གྲོང་དར་དམངས་ཕྱུག་བྱས་ནས་དར་རྒྱས་ལ་སྐུལ་སྤེལ་གཏོང་། གངས་ལྗོངས་མཐོ་སྒང་གིས་རྣམ་པ་གསར་པ་གཏོད། ——བདེ་ཆེན་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དབར་འབྲེལ་མཐུད་ནུས་ལྡན་བྱས་པའི་ལས་དོན་གྱི་སྒྲིལ་གླེང་།
རྩོམ་པ་པོ་:马建军 姚一鸣
ཁྱབ་བསྒྲགས་དུས་ཚོད་:2026-11-12 15:25:33
འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་དབར་འབྲེལ་མཐུད་ནུས་ལྡན་བྱས་པའི་ལས་དོན་སྤེལ་བ་ནས་བཟུང་། བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ཞིང་གསུམ་”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་པ། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ། ཁ་གཏད་རོགས་སྐྱོར་ལས་ཁུངས་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རོགས་རམ་འོག གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་བྱུང་བའི་མཐའ་ཚད་སྲུང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་མཐོ་རུ་འདེགས་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་རྒྱུ་གོ་རིམ་ལྡན་པའི་ངང་མདུན་སྐྱོད་བྱས་ཡོད།མཐོ་གནས་ཀྱིས་སྐུལ་འདེད་གཏོང་སྟེ་གོང་འོག་གཏད་འབིགས་ཀྱི་འགན་འཁྲི་མ་ལག་བསྐྲུན།བདེ་ཆེན་ཁུལ་གྱི་རྫོང་(གྲོང་ཁྱེར་)གསུམ་ཚང་མ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་ཡིན། བར་བརྒལ་དུས་སྐབས་སུ། བདེ་ཆེན་ཁུལ་གྱིས་དུས་ཐོག་ཏུ་དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་། ཁུལ་ཨུ་ཧྲུའུ་ཅི་དང་ཁུལ་དཔོན་གཉིས་ཀྱིས་ཙུའུ་ཀྲང་བྱས་པའི་རྩ་འཛུགས་འགོ་ཁྲིད་མ་ལག་བཙུགས་ནས“རིམ་པ་བཞིའི་ཧྲུའུ་ཅི་”མཉམ་དུ་དམ་འཛིན་དང་། གོང་འོག་གཏད་འབིགས། དམ་འཛིན་མཐའ་འཁྱོལ་བཅས་བྱེད་པའི་ལས་ཀའི་མ་ལག་བཙུགས་པ་རེད། ཁུལ་ཡོངས་ཀྱིས་སྔ་རྗེས་སུ་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་74དང་། ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་43 རིམ་པ་ཁག་གི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་ཆེད་དོན་ཚོགས་འདུ་ཐེངས་175བཅས་འཚོགས་ཏེ་འབྲེལ་ཡོད་དོན་ཚན་ཞིབ་འཇུག་བྱས་པ་རེད། ཀྲུང་དབྱང་གི་ཁེ་ལས་2དང་ཞིང་ཆེན་རིམ་པའི་ལས་ཁུངས་18ཀྱིས་བདེ་ཆེན་ཁུལ་ལ་དམིགས་འཛུགས་རོགས་སྐྱོར་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་རིམ་པ་བཞི་ཡིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་ཁྱོན་མི་ཐེངས་2098མངགས་གཏོང་བྱས་པ་དང་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་དཔོན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཆེད་དུ་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
གནད་འཕིགས་ངང་ལྟ་ཞིབ་ཚད་ལེན་བྱེད་དེ་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་བྱུང་བའི་མཐའ་ཚད་བརྟན་སྲུང་བྱེད།བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ་རྫོང་དང་ཤང་། གྲོང་ཚོ། ཚོ་ཆུང་བཅས་རིམ་པ་བཞིའི་དྲ་མིག་ལྟ་ཞིབ་ཚད་ལེན་མ་ལག་སྐྲུན་པ་དང་། གྲལ་བཤེར་དང་ལྟ་ཞིབ་ཚད་ལེན་གྱི་“མཐའ་མའི་སྤྱི་ལེ་གཅིག་”གཤོང་བ། ཞིང་དུད་ཀྱིས་ཞུ་འབུལ་དང་ལས་བྱེད་པས་འདྲི་རྩད། སྡེ་ཚན་གྱིས་སྔོན་ཚུད་ཉེན་བརྡ་བཅས་ཟུང་འབྲེལ་བྱས་པའི་བྱ་ཐབས་བརྒྱུད་ནས། “ལོ་ལྔ་ཚན་བཅུ་བཞི་པའི་”རིང་རིམ་བརྩིས་བྱས་ན་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་2488དང་མི་གྲངས་8824ངེས་གཟུང་བྱས་པ་དང་རིམ་རྩིས་བྱས་ན་ཉེན་ཁ་ཡོད་པའི་དུད་ཚང་2000དང་མི་གྲངས་7030སེལ་བ་རེད། ངལ་རྩོལ་ནུས་པ་ཡོད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁྱིམ་ཚང་ལ་ཉུང་མཐར་ཡང་གསར་སྤེལ་རྣམ་པའི་རོགས་སྐྱོར་བྱ་ཐབས་1དོན་འཁྱོལ་བྱས་ནས་སྔ་ཙམ་གསར་རྙེད་དང་། སྔ་ཙམ་ཐེ་གཏུགས། སྔ་ཙམ་རོགས་སྐྱོར་བཅས་བྱས་ཏེ་ཁུལ་ཡོངས་སུ་དབུལ་ལོག་དང་དབུལ་ཕོངས་སུ་འགྱུར་བའི་སྣང་ཚུལ་བྱུང་མེད།ཐོན་ལས་དང་ལས་ཞུགས་འཁོར་གཉིས་སྐུལ་འདེད་བཏང་ནས་དབུལ་སྒྲོལ་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་ཡར་འཕར་བྱུང་།ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་ཏེ་བདེ་ཆེན་ཁུལ་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁྱད་ལྡན་སྒོ་ཕྱུགས་དང་ཁྱིམ་བྱའི་གསོ་སྤེལ་འཕེལ་རྒྱས་གཏོང་བ་དང་། འཇོལ་རྫོང་གིས་རྒུན་འབྲུམ་འདེབས་ལས་འཕེལ་རྒྱས་གཏོང་བ། འབའ་ལུང་རྫོང་གིས་ཀྲུང་ལུགས་སྨན་རྒྱུའི་འདེབས་ལས་འཕེལ་རྒྱས་གཏོང་བ་བཅས་ཀྱི“རྫོང་གཅིག་ལ་ལས་རིགས་གཅིག”གི་རྣམ་པ་ཆགས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་ཐོན་ལས་མ་དངུལ་སྒོར་དུང་ཕྱུར་31.5གཏོང་བ་དང་། དབུལ་སྒྲོལ་མི་འབོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་2.58གཏོང་བ། “དམངས་ཕྱུག་དངུལ་བུན་”སྒོར་དུང་ཕྱུར་2.18གཏོང་བ་རེད། ཁུལ་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་སྣེ་འདྲེན་ཁེ་ལས་121དང་། མཉམ་ལས་ཁང་2270 