟབ་པ། དཔྱད་གཞིར་འཛིན་ཆོག་པ་བཅས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་བཏོན་ནས་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས། རིགས་པའི་གཞུང་ལུགས་ཀྱི་འཆད་འགྲེལ་དཔུང་ཁག་སྟོབས་ཆེར་བཏང་ནས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་སྒྲོག་འགྲེལ་དང་། “བརྒྱད་ལྟ་ལྔ་བསྡུར” “མཐོ་སྒང་གི་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ”སོགས་ཀྱི་བྱེད་སྒོར་གཏིང་ཟབ་ཞུགས་ཏེ་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་གཏམ་རྒྱུད་ནས་འགོ་བཙུགས་ཏེ་གཏམ་རྒྱུད་ཆུང་ངུ་ལས་གནས་ལུགས་ཆེན་པོ་མཚོན་པའི་སྒྲོག་འགྲེལ་དཔེ་མཚོན་ཁག་གཅིག་བཏོད་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མི་སེམས་སུ་ཟུག་པ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་རྒྱུ་ཡིན་ཞེས་བཏོན།
ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་《ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་ཆེན་པོ་འགའ་ཞིག་སྐོར་གྱི་ཆོད་དོན》ནང་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་མངོན་འགྱུར་ནུས་ལྡན་བྱེད་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་ཡོད། ཁུལ་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི། འགོ་འཛིན་བསོད་ནམས་ཆོས་འཕེལ་གྱིས་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། ལས་སྒོའི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱས་པ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཟབ་ཞུགས་བྱས་ནས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཡག་པོ་བསྐྱོད་དེ་སྤྱོད་གཙང་གི་ཞིང་ལས་ཚན་རྩལ་སྤྱོད་ཚུལ་ལ་བརྟེན་ནས་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་འགན་ལེན་བྱས་ཏེ། དངོས་སྒྲུབ་ལ་བརྟེན་ནས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། གྲོང་གསེབ་འཕེལ་རྒྱས། ཞིང་པའི་འབབ་འཕར་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
འདྲི་གཅོད་ཀྱི་འཐབ་ས་དང་པོ་ནས་སྲིད་ཁྲིམས་ལས་ཁུངས་བར་དང་། དྲིལ་བསྒྲགས་སྡེ་ཚན་ནས་ཚན་ཞིབ་ཁང་དང་སུའོ་བར། བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་དེ་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ལས་གནས་ཐོག་གཞི་ཚུགས་ནས་འགན་འཁྲི་འཁུར་ཕོད་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ། དེ་བས་བརྟན་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་ཞིབ་ཕྲའི་ལས་འགན་དུ་འགྱུར་པ་དང་ཕན་འབྲས་དངོས་སུ་འགྱུར་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལེའུ་གསར་པ་གཏོད་པར་སྟོབས་ཤུགས་འབུལ་ཡོད།
འགན་འཁུར་རྩོམ་སྒྲིག་པ།:达瓦只玛
- བདེ་ཆེན་གསར་འགྱུར།
སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་འབད་འབུངས་ཡར་བརྩོན་གྱིས་ལེའུ་གསར་པ་རྩམ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (དྲུག)
བདེ་ཆེན་ཁུལ་སྲིད་གཞུང་གིས་བཟོ་ཚོང་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་དང་བཞུགས་མོལ་གནང་།
ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་ཞིག་འཛུགས་རྒྱུར་འབད་བརྩོན་བྱེད་དགོས། ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། (ལྔ།)
ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།
ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་བརྟག་ཞིབ་གནང་བ།
ནན་པོ་གཙོ་བོར་འཛིན་ཏེ་རྨང་གཞི་བརྟན་དུ་གཏོང་བ་དང་དངོས་དོན་སྒྲུབ་པ་ནི་གཙོ་བོ་འཛིན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་། (གསུམ།)
ལི་ཡན་ལན་འཇོལ་རྫོང་དུ་ཕེབས་ནས་གྲོང་གསེབ་མཉམ་སྡེབ་ཀྱི་“མ་རྩ། རྒྱུ་ནོར། ཐོན་ཁུངས་”དོ་དམ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ།
ལུའོ་ཁྲའོ་ཧྥེང་གིས་གོ་ལུའུ་མ་རྐང་ཚོད་འཛིན་(པེ་ཅིང་) ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧུའུ་ཐེན་ལི་བཅས་པ་དང་མཇལ་འཛོམས་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108