中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་ལས་ཞུགས་ལས་དོན་ལ་བརྟག་དཔྱད་གནང་སྐབས་ནན་བཤད་གནང་དོན། ཚོགས་སྤྱི་གཙོ་གནད་ཅན་གྱི་ཞབས་ཞུ་དམ་འཛིན་བྱས་ནས་ལས་ཞུགས་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས།

ཁྱབ་བསྒྲགས་དུས་ཚོད་:2026-11-10 11:43:28 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་11པའི་ཚེས་6ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་ལས་ཞུགས་ལས་དོན་ལ་བརྟག་དཔྱད་གནང་བ་རེད། ཁོ་མོས་ལས་ཞུགས་སྔོན་འགྲོའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། བདེ་ཆེན་གྱི་འཕེལ་རྒྱས་དགོས་མཁོ་དང་ཐོན་ལས་དོན་དངོས་གཞིར་བཟུང་སྟེ། ལས་ཞུགས་གསར་གཏོད་ཞབས་ཞུའི་ལས་ཀ་ཏན་ཏིག་ཞིབ་ཚགས་ངང་བསྒྲུབ་དགོས་ཤིང་། ཚོགས་སྤྱི་གཙོ་བོའི་ལས་ཞུགས་རོགས་སྐྱོར་གནད་སྨིན་ཡག་པོ་སྒྲུབ་པ་དང་། ས་གནས་རང་གི་ལས་ཞུགས་ནུས་པ་སྔོག་འདོན་གཏིང་ཟབ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ལམ་བུ་མུ་མཐུད་རྒྱ་བསྐྱེད་གཏོང་དགོས་ཞེས་ནན་བཤད་གནང་།

图片

ཟླ་11པའི་ཚེས་6ཉིན། ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་རྩེ་མོ་ལ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་རུ་གྲོང་གསེབ་ལག་ཤེས་བཟོ་རྩལ་མི་སྣ་གསོ་སྐྱོང་དང་ཞིང་འབྲེལ་ཞིང་ཁྲིད་ཀྱི་གནས་ཚུལ་ལ་བརྟག་དཔྱད་གནང་བ་རེད། 

སེམས་ཀྱི་ཉི་ཟླ་རྩེ་མོ་ལ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིར། ལི་ཡན་ལན་ཐོན་རྫས་བཤམས་སྟོན་ཁང་དུ་ཕེབས་ཏེ་ཤུལ་བཞག་ལག་རྩལ་མེ་ཏོག་སྒྱུ་རྩལ་རིག་གནས་གསར་གཏོད་ཐོན་རྫས་ཀྱི་ཞིབ་འཇུག་ཇུས་འགོད་དང་། གྲོང་གསེབ་ལག་ཤེས་བཟོ་རྩལ་མི་སྣ་གསོ་སྐྱོང་། ཐོན་རྫས་ཕྱིར་ཚོང་བཅས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་རེད། ཁོ་མོས་ཁེ་ལས་ཀྱིས་ས་གནས་དེ་གའི་མི་རིགས་རིག་གནས་ཁྱད་ཆོས་ལ་གཞིར་ཚུགས་ནས་རིག་གནས་གསར་གཏོད་ཐོན་རྫས་མུ་མཐུད་དུ་ལེགས་བཅོས་གཏོང་བ་དང་། མགྲོན་ཁང་རྩེ་གྲ་དང་ཡུལ་སྐོར་ཕྱོགས་བསྡུས་ཚོགས་པ་སོགས་སྟེགས་བུ་སྣ་ཚོགས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། འགྲེམས་འཚོང་བྱེད་ས་མཉམ་དུ་བསྐྲུན་པ་དང་ཐོན་རྫས་མཐོང་རྒྱ་ཆེ་རུ་བཏང་ནས་ས་གནས་རང་བཞིན་གྱི་རིག་གནས་གསར་གཏོད་སྤུས་རྟགས་གྲགས་ཅན་གཏོད་དགོས།  ཞིང་འབྲེལ་ཞིང་ཁྲིད་དང་ཞིང་ཕྱུག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དམངས་ཁྲོད་ཀྱི་མངོན་མིན་རིག་གནས་རྒྱུན་འཛིན་པ་མང་པོ་ཞིག་ཐོན་སྐྱེད་གསར་རྩོམ་ནང་ཞུགས་སུ་འཇུག་པ་དང་། བདེ་ཆེན་ས་ཁུལ་གྱི་ཕུལ་བྱུང་མི་རིགས་རིག་གནས་གཏམ་རྒྱུད་ཟབ་མོ་སྔོག་འདོན་དང་དྲིལ་བསྒྲགས་ལེགས་པོ་བྱས་ཏེ། རིག་གནས་ཀྱིས་ཐོན་རྫས་རིན་ཐང་མཐོར་འདེགས་གཏོང་ཐུབ་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་།

