中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལི་ཡན་ལན་གྱིས་འབའ་ལུང་རྫོང་དུ་བཟའ་བཅའ་ཤ་མོའི་ཐོན་ལས་འཕེལ་རྒྱས་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་ལ་བརྟག་ཞིབ་གནང་།

རྩོམ་པ་པོ་:何帝龙 ཁྱབ་བསྒྲགས་དུས་ཚོད་:2026-11-06 11:24:36

ཟླ་11པའི་ཚེས་5ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་འབའ་ལུང་རྫོང་དུ་བཟའ་བཅའ་ཤ་མོའི་ཐོན་ལས་འཕེལ་རྒྱས་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་ལ་བརྟག་ཞིབ་གནང་། ཁོ་མོས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཚན་རྩལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེར་གཏོང་བ། མཐའ་ཚད་ཀྱི་འདུ་ཤེས་བརྟན་པོ་འཛུགས་ནས་བཟའ་བཅའ་ཤ་མོ་སོགས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་ལས་སྟོབས་ཆེར་གཏོང་བ། ནགས་ཚལ་མེ་ཟོན་བདེ་འཇགས་ཀྱི་མཐའ་ཚད་བརྟན་དུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར། སྐྱེ་ཁམས་བདེ་འཇགས་བཅས་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་གསུང་གནང་། 

图片

ཟླ་11པའི་ཚེས་5ཉིན།ལི་ཡན་ལན་གྱིས་འབའ་ལུང་ལུའོ་ཀུང་གངས་རི་ཞིང་ནགས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིར་ཤ་མོ་འདེབས་གསོ་དང་ཞིང་འབྲེལ་ཞིང་ཁྲིད་ལས་དོན་ལ་བརྟག་ཞིབ་གནང་། 

འབའ་ལུང་ལུའོ་ཀུང་གངས་རི་ཞིང་ནགས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིར་ལི་ཡན་ལན་གྱིས་ཡུལ་དངོས་སུ་ཤ་མོ་འདེབས་གསོ་བཟོ་གྲྭ་དང་ཤ་མོའི་རྟེན་གཞིར་ལྟ་ཞིབ་བྱས་ནས་ཤ་མོ་འདེབས་གསོ་དང་ཐོན་རྫས་ཕྱིར་ཚོང་། ཞིང་འབྲེལ་ཞིང་ཁྲིད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། ཁོ་མོས་བཟའ་བཅའི་ཤ་མོ་ནི་འབའ་ལུང་གི་ཁྱད་ལྡན་སྤུས་ལེགས་ཀྱི་ཐོན་ལས་ཤིག་ཡིན་པ་དང་། ཀུང་སིས་དེང་རབས་ཅན་གྱི་ཤ་མོ་འདེབས་གསོ་བཟོ་གྲྭ་བཙུགས་པ་དང་ཞིང་དུད་ལ་སྣེ་ཁྲིད་དེ་ནགས་འོག་མོག་རོ་འདེབས་འཛུགས། ཐོན་རྫས་ཕྱིར་གཏོང་འཕེལ་རྒྱས་གཏོང་བ་དེ་ལས་སླ་པོར་བྱུང་བ་ཞིག་མིན་པས། རྒྱུན་མཐུད་ངང་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་ཤ་མོའི་སོན་བཟང་འདེམས་གསོ་བྱས་ཏེ། ཐོན་རྫས་ཀྱི་སྤུས་ཚད་དང་ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས། 

ལི་ཡན་ལན་གྱིས་སྣེ་འདྲེན་ཁེ་ལས་ཀྱི་ཞིང་འབྲེལ་ཞིང་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་དེ་བས་མང་པོས་ནགས་འོག་བཟའ་བཅའི་ཤ་མོ་འདེབས་གསོ་བྱས་པར་སྐུལ་ཁྲིད་བྱེད་པ་བཅས་བྱས་ཏེ། ཤ་མོ་ཆུང་ངུ་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཐོན་ལས་ཆེན་པོར་འགྱུར་དགོས། དྲ་ཐོག་དང་ཡུལ་དངོས་མཉམ་དུ་ཤུགས་སྣོན་རྒྱག་པར་མཐའ་འཁྱོངས་བྱས་ནས་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་དང་སྡེབ་ཚོང་ཁྲོམ་ར་སོགས་ཀྱི་ཐབས་ལམ་ཡག་པོ་སྤྱད་དེ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་རྒྱ་ཆེར་ཧུར་ཐག་བཏང་ནས། བདེ་ཆེན་གྱི་སྤུས་ལེགས་བཟའ་བཅའི་ཤ་མོ་རི་ཁུག་ནས་ཕྱིར་འཚོང་ཐུབ་དགོས་ཞེས་ནན་གསུང་གནང་།  

