ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་ཞིབ་བྱས།
ཟླ་11ཚེས་9ཉིན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བསྐྱོད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་ཞིབ་བྱས་པ་དང་ཡུལ་དངོས་སུ་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་དང་ས་གནས་ས་ཐོག་ཏུ་བསྒྲུབ་རྒྱུར་རྩིས་སྤྲད་པའི་གནད་དོན་རིམ་པ་བཞིན་བདེ་འཇགས་ཀྱི་འགན་འཁྲི་ནན་དུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་དུ་བཏང་བ་རེད།

ལི་ཡན་ལན་ལྷ་ཡུལ་ཞིང་མཆོག་མགྲོན་ཁང་དུ་ཕེབས་ནས་བདེ་འཇགས་ཐོན་སྐྱེད་མངོན་བཤེར་ལྐོག་ཞིབ་བྱས།
ལྷ་ཡུལ་ཞིང་མཆོག་མགྲོན་ཁང་དུ་ལི་ཡན་ལན་གྱིས་མེ་ཟོན་སྒྲིག་བཀོད་ཡོ་བྱད་སྒྲིག་སྦྱོར་དང་དེ་བཞིན་གློག་སྐས་སོགས་དམིགས་བསལ་སྒྲིག་ཆས་འཁོར་སྐྱོད་དང་དུས་བཀག་བརྟག་བཤེར་དང་རྒྱུན་གཏན་གྱི་སྐོར་ཞིབ་རྩིས་ཁྲར་ཞིབ་ཕྲ་གཟིགས་པ་དང་ལས་རེས་དང་འཕྲལ་སྡོམ་ནང་སྦྱོང་དང་ལས་ཞུགས་མི་སྣའི་བདེ་འཇགས་གསོ་སྦྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ལི་ཡན་ལན་གྱིས་མགྲོན་ཁང་དེ་མི་སྣ་འདུ་འཛོམས་ཆེ་ས་དང་མི་ཚོགས་འདུ་འཛོམས་ཆེ་ས་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་མེ་ཟོན་བདེ་འཇགས་དང་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་དོ་དམ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས་མངོན་མེད་རྐྱེན་ངན་རང་བཤེར་བྱས་ཏེ་ཁ་འགྲེམས་བགྲོད་ལམ་ཤར་གཏོང་ཐུབ་རྒྱུ་རྒྱུན་འཁྱོངས་དང་དམིགས་བསལ་སྒྲིག་ཆས་ཀྱི་བདེ་སྲུང་ལ་ཤུགས་སྣོན་བརྒྱབ་ནས་མེ་སྐྱོན་གྱི་ལས་འཛོལ་དང་སྒྲིག་ཆས་ཀྱི་བདེ་འཇགས་ལས་འཛོལ་ཐོན་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།

ལི་ཡན་ལན་ཀྲུང་གོ་རྡོ་སྣུམ་ནག་ཆུའི་སྣུམ་སྣོན་ས་ཚིགས་སུ་བདེ་འཇགས་ཐོན་སྐྱེད་མངོན་བཤེར་ལྐོག་ཞིབ་བྱེད་པར་བསྐྱོད་པ།
དེ་རྗེས་ལི་ཡན་ལན་གྱིས་སྔ་རྗེས་སུ་ཀྲུང་གོ་རྡོ་སྣུམ་ནག་ཆུའི་སྣུམ་སྣོན་ས་ཚིགས་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བདེ་ཆེན་རྡོ་སྣུམ་ཡན་ལག་ཀུང་སིའི་སེམས་ཀྱི་ཉི་ཟླའི་འོ་མ་ཆུ་ཁ་སྣུམ་སྣོན་ས་ཚིགས་སུ་བསྐྱོད་དེ་སྣུམ་སྣོད་ཁུལ་དང་སྣུམ་སྣོན་བྱེད་ལས་སྤེལ་ཁུལ་དུ་བསྐྱོད་དེ་ཉེན་ཡོད་རྫས་འགྱུར་དངོས་རྫས་གསོག་ཉར་དང་། འདོན་འཇུག ཞི་གློག་ཕྱིར་ཤོར། སྔོན་འགོག་བཅས་ཀྱི་སྒྲིག་བཀོད་ལ་ཞིབ་བཤེར་བྱས་ཡོད།ལི་ཡན་ལན་གྱིས་སྣུམ་སྣོན་ས་ཚིགས་ནི་ཉེན་ཁ་ཆེ་བའི་གནས་ཤིག་ཡིན་པས་ཉེན་ཡོད་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་དོ་དམ་ཚད་གཞི་དོན་འཁྱོལ་ནན་པོ་བྱེད་པ་དང་མེ་འབར་བ་དང་ཞིབ་བཤེར་བཟོ་བཅོས་སོགས་དམིགས་བསལ་ལས་སྒྲུབ་ལ་དོ་དམ་ཚོད་འཛིན་ནན་པོ་བྱས་ཏེ་ལས་མིའི་འཕྲལ་སྡོམ་ཐག་གཅོད་ཀྱི་དངོས་སྦྱོང་སྦྱོང་བརྡར་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཕྱིར་ཤོར་བ་དང་འབར་གས་ཀྱི་ལས་འཛོལ་ནན་འགོག་བྱེད་པ་དང་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ལས་དོན་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་།