图片

ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དྲོད་ཁང་ཆུང་བ་བུ་བཅོལ་འགན་འཁྲི་ཚད་ཡོད་ཀུང་སིར་ལས་གནས་བཀོད་སྒྲིག་དང་གླ་ཕོགས་འགན་སྲུང་། ལས་ཞུགས་སྦྱོང་བརྡར་རྟེན་གཞི་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ཐད་བརྟག་ཞིབ་གནང་བ་རེད། 

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དྲོད་ཁང་ཆུང་བ་བུ་བཅོལ་འགན་འཁྲི་ཚད་ཡོད་ཀུང་སིར། ལི་ཡན་ལན་གྱིས་བུ་བཅོལ་ལས་གནས་བཀོད་སྒྲིག་དང་གླ་ཕོགས་འགན་སྲུང་། ལས་ཞུགས་སྦྱོང་བརྡར་རྟེན་གཞི་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་སྐོར་བཀའ་འདྲི་ཞིབ་ཕྲ་ཞུས་པ་རེད། ཁོ་མོས་ལས་ཁུངས་ཀྱིས་ལས་རིགས་གོང་འཕེལ་འགྲོ་ཚུལ་དངོས་ལ་གཞིགས་ནས་ལས་གནས་འཇུག་འཐུས་ཚད་གཞི་ཚན་རིག་དང་མཐུན་པར་གཏན་འབེབས་བྱེད་པ་དང་། བྱང་ཚད་མཐོ་ཞིང་ལས་རིགས་ཆེད་ལས་ལྡན་པའི་བྱིས་པ་གཉོར་སྐྱོང་བྱེད་མཁན་དཔུང་སྡེ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་དགོས། ལས་ཞུགས་སྦྱོང་བརྡར་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ཏེ་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་བསྡུ་ལེན་ཧུར་ཐག་བྱེད་པ་དང་། ཁྲོམ་ར་གཏིང་ཇེ་ཟབ་ཏུ་གཏོང་བ་དང་ཞབས་ཞུ་ཇེ་ལེགས་སུ་བཏང་ནས་ཚད་ལྡན་ངང་གོང་སྤེལ་ཁྲོད་ལས་གནས་ཇེ་མང་དུ་གཏོང་བ་དང་ལས་མི་བརྟན་པོ་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

图片

ལི་ཡན་ལན་གྱིས་བདེ་ཆེན་ཁུལ་གནས་སྐབས་ངལ་རྩོལ་ཁྲོམ་རར་ལས་བྱེད་པ་ཚོ་དང་གླེང་མོལ་མཛད་དེ།ཞིང་འབྲོག་མི་དམངས་གནས་སྤོ་ལས་ཞུགས་གནས་སྟངས་ཤེས་རྟོགས་གནང་བ་རེད།

བདེ་ཆེན་ཁུལ་གནས་སྐབས་ངལ་རྩོལ་ཁྲོམ་ར་དང་སེམས་ཀྱི་ཉི་ཟླ་མི་རིགས་ལས་སྒོ་གསར་སྐྲུན་གླིང་དུ། ལི་ཡན་ལན་གྱིས་ལས་གནས་གཅིག་སྡུད་ཁྱབ་བསྒྲགས་དང་ཁེ་ལས་ཞབས་ཞུ། ལས་གཏོད་བྱེད་པོ་འདྲེན་འགུག་གསོ་སྐྱོང་སོགས་ཀྱི་ལས་དོན་ལ་གཟིགས་ཞིབ་གནང་བ་རེད། ཁོ་མོས་གནས་སྐབས་ངལ་རྩོལ་ཁྲོམ་རས་དྲ་ཐོག་དྲ་འོག་གཅིག་གྱུར་ཞབས་འདེགས་རྒྱུན་མཐུད་འཐུས་ཚང་དུ་གཏོང་བ་དང་། སྟབས་བསྟུན་ལས་ཞུགས་གོ་སྐབས་སྣ་ཚོགས་ཡང་དག་པར་བསྡུས་ནས་ཕན་ནུས་ཆེ་བའི་སྒོ་ནས་མཁོ་སྤྲོད་བྱེད་ཅིང་། ལས་མི་བཀོལ་སྤྱོད་མཐུན་སྦྱོར་དང་ཁེ་དབང་སྲུང་སྐྱོབ་ཞབས་ཞུ་སྒྲུབ་དགོས། མི་རིགས་ལས་སྒོ་གསར་སྐྲུན་གླིང་གིས་མཛུབ་ཁྲིད་ཞབས་ཞུ་ཤུགས་ཆེར་སྤེལ་བ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ནན་མོ་བྱེད་པ། ལས་གཏོད་གསོ་སྐྱོང་དཔེ་མཚོན་གྱོད་གཞི་མ་ལག་ཚང་བར་ཕྱོགས་བསྡོམས་བྱས་ཏེ་གསོ་སྐྱོང་ཞབས་ཞུའི་ཕན་འབྲས་ཇེ་ཆེར་བཏང་ནས་ཚོགས་སྤྱི་དམིགས་བསལ་ཅན་གྱི་ལས་གཏོད་ལས་ཞུགས་ཆེད་དུ་སྤུས་ལེགས་སྟེགས་བུ་བསྐྲུན་དགོས་པའི་པའི་བླང་བྱ་བཏོན་ཡོད།

