ལི་ཡན་ལན་གྱིས་དགུན་ཁའི་དྲོད་གཏོང་དང་དགུན་ཁའི་ལས་གྲྭ་འཛུགས་སྐྲུན། དེ་བཞིན་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ11པའི་ཚེས་9ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཟབ་ཞུགས་བྱས་ནས་དགུན་ཁའི་དྲོད་གཏོང་དང་དགུན་ཁའི་ལས་གྲྭ་འཛུགས་སྐྲུན། དེ་བཞིན་འགྲོ་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་། ཁོ་མོས་ནན་བཤད་གནང་དོན། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དྲོ་གྲང་དང་བདེ་འཇགས་སེམས་ལ་བཞག་སྟེ་བརྩེ་སེམས་ལ་བརྟེན་ནས་དགུན་ཁའི་དྲོད་གཏོང་འགན་ལེན་དམ་འཛིན་བྱེད་པ་དང་། འགྲོ་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་དང་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་གཏན་སྲུང་བྱས་ནས་མི་དམངས་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྐྱེལ་བ་དང་བདེ་འཇགས་ངང་ཕྱིར་སྐྱོད་པར་འགན་ལེན་བྱེད་དགོས།
ལི་ཡན་ལན་བདེ་ཆེན་ཁུལ་ཚ་ཤུགས་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིར་བསྐྱོད་དེ་ཡུལ་དངོས་ནས་དྲོད་གཏོང་སྒྲིག་ཆས་འཁོར་སྐྱོད་དང་རིག་ལྡན་བཀོད་གཏོང་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་།
ལི་ཡན་ལན་གྱིས་དང་ཐོག་བདེ་ཆེན་ཁུལ་ཚ་ཤུགས་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིར་བསྐྱོད་དེ་ཡུལ་དངོས་ནས་དྲོད་གཏོང་སྒྲིག་ཆས་འཁོར་སྐྱོད་དང་རིག་ལྡན་བཀོད་གཏོང་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་བ་དང་། ཞིབ་ཚགས་སྒོས་དྲོད་གཏོང་འགན་ལེན་དང་མ་གནས་ཚོད་འཛིན། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་རྒྱུས་ལོན་གནང་། ཁོ་མོས་བསྟན་དོན། དགུན་ཁའི་དྲོད་གཏོང་ནི་དམངས་འཚོའི་ལས་གྲྭ་དང་དམངས་སེམས་ཀྱི་ལས་གྲྭ་གལ་ཆེན་ཡིན་ལ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དྲོ་གྲང་སེམས་ལ་བཞག་པ་དང་ཁང་པའི་དྲོད་ཚད་ཚད་ལོན་རྒྱུ་དེ་དམིགས་ཚད་འགྱུར་མེད་དུ་བརྩིས་པ་དང་། ཚ་ཁུངས་དང་སྦུག་དྲ་ནས་དུད་ཚང་བར་གྱི་བརྒྱུད་རིམ་ཧྲིལ་པོར་སྙོམས་སྒྲིག་ཞིབ་ཚགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུད་ཚང་ཀུན་དྲོ་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས། དམངས་ཕན་འཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དེ་ཚན་རིག་དང་མཐུན་པའི་བཀོད་གཏོང་དང་སྙོམས་སྒྲིག་ཞིབ་ཚགས། ལག་རྩལ་རང་བཞིན་གྱི་ལེགས་བཅོས་དང་རིམ་སྤར་བཅས་བརྒྱུད་ནས་མ་གནས་དམའ་རུ་གཏོང་བ་དང་མང་ཚོགས་ཀྱི་ཁུར་པོ་ཇེ་ཆུང་དུ་གཏོང་དགོས། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་ནན་དུ་གཏོང་བ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་གཏན་སྲུང་བྱེད་དགོས།
ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་རྒྱལ་ཐང་ཡུལ་སྐོར་ལྟེ་གནས་ཀྱི་སྡོད་ཁང་དང་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི(མཚེའུ་འགྲམ་གྱི་ཕུགས་འདུན)རུ་བསྐྱོད་དེ་རྣམ་གྲངས་འཛུགས་སྐྲུན་དང་དགུན་ཁའི་ཨར་ལས་བདེ་འཇགས་སོགས་ཀྱི་གནས་ཚུལ་རྒྱུན་ལོན་གནང་།
སེམས་ཀྱི་ཉི་ཟླ་རྒྱལ་ཐང་ཡུལ་སྐོར་ལྟེ་གནས་ཀྱི་སྡོད་ཁང་དང་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་(མཚེའུ་འགྲམ་གྱི་ཕུགས་འདུན)རུ་ལི་ཡན་ལན་གྱིས་ཞིབ་ཚགས་སྒོས་རྣམ་གྲངས་འཛུགས་སྐྲུན་དང་དགུན་ཁའི་ཨར་ལས་བདེ་འཇགས་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་དང་། ཁོ་མོས་ནན་བཤད་གནང་དོན། འཕེལ་རྒྱས་དང་བདེ་འཇགས་གཅིག་འགྱུར་འཆར་འགོད་བྱེད་དེ་ལས་གྲྭའི་སྤུས་ཚད་དང་ཨར་ལས་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚན་རིག་དང་མཐུན་པའི་སྒོས་དགུན་ཁའི་ཨར་ལས་སྒྲིག་འཛུགས་བྱེད་པ་དང་། གྲང་འགོག་འཁྱགས་འགོག་དང་། མེ་འགོག་འདྲེད་འགོག་སོགས་བདེ་འཇགས་འགོག་སྲུང་བྱེད་ཐབས་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ། བདེ་འཇགས་དོན་རྐྱེན་སྣ་ཚོགས་ཐོན་པར་འགོག་ཟོན་མཐའ་གཅིག་ཏུ་བྱེད་དགོས། ལས་གྲྭའི་སྤུས་ཚད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་སྟེ་འཛུགས་སྐྲུན་ནང་ཞུགས་པའི་ཕྱོགས་སོ་སོའི་འགན་འཁྲི་ནན་དུ་བཏང་ནས་སྤུས་ལེགས་ལས་གྲྭ་དང་བློ་བདེ་ལས་གྲྭ་ཧུར་ཐག་བསྐྲུན་དགོས།