图片

ལི་ཡན་ལན་གྱིས་འབའ་ལུང་རྫོང་ཡུང་ཁྲུན་ཤང་སན་ཅ་གྲོང་ཚོའི་ཉིའུ་ཅོན་ཧྥང་ཚོགས་ཆུང་བཞི་པའི་ནགས་ཁུལ་དང་ནགས་སྲུང་མེ་ཟོན་ས་ཚིགས་སུ་སྟོན་དགུན་དུས་ཚིགས་ཀྱི་མེ་ཟོན་ལས་དོན་ལ་བརྟག་ཞིབ་གནང་། 

འབའ་ལུང་རྫོང་ཡུང་ཁྲུན་ཤང་སན་ཅ་གྲོང་ཚོའི་ཉིའུ་ཅོན་ཧྥང་ཚོགས་ཆུང་བཞི་པའི་ནགས་ཁུལ་དང་ནགས་སྲུང་མེ་ཟོན་ས་ཚིགས་སུ་ལི་ཡན་ལན་གྱིས་རི་ནང་འགྲོ་བའི་ཐོ་འགོད་དང་། མེ་ཁུངས་དོ་དམ་ཚོད་འཛིན། ལས་རེས་དང་བབ་བསྟུན་གྲ་སྒྲིག་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོ་མོས་མིག་སྔར་སྟོན་དུས་དང་དགུན་དུས་ཀྱི་ནགས་ཚལ་མེ་ཟོན་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་དུས་དང་རྣམ་པ་ཀུན་ཏུ་ནགས་ཚལ་མེ་ཟོན་གྱི་རྩ་བ་དེ་དམ་པོར་འཛིན་པ་དང་། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་། “ལས་གནས་གཅིག་ལ་འགན་འཁྲི་གཉིས” ནགས་དཔོན་ལམ་ལུགས་བཅས་ཀྱི་འགན་འཁྲི་ནན་དུ་གཏོང་ནས། རི་ཁུལ་དང་ནགས་ཚལ་དུ་སྐྱོད་མཁན་དང་རི་ཐང་གི་མེ་ཁུངས་ལ་དོ་དམ་ཚོད་འཛིན་ནན་པོ་བྱས་ཏེ། མཆོད་འབུལ་བྱེད་སྐབས་མེ་སྤྱོད་པ་དང་ཞིང་ལས་ཐད་མེ་སྤྱོད་པ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་། སྐོར་སྲུང་སྐོར་ཞིབ། བབ་བསྟུན་ལས་རེས་བཅས་ཀྱི་བྱ་ཐབས་དོན་འཁྱོལ་བྱས་ནས་མ་བྱུང་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་གསུང་གནང་། 

ལི་ཡན་ལན་གྱིས་རི་ཁུལ་དུ་འགྲོ་བའི་ཞིབ་བཤེར་འགག་སྒོ་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་ཏེ་མེ་སོན་བསྡུ་ལེན་ནན་པོ་བྱས་ཏེ། བབ་བསྟུན་གྲ་སྒྲིག་ཡག་པོ་བྱས་ནས། སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་དངོས་ཟོག་ཁ་གསབ་བྱེད་པ། དཔུང་ཁག་སྟོབས་ཆེར་གཏོང་བ། དངོས་འཐབ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཆུ་ཚོད་24ཡི་ལས་རེས་དང་འགོ་ཁྲིད་ཀྱིས་ལས་རེས་སྣེ་ཁྲིད་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས། མེ་སྐྱོན་ཐོན་ཚེ་སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་ཐག་གཅོད་ཐུབ་པའི་འགན་ལེན་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས་པའི་བླང་བྱ་བཏོན། 

ལི་ཐའོ་དང་ཀྲོང་ཞའོ་ཕིང་། འབའ་ལུང་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་བརྟག་ཞིབ་ནང་ཞུགས། 

འགན་འཁུར་རྩོམ་སྒྲིག་པ།:达瓦只玛

  • བདེ་ཆེན་གསར་འགྱུར།

ལི་ཡན་ལན་གྱིས་འབའ་ལུང་རྫོང་དུ་བཟའ་བཅའ་ཤ་མོའི་ཐོན་ལས་འཕེལ་རྒྱས་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་ལ་བརྟག་ཞིབ་གནང་།

བདེ་ཆེན་ཁུལ་སྲིད་གཞུང་གིས་ཏ་ཐང་ཡུན་ནན་གློག་གཏོང་ཚད་ཡོད་ཀུང་སི་དང་བཞུགས་མོལ་གནང་བ།

སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་འབད་འབུངས་ཡར་བརྩོན་གྱིས་ལེའུ་གསར་པ་རྩམ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (དྲུག)

བདེ་ཆེན་ཁུལ་སྲིད་གཞུང་གིས་བཟོ་ཚོང་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་དང་བཞུགས་མོལ་གནང་།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་ཞིག་འཛུགས་རྒྱུར་འབད་བརྩོན་བྱེད་དགོས། ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། (ལྔ།)

ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་བརྟག་ཞིབ་གནང་བ།

ནན་པོ་གཙོ་བོར་འཛིན་ཏེ་རྨང་གཞི་བརྟན་དུ་གཏོང་བ་དང་དངོས་དོན་སྒྲུབ་པ་ནི་གཙོ་བོ་འཛིན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་། (གསུམ།)

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com