ལི་ཡན་ལན་གྱིས་ནན་བཤད་གནང་དོན། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ལས་ཞུགས་བརྟན་འཇགས་ཡོང་བའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་དགོས་པ་དང་། ལས་ཞུགས་གསར་གཏོད་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཅིག་གྱུར་འཆར་འགོད་བྱེད་པ། ཞབས་ཞུ་འགན་སྲུང་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ངལ་རྩོལ་པས་ལས་ཞུགས་འདུ་ཤེས་བསྒྱུར་ཐབས་བྱེད་པ་དང་ན་གཞོན་ཁྱུ་ཚོགས་མི་གསར་ཁྱབ་ཁོངས་སུ་བསྐྱོད་དེ་ལས་གཏོད་ལས་ཞུགས་བྱེད་པར་སྐུལ་མ་གཏོང་དགོས། ལས་ཞུགས་གསར་གཏོད་ལག་ལེན་རྟེན་གཞིའམ་གསོ་སྦྱོང་ར་བ་འཛུགས་སྐྲུན་དང་དོ་དམ་ཡག་པོ་བྱས་ཏེ། ཁྲོམ་རའི་དགོས་མཁོ་རྩ་བར་བཟུང་ནས་ལག་རྩལ་གསོ་སྦྱོང་གི་དམིགས་གཏད་རང་བཞིན་དང་གནད་འཁེལ་རང་བཞིན། ཚན་རིག་རང་བཞིན་བཅས་ཇེ་མཐོ་རུ་བཏང་ནས་གསོ་སྦྱོང་དང་ལས་ཞུགས་གཉིས་དམ་པོར་སྦྲེལ་ཐུབ་པ་བྱེད་དགོས། བདེ་ཆེན་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འཆར་གཞི་ལྟེ་བར་འཛིན་པ་དང་ཆབས་ཅིག་ཏུ། ས་གནས་རང་གི་ལས་ཞུགས་བར་སྟོང་མུ་མཐུད་དུ་འཚོལ་ཞིབ་བྱས་ཏེ། ལས་ཞུགས་ཐོན་ཁུངས་ཡོད་ཚད་གནད་འགག་སར་བཀོལ་ནས་ལས་ཞུགས་བརྟན་བརླིང་བྱ་བ་མཐའ་དག་གྲུབ་འབྲས་བཟང་པོ་ཐོབ་པར་ཁག་ཐེག་བྱེད་དགོས།

 ཝུའུ་ཅིང་དང་ཀྲོང་ཞའོ་ཕིང་བརྟག་དཔྱད་ནང་ཞུགས་ཡོད། 

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་ལས་ཞུགས་ལས་དོན་ལ་བརྟག་དཔྱད་གནང་སྐབས་ནན་བཤད་གནང་དོན། ཚོགས་སྤྱི་གཙོ་གནད་ཅན་གྱི་ཞབས་ཞུ་དམ་འཛིན་བྱས་ནས་ལས་ཞུགས་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།

ལི་ཡན་ལན་གྱིས་འབའ་ལུང་རྫོང་དུ་བཟའ་བཅའ་ཤ་མོའི་ཐོན་ལས་འཕེལ་རྒྱས་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་ལ་བརྟག་ཞིབ་གནང་།

བདེ་ཆེན་ཁུལ་སྲིད་གཞུང་གིས་ཏ་ཐང་ཡུན་ནན་གློག་གཏོང་ཚད་ཡོད་ཀུང་སི་དང་བཞུགས་མོལ་གནང་བ།

སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་འབད་འབུངས་ཡར་བརྩོན་གྱིས་ལེའུ་གསར་པ་རྩམ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (དྲུག)

བདེ་ཆེན་ཁུལ་སྲིད་གཞུང་གིས་བཟོ་ཚོང་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་དང་བཞུགས་མོལ་གནང་།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་ཞིག་འཛུགས་རྒྱུར་འབད་བརྩོན་བྱེད་དགོས། ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ། (ལྔ།)

ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com