ལི་ཡན་ལན་ཅིན་ཞང་ཤོག་སྦག་སྡེབ་ཚོང་ཚད་ཡོད་ཀུང་སིར་ཕེབས་ནས་བདེ་འཇགས་ཐོན་སྐྱེད་མངོན་བཤེར་ལྐོག་ཞིབ་གནང་།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧ་ཏི་སོལ་རླངས་ཚ་ནུས་ཚད་ཡོད་འགན་འཁྲི་ཀུང་སིར་ལི་ཡན་ལན་གྱིས་སོལ་རླངས་གསོག་ཉར་དང་། སྐྱེལ་འདྲེན། སྒྲིག་ཆས་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ནན་ཏན་བྱས་ཏེ། ཁེ་ལས་ཀྱིས་སོལ་རླངས་འཁོར་འབྲེལ་ཧྲིལ་པོའི་བདེ་འཇགས་དོ་དམ་དམ་འཛིན་ཏན་ཏིག་དང་། སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁའི་གནས་ཚུལ་སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་བབ་བསྟུན་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། འབྱུང་རྩ་ནས་སོལ་རླངས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་བྱ་དགོས་པའི་བླང་བྱ་བཏོན་ཡོད།
ཅིན་ཞང་ཤོག་སྦག་སྡེབ་ཚོང་ཚད་ཡོད་ཀུང་སིར་ལི་ཡན་ལན་གྱིས་མཛོད་འཇུག་ཐོ་འགོད་དང་རྒྱུག་ཕྱོགས་དོ་དམ་ཚོད་འཛིན་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་བྱས་ཏེ་ཁེ་ལས་ཀྱིས་ཤོག་སྦག་གསོག་ཉར་དོ་དམ་གྱི་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ་དང་གསོག་ཉར་བསྡོམས་འབོར་ཚོད་འཛིན་ནན་པོ་བྱེད་པ་དང་མཛོད་ཁང་གི་ལས་རེས་ཚད་ལྡན་དུ་བཏང་ནས་ཉོ་ཚོང་དང་སྐྱེལ་འདྲེན་སོགས་ལྷུ་ཚིགས་ཁག་ལ་དམ་པོར་དམིགས་ཏེ་སྒྲིག་འགལ་ངང་གསོག་ཉར་དང་།སྒྲིག་འགལ་འཁོར་རྒྱུག་ནན་འགོག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ལི་ཡན་ལན་གྱིས་མིག་སྔའི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་"མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་"འདུ་ཤེས་བརྟན་པོ་བཙུགས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་མངོན་བཤེར་ལྐོག་ཞིབ་བྱས་ཏེ་གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ལ་རྩིས་ཐོ་བཟོས་ནས་དུས་བཀག་ནང་བཅོས་སྒྲིག་དང་ཨང་རྟགས་མེད་པ་བཟོ་དགོས། ཐོན་སྐྱེད་གཉེར་སྐྱོང་ཚན་པ་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱས་ཏེ་བདེ་འཇགས་ཀྱི་བྱ་ཐབས་དེ་ལས་གནས་ཚང་མ་དང་ལྷུ་ཚིགས་ཚང་མའི་ཐོག་འཁྱོལ་བ་བྱེད་དགོས། ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ལ་དམ་པོར་དམིགས་ཏེ་ལྷོད་གཡེང་མི་གཏོང་བ་དང་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲོང་ཞའོ་ཕིང་བཅས་ཞུགས་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་ཞིབ་བྱས།
ལི་ཡན་ལན་གྱིས་དགུན་ཁའི་དྲོད་གཏོང་དང་དགུན་ཁའི་ལས་གྲྭ་འཛུགས་སྐྲུན། དེ་བཞིན་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་།
ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་ལས་ཞུགས་ལས་དོན་ལ་བརྟག་དཔྱད་གནང་སྐབས་ནན་བཤད་གནང་དོན། ཚོགས་སྤྱི་གཙོ་གནད་ཅན་གྱི་ཞབས་ཞུ་དམ་འཛིན་བྱས་ནས་ལས་ཞུགས་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས།
ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།
ལི་ཡན་ལན་གྱིས་འབའ་ལུང་རྫོང་དུ་བཟའ་བཅའ་ཤ་མོའི་ཐོན་ལས་འཕེལ་རྒྱས་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་ལ་བརྟག་ཞིབ་གནང་།
བདེ་ཆེན་ཁུལ་སྲིད་གཞུང་གིས་ཏ་ཐང་ཡུན་ནན་གློག་གཏོང་ཚད་ཡོད་ཀུང་སི་དང་བཞུགས་མོལ་གནང་བ།
སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་འབད་འབུངས་ཡར་བརྩོན་གྱིས་ལེའུ་གསར་པ་རྩམ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (དྲུག)
བདེ་ཆེན་ཁུལ་སྲིད་གཞུང་གིས་བཟོ་ཚོང་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་དང་བཞུགས་མོལ་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108