中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ཁུལ་སྲིད་གཞུང་གིས་ཏ་ཐང་ཡུན་ནན་གློག་གཏོང་ཚད་ཡོད་ཀུང་སི་དང་བཞུགས་མོལ་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2026-11-06 10:14:16 འབྱུང་ཁུངས་:香格里拉藏文网
图片
ཟླ་11ཚེས་4ཉིན་གྱི་ཕྱི་དྲོ་བདེ་ཆེན་ཁུལ་སྲིད་གཞུང་གིས་ཏ་ཐང་ཡུན་ནན་གློག་གཏོང་ཚད་ཡོད་ཀུང་སི་(གཤམ་དུ་"ཏ་ཐང་ཡུན་ནན་ཀུང་སི་"ཞེས་འབོད་རྒྱུ་) དང་བཞུགས་མོལ་བྱས་ནས་ཕྱོགས་གཉིས་པོས་སྲིད་གཞུང་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལས་ཚབ་ཁུལ་དཔོན་ལི་ཡན་ལན་དང་ཏ་ཐང་ཡུན་ནན་ཀུང་སིའི་ལས་འཛིན་པ་དང་སྤྱི་ཁྱབ་ཅིང་ལི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཀྲའོ་ལི་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལི་ཡན་ལན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཏ་ཐང་ཡུན་ནན་ཀུང་སི་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་ཏ་ཐང་ཡུན་ནན་ཀུང་སིས་དུས་ཡུན་རིང་པོའི་ནང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་མོས་ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་ཞིང་ཨུའི་"3815"འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ལྗང་མདོག་ནུས་རྒྱུའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་དགེ་མཚན་དང་། དཔལ་འབྱོར་གྱི་དགེ་མཚན། འཕེལ་རྒྱས་ཀྱི་དགེ་མཚན་བཅས་སུ་གང་མགྱོགས་བསྒྱུར་དགོས། མིག་སྔར་བདེ་ཆེན་ནི་ཞིང་ཆེན་ཡོངས་ཀྱི་དྭངས་གཙང་ནུས་རྒྱུ་གསར་སྤེལ་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོར་འགྱུར་བཞིན་ཡོད་པ་དང་ཞུས་ལུང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་ཀོང་རྩེད་ར་དང་ཀུའུ་ཧྲུའེ་ཆུ་ཤུགས་གློག་ཁང་ལ་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ཞིབ་བཤེར་ཆོག་མཆན་ཐོབ་པ་མ་ཟད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་དང་ཁྱབ་ཚུལ་རང་བཞིན་གྱི་འོད་ཤུགས་གློག་ཁང་དང་གཅིག་སྡུད་རྣམ་པའི་རླུང་ཤུགས་གློག་ཁང་དང་ནུས་གསོག་གསར་པ་སོགས་ནུས་རྒྱུ་གསར་པའི་བྲག་ལེབ་ད་དུང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་ཡུན་རིང་པོར་གནས་ཡོད་པས་སྟོབས་ཤུགས་ལྡན་པའི་སྣེ་འདྲེན་ཁེ་ལས་ཞུགས་པ་དང་མཉམ་དུ་རྣམ་གྲངས་འཛུགས་སྐྲུན་བྱེད་པར་ཞུགས་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། ཏ་ཐང་ཡུན་ནན་ཀུང་སིའི་མ་དངུལ་གྱི་སྟོབས་ཤུགས་ཆེ་བ་དང་གཉེར་སྐྱོང་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་བདེ་ཆེན་གྱིས་ནུས་རྒྱུ་གཙང་མའི་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བར་བློས་འགེལ་ཆོག་པའི་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་རེད།ཁེ་ལས་ཀྱིས་ད་ཡོད་ཀྱི་ཆུ་གློག་རྣམ་གྲངས་ཀྱི་རྨང་གཞིར་གཞི་ཚུགས་པ་དང་གསོག་འཇོག་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་ཏེ་ཐག་ཉེ་སར་ས་མཐོའི་འོད་ཤུགས་དང་རི་ཁུལ་གྱི་རླུང་གློག་དང་དེ་བཞིན་ལེ་ལག་ཚང་བའི་ནུས་གསོག་རྣམ་གྲངས་བཀོད་སྒྲིག་བྱས་ནས་ཆུ་རླུང་འོད་གསོག་འཇོག་གཞི་གཅིག་ཅན་གྱི་མཉམ་སྡེབ་བཀོད་གཏོང་བྱས་པ་བརྒྱུད་གསོག་འཇོག་གློག་ཁང་གི་ཕྱོགས་བསྡུས་ཕན་འབྲས་གང་ལེགས་འདོན་པ་དང་། ཀྲུང་དབྱང་ཁེ་ལས་ཀྱི་ཤེས་ལྡན་མི་སྣ་དང་། ལག་རྩལ། ཐོན་ལས་འཁོར་འབྲེལ་ཡོངས་ཀྱི་གཉེར་སྐྱོང་དགེ་མཚན་རྒྱུན་མཐུད་ངང་འདོན་སྤེལ་བྱེད་པ་དང་། རང་འགུལ་གྱིས་ཁུལ་ལྗང་མདོག་ནུས་ཁུངས་ཚོང་འགུག་ཆེད་སྒྲུབ་ཚོ་ཆུང་ལ་འབྲེལ་མཐུད་དེ་རྒྱུན་རྣམ་ཅན་གྱི་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ནུས་ཁུངས་གསར་པའི་རྣམ་གྲངས་ཇུས་འགོད་དང་། དུས་འགོའི་རིགས་པས་ཁུངས་སྐྱེལ། དོན་ཐོག་ཏུ་འཁྱོལ་བ་བཅས་ཀྱི་ནང་གཏིང་ཟབ་ཞུགས་ཡོད། བདེ་ཆེན་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་མདུན་ཕྱོགས་སུ་ཞབས་འདེགས་ཡག་པོ་ཞུས་ཏེ་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