ཁྱིམ་ཚང་ཞིང་ར་1343བཅས་ཐོན་ལས་རོགས་སྐྱོར་ནང་ཞུགས་ནས་དུད་ཚང་27131དང་མི་67827ལ་ཐོན་ལས་རོགས་སྐྱོར་གྱི“གཉིས་སྦྲེལ”ཡོངས་སུ་ཁྱབ་རྒྱུར་སྐུལ་ཁྲིད་བྱས། གྲོང་གསེབ་ཐུན་མོང་དཔལ་འབྱོར་གྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་ཚང་མ་སྒོར་ཁྲི་5ཡན་ཟིན་པ་དང་། སྲིད་འཛིན་གྲོང་ཚོ་146གི་ཡོང་འབབ་སྒོར་ཁྲི་10ཡན་ཟིན་ཡོད།ལས་ཞུགས་རོགས་སྐྱོར་དུས་མཉམ་དུ་ཤུགས་འདོན་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི་”རིང་ཁུལ་ཡོངས་སུ་རིམ་བརྩིས་བྱས་ན་གྲོང་གསེབ་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གསོ་སྐྱོང་མི་ཐེངས་ཁྲི་12.34སྤེལ་བ་དང་། ལོ་རེར་ཆ་སྙོམས་ལས་བསྡུའི་འདུ་ཚོགས་ཐེངས་500ལྷག་གཉེར་བ། སྤྱི་ཕན་རང་བཞིན་གྱི་ལས་གནས་5400གསར་སྤེལ་བྱས་པ། སྐྱེ་ཁམས་ནགས་སྲུང་བ་ཁྲི་1.65གདན་བཀོལ་བྱས་པ། གྲོང་གསེབ་ཀྱི་ལག་ཤེས་པ་187དང་ཕྱུག་འགྱུར་སྣེ་ཁྲིད་པ་2199གསོ་སྐྱོང་བྱས་ཡོད། ལོ་རེར་ཆ་སྙོམས་ཀྱི་གྲོང་གསེབ་ངལ་རྩོལ་ནུས་ཤུགས་གནས་སྒྱུར་ལས་ཞུགས་བྱེད་ཚད་མི་ཐེངས་ཁྲི་12ཡན་རྒྱུན་འཁྱོངས་བྱས་པ་དང་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་གནས་སྒྱུར་ལས་ཞུགས་བྱེད་ཚད་མི་ཐེངས་ཁྲི་3.2ཡན་རྒྱུན་འཁྱོངས་བྱས་ཡོདདབུལ་སྒྲོལ་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་ཡོད་དེ། 2025ལོར་ཁུལ་ཡོངས་ཀྱི་གྲོང་གསེབ་རྒྱུན་སྡོད་སྡོད་དམངས་ཀྱི་མི་རེའི་བཀོད་སྤྱོད་ཆོག་པའི་ཡོང་འབབ་སྒོར་15640ཟིན་པ་དང་2021ལོའི་སྒོར་11339དང་བསྡུར་ན་སྒོར་43014འཕར་བ་དང་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས། “འགན་ལེན་གསུམ་”རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས་དམངས་འཚོའི་ཐ་གྲས་ཇེ་བརྟན་དུ་སྐྱོང་བ།སློབ་གསོའི་ཐད་ལོ་15རིན་མི་དགོས་པའི་སློབ་གསོའི་སྲིད་ཇུས་དོན་འཁྱོལ་བྱས་པ་དང་།བཤོལ་འགོག་སློབ་སྐྱོང་ལ་འོས་འགན་སློབ་གསོའི་རིང་གི་སློབ་ཤོར་དང་སློབ་མཚམས་འཇོག་པའི་སློབ་མ་འགུལ་རྣམ་གཙང་སེལ་མངོན་འགྱུར་བྱུང་། སྨན་བཅོས་ཐད། རྫོང་དང་ཤང་དང་གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་ལས་ཁུངས་ཚང་མ་ཚད་ལོན་པ་དང་།དབུལ་སྒྲོལ་མི་འབོར་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་99%ཡན་བརྟན་པོ་བྱུང་བ། སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་རྩིས་ཞུ་བསྡུར་ཚད་80%ཡན་ཟིན། སྡོད་ཁང་ཐད་མང་ཚོགས་དུད་ཚང་16536ལ་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་ཞིང་ཁང་ཡོམ་འགོག་སྒྱུར་བཀོད་རྣམ་གྲངས་བརྒྱུད་ནས་“སྡོད་གནས་བདེ་བ”མངོན་འགྱུར་བྱུང་། 