中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2026-11-06 11:45:24 འབྱུང་ཁུངས་:香格里拉藏文网

ཟླ་11ཚེས་5ཉིན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འབའ་ལུང་རྫོང་དུ་བསྐྱོད་དེ་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ་རེད། ཁོ་མོས་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་མ་འཇོག་རྒྱ་ཆེར་གཏོང་བ་དང་འཕར་སྣོན་བརྟན་པོ་ཡོང་བ་བྱེད་པ་དང་དམངས་འཚོར་ཕན་འདོགས་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་དམིགས་ཚད་ལས་འགན་གཏན་འཁེལ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་ཀྱི་མྱུར་ཚད་མགྱོགས་སུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།图片11ཚེས་5ཉིན་ལི་ཡན་ལན་གྱིས་ཉིང་ལང་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་ཉིང་ཏང་མོ་ཕུག་ལམ་གྱི་ཕྱིར་གཏོང་སྣེ་མོར་G7611ཏུའུ་ཅུན་ནས་སེམས་ཀྱི་ཉི་ཟླའི་མྱུར་བགྲོད་གཞུང་ལམ་ཉིང་ལང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་འཛུགས་སྐྲུན་རྣམ་གྲངས་(བདེ་ཆེན་དུམ་བུ་) ཀྱི་སྐུལ་འདེད་བཏང་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ལི་ཡན་ལན་གྱིས་ཉིང་ལང་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་དང་G215ལམ་ཐིག་གི་སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་དང་འབའ་ལུང་ནས་ཅུས་ཏེན་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་སོགས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཚུལ་དང་དེ་བཞིན་སྤུས་ཚད་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་དང་འབྲེལ་འབྲེལ་ཡོད་སྡེ་ཚན་དང་རྣམ་གྲངས་ཀྱི་ཁེ་ལས་བདག་པོའི་ཚན་པ་དང་དེ་བཞིན་ཨར་ལས་ཕྱོགས་ཀྱི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་གནང་ནས་རྗེས་མཐུད་ཨར་ལས་བཀོད་སྒྲིག་དང་མིག་སྔའི་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཡོད་པའི་དཀའ་ངལ་དང་གནད་དོན་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོ་མོས་འགྲིམ་འགྲུལ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་སྐྱོད་དཔོན་ཞིག་ཡིན་པ་དང་བདེ་ཆེན་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་ཆེ་ཤོས་ནི་སྔར་བཞིན་འགྲིམ་འགྲུལ་ཡིན། ཉིང་ལང་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་གྱི་གཞུང་ལམ། འབའ་ལུང་ནས་ཅུས་ཏེན་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་བཅས་ནི་ཁུལ་ཡོངས་ཀྱི་ཞན་ཆ་གསབ་པ་དང་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པས། འགྲིམ་འགྲུལ་དྲ་རྒྱའི་བཀོད་པ་ལེགས་སྒྱུར་དང་། དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད། མང་ཚོགས་ཀྱི་ཕྱིར་སྐྱོད་ཆ་རྐྱེན་ལེགས་བཅོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་དང་། ཉིང་ལང་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་བདེ་ཆེན་རང་འགུལ་ངང་ཡུན་ནན་དབུས་རྒྱུད་ཀྱི་དཔལ་འབྱོར་ཁུལ་དང་། སི་ཁྲོན་དང་ཁྲུང་ཆིན་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་འགྲིམ་འགྲུལ་གྱི་འཕར་རྩ་ཆེན་པོ་དེ་ངེས་པར་དུ་དམ་པོར་འཛིན་པ་དང་དམ་འཛིན་མཐར་ཕྱིན་པ་བྱེད་དགོས་ཞེས་གསུངས་པ་རེད།

图片
ལི་ཡན་ལན་གྱིས་འབའ་ལུང་ནས་ཅུས་ཏེན་བར་གྱི་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་ལི་ཡན་ལན་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འགག་རྩའི་མཚམས་ཚིགས་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས་ཐབས་བརྒྱ་ཇུས་སྟོང་ངང་མ་དངུལ་གྲབས་གསོག་དང་གོང་རིམ་གྱི་མ་དངུལ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ་ཐབས་ལམ་མང་པོའི་ཐོག་ནས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་གྱི་འཇུར་མིག་སེལ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་འཛུགས་བྱས་ཏེ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྒྲུབ་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམར་ཐིག་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་ནན་པོ་སྲུང་ནས་རྣམ་གྲངས་ཚང་མ་སྤུས་ལེགས་ལས་གྲྭ་ཞིག་ཏུ་ཧུར་ཐག་བཏོད་དེ་འགྲིམ་འགྲུལ་དྲ་བ་རྒྱུན་མཐུད་འཐུས་ཚང་དུ་གཏོང་བ་དང་ས་ཁོངས་ཕན་ཚུན་སྦྲེལ་མཐུད་ཀྱི་ནུས་པ་ཆེ་རུ་བཏང་ནས་དམངས་བདེ་དམངས་ཕན་གྱི་“བདེ་སྐྱིད་ལམ་བུ་”སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
ལི་ཡན་ལན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་ནན་པོ་བྱས་ཏེ་བདེ་འཇགས་ལས་གྲྭ་དང་། སྤུས་ལེགས་ལས་གྲྭ སྤྱོད་གཙང་ལས་གྲྭ་བཅས་ཧུར་ཐག་གཏོད་དགོས། རྫོང་(གྲོང་ཁྱེར་) ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་མདུན་ཕྱོགས་སུ་ཞབས་འདེགས་ཞུས་ཏེ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་མཉམ་སྒྲུབ་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱས་ཏེ་རྣམ་གྲངས་སྔ་ཙམ་བསྐྲུན་པ་དང་། སྔ་ཙམ་ཕན་འབྲས་ཐོན་པ། སྔ་ཙམ་དམངས་ཕན་བཅས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
ལི་ཐའོ་དང་ཀྲོང་ཞའོ་ཕིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་དང་འབའ་ལུང་རྫོང་སྲིད་གཞུང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ།:南珠泽仁

  • བདེ་ཆེན་གསར་འགྱུར།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།

ལི་ཡན་ལན་གྱིས་འབའ་ལུང་རྫོང་དུ་བཟའ་བཅའ་ཤ་མོའི་ཐོན་ལས་འཕེལ་རྒྱས་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་ལ་བརྟག་ཞིབ་གནང་།

བདེ་ཆེན་ཁུལ་སྲིད་གཞུང་གིས་ཏ་ཐང་ཡུན་ནན་གློག་གཏོང་ཚད་ཡོད་ཀུང་སི་དང་བཞུགས་མོལ་གནང་བ།

སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་འབད་འབུངས་ཡར་བརྩོན་གྱིས་ལེའུ་གསར་པ་རྩམ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (དྲུག)

བདེ་ཆེན་ཁུལ་སྲིད་གཞུང་གིས་བཟོ་ཚོང་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་དང་བཞུགས་མོལ་གནང་།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་ཞིག་འཛུགས་རྒྱུར་འབད་བརྩོན་བྱེད་དགོས། ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། (ལྔ།)

ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་བརྟག་ཞིབ་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com