ཝང་ཀྲའོ་ལིས་ཁེ་ལས་འཕེལ་རྒྱས་ཀྱི་བཀོད་པ་དང་རྣམ་གྲངས་འཆར་འགོད་ངོ་སྤྲོད་གནང་བ་རེད། ཁོང་གིས་བདེ་ཆེན་གྱི་རླུང་འོད་ཆུ་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཆུ་རླུང་འོད་ཀྱི་གསོག་ཉར་གཞི་གཅིག་ཅན་གྱི་གསར་སྤེལ་བར་མཐོངས་ཧ་ཅང་ཆེ་བས་ནུས་རྒྱུ་གསར་པའི་རྗེས་འཕེལ་ལེགས་ཆ་མངོན་གསལ་དོད་པོ་ཡོད། ཏ་ཐང་ཡུན་ནན་ཀུང་སིས་ཀྲུང་དབྱང་ཁེ་ལས་ཀྱི་མ་དངུལ་དང་། ལག་རྩལ། དོ་དམ། ཐོན་ལས་བཅས་ཀྱི་མཐུན་སྦྱོར་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གསར་སྤེལ་བསམ་ཕྱོགས་རྒྱུན་འཁྱོངས་དང་། བདེ་ཆེན་གྱི་ནུས་ཁུངས་གསར་པའི་རྣམ་གྲངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུ་ཡིན། འཕེལ་རྒྱས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་རྒྱུ་མཐའ་འཁྱོངས་ཀྱིས་"ནུས་རྒྱུ་+ཐོན་ལས་"ཀྱི་མཉམ་འདྲེས་ཐབས་ལམ་འཚོལ་ཞིབ་དང་ལས་རྣམ་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ནུས་རྒྱུའི་ལེགས་ཆ་དེ་ས་གནས་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་འགྱུར་བ་བྱས་ནས་བདེ་ཆེན་གྱི་ལྗང་མདོག་ནུས་རྒྱུའི་ཐོན་ལས་རིམ་སྤོར་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཏ་ཐང་ཡུན་ནན་ཀུང་སིའི་ཏང་ཨུའི་ཨུ་ཡོན་སྤྱི་ཁྱབ་ཅིང་ལི་གཞོན་པ་ཞུས་ཐའོ་དང་བདེ་ཆེན་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏོན་རུའུ་ཀྲུའུ་དང་དྲུང་ཆེ་ཀྲོང་ཞའོ་ཕིང་བཞུགས་མོལ་ནང་ཞུགས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ།:南珠泽仁

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་སྲིད་གཞུང་གིས་ཏ་ཐང་ཡུན་ནན་གློག་གཏོང་ཚད་ཡོད་ཀུང་སི་དང་བཞུགས་མོལ་གནང་བ།

སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་འབད་འབུངས་ཡར་བརྩོན་གྱིས་ལེའུ་གསར་པ་རྩམ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (དྲུག)

བདེ་ཆེན་ཁུལ་སྲིད་གཞུང་གིས་བཟོ་ཚོང་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་དང་བཞུགས་མོལ་གནང་།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་ཞིག་འཛུགས་རྒྱུར་འབད་བརྩོན་བྱེད་དགོས། ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། (ལྔ།)

ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་བརྟག་ཞིབ་གནང་བ།

ནན་པོ་གཙོ་བོར་འཛིན་ཏེ་རྨང་གཞི་བརྟན་དུ་གཏོང་བ་དང་དངོས་དོན་སྒྲུབ་པ་ནི་གཙོ་བོ་འཛིན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་། (གསུམ།)

ལི་ཡན་ལན་འཇོལ་རྫོང་དུ་ཕེབས་ནས་གྲོང་གསེབ་མཉམ་སྡེབ་ཀྱི་“མ་རྩ། རྒྱུ་ནོར། ཐོན་ཁུངས་”དོ་དམ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com