ལི་ཡན་ལན་གྱིས་G214ལམ་ཐིག་དང་ནགས་ཕག་མཚོའི་མཚོ་བསྐོར་ལམ་གྱི་ལམ་མདོ་རུ་འགྲིམ་འགྲུལ་གདོང་གཏུག་ཁུལ་གྱི་འགག་པ་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་།
དེའི་རྗེས་སུ། ལི་ཡན་ལན་གྱིས་སྔ་རྗེས་སུ་G214ལམ་ཐིག་དང་ནགས་ཕག་མཚོའི་མཚོ་བསྐོར་ལམ་གྱི་ལམ་མདོ་དང་། རི་མཐོ་རྩི་ཤིང་ར་བའི་ཉི་འོད་མི་འཁེལ་པའི་ལམ་དུམ། མཚོ་ཕུར་ལ་ཁའི་ཐུར་ལམ་རིང་པོ་བཅས་སུ་འགྲིམ་འགྲུལ་གདོང་གཏུག་ཁུལ་གྱི་འགག་པ་བཅོས་སྐྱོང་དང་། དགུན་ཁའི་གངས་གསོག་དང་དར་ཆགས་ལམ་ངོས་སུ་དོན་རྐྱེན་བཀག་སྡོམ། འགྲོ་ལམ་ཤར་གཏོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་། ཁོ་མོས་ནན་བཤད་གནང་དོན། མིག་སྔར་དགུན་ཁར་སླེབས་ཡོད་པས་ཉི་འོད་མི་འཁེལ་པའི་ལམ་དུམ་དང་ཐུར་ལམ་རིང་པོར་གངས་གསོག་པ་དང་དར་ཆགས་སླ་བས་བདེ་འཇགས་ཀྱི་ཉེན་ཁ་ཆེ། སྔོན་འགོག་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་དེ་ལྟ་ཞིབ་ཚད་ལེན་སྔོན་བརྡར་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེར་གཏོང་བ་དང་། གངས་འཕྱག་དར་ཞུའི་དངོས་རྫས་གྲ་སྒྲིག་གང་ལེགས་བྱས་ནས་དུས་ཐོག་ཏུ་གངས་འཕྱག་ཤར་བགྲོད་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས། གཙོ་གནད་ལམ་དུམ་གྱི་སྐོར་ཞིབ་དོ་དམ་ཚོད་འཛིན་དང་ལས་སྒྲུབ་ལས་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་གཏོང་བ། མཉམ་འབྲེལ་མཁོ་སྒྲུབ་མཉམ་འགུལ་དང་འཕྲལ་སྡོམ་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ། ཚབས་ཆེན་དང་ཧ་ཅང་ཚབས་ཆེན་གྱི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ཐོན་པར་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས།
ལི་ཡན་ལན་གྱིས་བླང་བྱ་བཏོན་དོན། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ནན་དུ་གཏོང་བ་དང་མཉམ་ལས་མཉམ་འགུལ་བྱེད་དེ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་སྤྱི་བདེ་སོགས་སྡེ་ཚན་གྱིས་རང་འགན་རང་འཁུར་དང་གཞོགས་འདེགས་དམ་ཟབ་བྱེད་དེ་དགུན་ཁའི་དྲོད་གཏོང་དང་། རྣམ་གྲངས་འཛུགས་སྐྲུན། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅས་ཀྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་། དྲོ་སྐྱིད་ལྡན་པའི་ངང་དགུན་སྐྱེལ་བ། བདེ་འཇགས་ངང་འགྲོ་སྐྱོད་བཅས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།
ལི་ཐའོ་དང་ཀྲོང་ཞའོ་ཕིང་བརྟག་ཞིབ་ནང་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་ཞིབ་བྱས།
ལི་ཡན་ལན་གྱིས་དགུན་ཁའི་དྲོད་གཏོང་དང་དགུན་ཁའི་ལས་གྲྭ་འཛུགས་སྐྲུན། དེ་བཞིན་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་།
ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་ལས་ཞུགས་ལས་དོན་ལ་བརྟག་དཔྱད་གནང་སྐབས་ནན་བཤད་གནང་དོན། ཚོགས་སྤྱི་གཙོ་གནད་ཅན་གྱི་ཞབས་ཞུ་དམ་འཛིན་བྱས་ནས་ལས་ཞུགས་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས།
ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།
ལི་ཡན་ལན་གྱིས་འབའ་ལུང་རྫོང་དུ་བཟའ་བཅའ་ཤ་མོའི་ཐོན་ལས་འཕེལ་རྒྱས་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་ལ་བརྟག་ཞིབ་གནང་།
བདེ་ཆེན་ཁུལ་སྲིད་གཞུང་གིས་ཏ་ཐང་ཡུན་ནན་གློག་གཏོང་ཚད་ཡོད་ཀུང་སི་དང་བཞུགས་མོལ་གནང་བ།
སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་འབད་འབུངས་ཡར་བརྩོན་གྱིས་ལེའུ་གསར་པ་རྩམ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (དྲུག)
བདེ་ཆེན་ཁུལ་སྲིད་གཞུང་གིས་བཟོ་ཚོང་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་དང་བཞུགས་མོལ་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108