2026ལོར་སྒོར་ཁྲི་2760.95བཏང་ནས་གསར་དུ་སྣོན་པའི་དུད་ཚང་797ལ་གྲོང་གསེབ་གྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་ལག་བསྟར་བྱས། འཐུང་ཆུའི་ཐད་གྲོང་གསེབ་ཀྱི་རང་འབབ་ཆུ་ཁྱབ་ཚད་93.6%ཡན་ཟིན། སྤྱི་ཚོགས་རོགས་སྐྱོབ་ཐད། “ལོ་ལྔ་ཚན་བཅུ་བཞི་པའི་”རིང་ཁུལ་ཡོངས་སུ་རིམ་བརྩིས་བྱས་ན་དུད་ཚང་24976དང་མི་45827རོགས་སྐྱོབ་བྱས་པ་དང་།རིམ་བརྩིས་བྱས་ན་རོགས་སྐྱོབ་ཀྱི་མ་དངུལ་སྒོར་ཁྲི་17180.61བཏང་ནས་འགན་ལེན་བྱེད་དགོས་ཚད་འགན་ལེན་བྱེད་པར་མངོན་འགྱུར་བྱུང་།
རྨང་རྩ་གཉིས་བརྟན་བཏང་ནས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་།མིག་སྔའི་བར་དུ། ཁུལ་ཡོངས་ཀྱི་ཤང་(གྲོང་རྡལ་)29ལ་མཁྲེགས་འགྱུར་ལམ་ཤར་གཏོང་ཐུབ་ཚད་100%དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན། སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མར་མཁྲེགས་འགྱུར་ལམ་ཤར་གཏོང་ཐུབ་ཚད་100%ཟིན། མྱུར་བགྲོད་གཞུང་ལམ་དང་རིམ་པ་གཉིས་པའི་གཞུང་ལམ་མང་པོ་བསྐྲུན་ཚར་བ་དང་སྒུལ་འཁོར་ཤར་གཏོང་ཐུབ་པས། “ལྕགས་ལམ་དང་གཞུང་ལམ། གནམ་གྲུ་”བཅས་ལངས་གཟུགས་གྱི་འགྲིམ་འགྲུལ་དྲ་རྒྱ་ཆགས་བཞིན་ཡོད། གཏན་འཇགས་གྱི་དྲ་ཆེན་དང་5Gསྒུལ་བདེའི་དྲ་རྒྱ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ཡོད། སྲིད་འཛིན་གྲོང་ཚོ་183ལ་“འཆར་མང་གཅིག་སྒྲིལ་”ཉེར་སྤྱོད་རང་བཞིན་གྱི་གྲོང་ཚོའི་འཆར་འགོད་ཞིབ་མཆན་ཐོ་འགོད་སྙན་གསེང་མཛོད་ནང་འཇུག་པ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་། “ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་གཏིང་ཟབ་བྱས་ཏེ་རིམ་བརྩིས་བྱས་ན་མཛེས་སྡུག་ལྡན་པའི་གྲོང་གསེབ་33དང་། ཞིང་ཆེན་རིམ་པའི་སྔོ་ལྗང་མཛེས་སྡུག་ལྡན་པའི་གྲོང་རྡལ་15 ཞིང་ཆེན་དང་ཁུལ་གྱི་སྔོ་ལྗང་མཛེས་སྡུག་ལྡན་པའི་གྲོང་ཚོ་744བཅས་གསར་བཟོ་བྱས་ཡོད་པ་དང་། གྲོང་གསེབ་ཀྱི་གཙང་སྦྲ་ཁྱིམ་ཚང་གསང་སྤྱོད་ཁྲི་1.8སྒྱུར་བཀོད་བྱས་པ། གྲོང་ཚོའི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་བཀོད་ཁྱབ་ཚད་98.92%ཟིན། ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་རྒྱུན་མི་ཆད་པར་མགྱོགས་སུ་ཕྱིན་པ། རྒུན་འབྲུམ་གྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་1.13ཟིན་པ་དང་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་6.14ཙམ་ཟིན་པ། ཀྲུང་ལུགས་སྨན་རྒྱུའི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་13.45ཟིན་པ་དང་