བདེ་ཆེན་ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།

ཉིན་ཤས་རིང་། བདེ་ཆེན་ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྣམ་པ་མི་འདྲ་བའི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། ཚང་མས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ཡག་པོ་བྱེད་པ་དེ་མིག་སྔ་དང་སླད་ཕྱིན་དུས་རིམ་ཞིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱེད། བདེ་ཆེན་གྱི་དོན་དངོས་ལ་གཞི་ཚུགས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་འགན་འཁྲི་སྒྲུབ་པ་དང་ཡུན་རིང་བདེ་འགོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར་རྒྱུ་ཞེས་སྟོན།
སེམས་ཀྱི་ཉི་ཟླ་གྲོང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོང་ཁྱེར་ཡོངས་གོང་འོག་གིས་དོན་དངོས་ལ་གཞི་ཚུགས་ནས་ལག་ལེན་མཐར་ཕྱིན་དམ་འཛིན་ཡག་པོ་བྱས་པ་དང་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་དམིགས་ནས་སྤྱི་ཚོགས་ཞི་མཐུན་བརྟན་བརླིང་སྲུང་སྐྱོང་དང་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་། ཏང་འཛུགས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་གདོང་མཆོང་བྱེད་པ་སོགས་ལས་དོན་གཙོ་གནད་དམ་འཛིན་ཏན་ཏིག་བྱས་ཏེ་ལོ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་འགྲུབ་པར་འགན་ལེན་བྱེད་དགོས། ཚད་མཐོ་བའི་ཆབ་སྲིད་རང་རྟོགས་དང་། བསམ་བློ་རང་རྟོགས། བྱ་སྤྱོད་རང་རྟོགས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་མཐར་ཕྱིན་དམ་འཛིན་ཡག་པོ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སེམས་ཀྱི་ཉི་ཟླར་གཏིང་ཟབ་ཏུ་སྤེལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ་སེམས་ཀྱི་ཉི་ཟླ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་པའི་བླང་བྱ་བཏོན།
འབའ་ལུང་རྫོང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱེད་པ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་དང་“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་གཞི་རྟེན་ལ་བརྟེན་ནས་སློབ་སྦྱོང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་དགོས། བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་སྟེ་ཏང་གཤིས་ལ་ཤུགས་སྣོན་རྒྱག་པ་དེ་རྩ་བའི་རང་བཞིན་གྱི་ལས་འགན་ཏུ་བརྩིས་པ་དང་། ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དེ་ཚེ་གང་གི་དཔྱོད་དོན་ཏུ་བརྩིས་དགོས། ཉམས་སད་ཐེག་ཐུབ་པའི་དཔུང་ཁག་སྐྲུན་པ་དང་། ཡང་དག་པའི་མི་སྤྱོད་པའི་ཁྲིད་སྟོན་མཐའ་འཁྱོངས་བྱེད། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་མི་བེད་སྤྱོད་དང་འདེམས་དེ་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྐུལ་འདེད་གཏོང་དགོས། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས། བརྟན་ཐོག་ཡར་འཕེལ་ལས་དོན་གྱི་ནང་དོན་ལྟེ་བ་མཐའ་འཁྱོངས་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལེགས་པར་བསྒྲུབས་ཏེ། ལོ་ཡོངས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་འགྲུབ་པར་འགན་ལེན་བྱེད་དགོས། ཉེན་མེད་ཐོན་སྐྱེད་དང་། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཆུང་དུ་གཏོང་བ། བཟའ་ཆས་སྨན་རིགས་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་གི་ལས་དོན་ཁག་ལེགས་པར་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཞི་མཐུན་བརྟན་བརླིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བྱང་བྱ་བཏོན།
ཁུལ་ཨུ་རྩ་འཛུགས་པུའུ་ཡིས་རྩ་འཛུགས་པུའུ་ཡི་ལས་དོན་ཚོགས་འདུའི་རྒྱས་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཆ་ཚང་བ་དང་། གནད་འཁེལ། ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་། རྩ་འཛུགས་པུའུ་ཡི་འགོ་ཁྲིད་ཚན་པས་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱེད་པར་སྣེ་ཁྲིད་བྱེད་དགོས། ལས་བྱེད་པ་དང་ལས་བཟོ་པས་རང་འགུལ་ངང་སློབ་སྦྱོང་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་དེ་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་དངོས་སྒྲུབ་སྔོན་ཐོན་བརྩོན་ལེན་གྱི་རྣམ་པ་ཟབ་མོ་བསྐྲུན་ནས་བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་གསོ་གསོ་སྦྱོང་དམ་འཛིན་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱེད་པ་དེ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་མཐུད་དེ། རིམ་པ་དབྱེ་ནས་ཏང་ཡོན་ལས་བྱེད་པ་ཡོངས་ལ་ཁྱབ་པའི་གསོ་སྦྱོང་རེས་སྐོར་སྦྱོང་བརྡར་སྤེལ། རྒྱུན་མཐུད་ངང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་གསོའི་གྲུབ་འབྲས་རྒྱ་བསྐྱེད་གཏོང་སྟེ་ཏང་ཡོན་ལས་བྱེད་པར་ཁྲིད་སྟོན་བྱེད་དེ་བསམ་སྤྱོད་གསུམ་ཟུང་འབྲེལ་དང་། ཤེས་པ་དང་ཉམས་ལེན་གཅིག་གྱུར་ཡོང་བ་བྱེད་དགོས། དོན་འཁྱོལ་མཐར་ཕྱིན་བྱེད་པའི་ཐད་འབད་བརྩོན་བྱས་ཏེ་གནད་ལ་འཁེལ་བའི་སྒོ་ནས་དཔེ་བསྡུར་བྱས་ཏེ་གུང་ཁྲན་ཏང་མིའི་ཏང་གཤིས་ཆེ་རུ་གཏོང་བ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་མཐར་ཕྱིན་ནན་མོ་བྱས། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་སྐྲུན། ཏང་གི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་། རྩ་འཛུགས་ལས་དོན་གྱི་འགན་ནུས་འགན་འཁྲི་ལ་དམིགས་ནས་དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་བཟོ་བར་ཞིབ་འཇུག་བྱས། གདུབ་ཟུམ་དོན་འཁྱོལ་ལམ་སྲོལ་འཛུགས་ནས་ཏང་ཀྲུང་དབྱང་ཀྱི་ཐབས་ཇུས་བཀོད་སྒྲིག་དེ་རྩ་འཛུགས་སྡེ་ཚན་དུ་ཆད་ལུས་མེད་པ་དང་ཐོག་མཐའ་བར་གསུམ་དུ་མཐར་ཕྱིན་ཡོང་བར་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས།
ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཡིས་རྒྱས་འཛོགས་གྲོས་ཚོགས་འཚོགས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཚོགས་འདུའི་ཐོག་འགོ་ཁྲིད་ཀྱིས་སློབ་སྦྱོང་སྣེ་ཁྲིད་དང་། ལས་མི་ཡོངས་ཀྱིས་ཞིབ་འཇུག་སློབ་སྦྱོང་བྱེད་པར་མཐའ་འཁྱོངས་བྱས་ཏེ་ཏང་ཙུའུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག” མི་སྒེར་གྱིས་རང་སྦྱོང་བྱེད་པ་སོགས་རྣམ་པ་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་དགོས། མཐོ་སྒང་གི་ཚན་རིག་ཁྱབ་གདལ་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་པ་དང་། གཞི་རིམ་གྱི་ཚན་རིག་ཁྱབ་གདལ་གྱི་གཡུལ་ས་སོགས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དང་མི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བཀོད་སྒྲིག་དམ་པོར་དམིགས་པ་དང་། སྒྲིག་ཁྲིམས་ཀྱི་སྒྲིག་ལམ་ནན་པོ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱེད་དགོས། ཚན་རིག་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ཚན་རིག་ཁྱབ་གདལ་ལས་དོན་གྱི་མཐའ་ཚད་བརྟན་སྲུང་བྱས་ཏེ་སྤྱོད་བཟང་གཞུང་དྲང་དང་དངོས་སྒྲུབ་འགན་འཁུར་བའི་ལས་སྒྲུབ་ཁོར་ཡུག་བསྐྲུན་དགོས། ཏང་འཛུགས་སྐྱོང་གིས་ཚན་རིག་ཁྱབ་གདལ་གྱི་སྤུས་ཚད་མཐོ་རུ་གཏོང་བར་སྣེ་ཁྲིད་བྱེད་པར་མཐའ་འཁྱོངས་དང་། ཚན་རིག་ཁྱབ་གདལ་གྲོང་གསེབ་དང་སློབ་གྲྭ། སྡེ་ཁུལ་སོགས་སུ་སྐྱོད་པའི་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ། གཞི་རིམ་གྱི་ཚན་རིག་ཁྱབ་གདལ་དང་བླངས་ཞབས་ཞུ་དམ་འཛིན་བྱེད་དགོས། སློབ་སྦྱོང་གི་ཕན་འབྲས་དེ་འགན་འཁྲི་སྒྲུབ་པའི་ཕན་འབྲས་སུ་བསྒྱུར་ནས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཚན་རྩལ་ལས་དོན་པ་སྣེ་ཁྲིད་དེ་མཐོ་སྒང་དུ་གཞི་ཚུགས་པ་དང་གཞི་རིམ་ལ་ཞབས་འདེགས་ཞུ་ནས་ཚན་རྩལ་མཐུན་ཚོགས་ལས་དོན་གྱི་སྤྱི་ཡོངས་ཀྱི་ལེགས་སྐྱེས་འབུལ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས།
ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་ཞིབ་བྱས།
ལི་ཡན་ལན་གྱིས་དགུན་ཁའི་དྲོད་གཏོང་དང་དགུན་ཁའི་ལས་གྲྭ་འཛུགས་སྐྲུན། དེ་བཞིན་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་།
ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་ལས་ཞུགས་ལས་དོན་ལ་བརྟག་དཔྱད་གནང་སྐབས་ནན་བཤད་གནང་དོན། ཚོགས་སྤྱི་གཙོ་གནད་ཅན་གྱི་ཞབས་ཞུ་དམ་འཛིན་བྱས་ནས་ལས་ཞུགས་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་དགོས།
ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ།
ལི་ཡན་ལན་གྱིས་འབའ་ལུང་རྫོང་དུ་བཟའ་བཅའ་ཤ་མོའི་ཐོན་ལས་འཕེལ་རྒྱས་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་མེ་ཟོན་ལས་དོན་ལ་བརྟག་ཞིབ་གནང་།
བདེ་ཆེན་ཁུལ་སྲིད་གཞུང་གིས་ཏ་ཐང་ཡུན་ནན་གློག་གཏོང་ཚད་ཡོད་ཀུང་སི་དང་བཞུགས་མོལ་གནང་བ།
སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་འབད་འབུངས་ཡར་བརྩོན་གྱིས་ལེའུ་གསར་པ་རྩམ——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (དྲུག)
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108