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་8.2ཙམ་ཟིན་པ། ཟས་སྤྱོད་ཤ་མོའི་ཐོན་ལས་ཀྱི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5.12ཙམ་ཟིན་ཡོད། ཁུལ་ཡོངས་ཀྱི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་117ཟིན་པ་དེ་2020ལོ་ལས་52མང་དུ་ཕྱིན་པ། ཞིང་ལས་ཐོན་རྫས་གྱི་ལས་སྣོན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་35.06ཟིན་པ་དེ་2020ལོ་ལས་64.14%འཕར་ཡོད།
རྒྱུན་རྣམ་རོགས་སྐྱོར་གྱི་རྣམ་པ་གསར་པ་གཏོད་དེ་མུ་མཐུད་འབད་འཐབ་ཀྱི་ལེའུ་གསར་པ་རྩོམ།2026ལོར། བདེ་ཆེན་ཁུལ་གྱིས་རྒྱུན་མཐུད་ངང་“རིམ་པ་ལྔའི་ཧྲུའུ་ཅི་”ཏན་ཏིག་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲི་དམ་འཛིན་བྱས། རིགས་སོ་སོའི་ཞིབ་འཇུག་དང་བཀོད་སྒྲིག་ཚོགས་འདུ་ཐེངས་23འཚོགས་པ་དང་། ལྟ་སྐུལ་ཞིབ་བཤེར་དང་ཞབས་ཞུའི་མཛུབ་ཁྲིད་ཐེངས་4སྤེལ་བ། དྲན་སྐུལ་ཐེངས་3དང་། གནད་དོན་བརྡ་ཁྱབ་ཐེངས་2 བསྐོང་འདྲི་ཐེངས་2བཅས་སྤེལ་བ། ཀྲུང་དབྱང་གི་ཁེ་ལས་2དང་ཞིང་ཆེན་རིམ་པའི་ལས་ཁུངས་18 ཞིང་ཆེན་ཁོངས་གཏོགས་ཁེ་ལས་8 ཁུལ་རིམ་པའི་ལས་ཁུངས་119བཅས་ཀྱིས་རྒྱུན་མཐུད་ངང་བདེ་ཆེན་ཁུལ་ལ་སྦྲེལ་མཐུད་རོགས་སྐྱོར་བྱས་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་478བདམས་མངགས་བྱས་ནས་ཤང་གྲོང་དུ་རུ་དཔོན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་། ལོ་ཧྲིལ་པོར་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་172དང་མ་དངུལ་སྒོར་དུང་ཕྱུར་6.06ཇུས་འགོད་བྱས་ཤིང་། ཀྲུང་དབྱང་གི་མ་དངུལ་ཐོན་ལས་ཀྱིས་བཟུང་བའི་བསྡུར་ཚད་66.62%ཟིན་པ། འཛད་སྤྱོད་རོགས་སྐྱོར་སྒོར་ཁྲི་9574.81ལེགས་འགྱུར་བྱུང་བ་དང་། རོགས་སྐྱོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་སྒོར་ཁྲི་3798.23གསར་དུ་གཏོང་སྟེ་གཉེར་སྐྱོང་བྱེད་པོ734དང་འབྲེལ་བ། ཁུལ་ཡོངས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་317ཐོན་ལས་རོགས་སྐྱོར་ནང་ཞུགས་པ་དང་། མགོ་སྦྲེལ་ཞིང་དུད་ལ་རིམ་བརྩིས་བྱས་ན་ཡོང་འབབ་སྒོར་ཁྲི་3118.47ཐོབ་པ། རིམ་བརྩིས་བྱས་ན་གྲོང་གསེབ་ཕྱུག་འགྱུར་སྣེ་ཁྲིད་པ་2465གསོ་སྐྱོང་དང་ངེས་གཟུང་བྱས་པ་རེད།
འགྲོ་ལམ་ལ་ཕྱིར་མིག་བལྟས་ན། བདེ་ཆེན་ཁུལ་གྱིས་ཏང་གི་འགོ་ཁྲིད་ཀྱི་རྩ་བའི་འགན་ལེན་མཐའ་འཁྱོངས་དང་། ཞིང་པའི་ཡོང་འབབ་རྒྱུན་མཐུད་འཕར་བར་སྐུལ་འདེད་གཏོང་རྒྱུ་དེ་ཕྱོགས་སྟོན་མངོན་གསལ་དོད་པོ་ཞིག་ཏུ་བརྩི་བ། ཐོན་ཁུངས་སྡེབ་སྒྲིལ་བྱས་ནས་སྡོམ་ཤུགས་ཆགས་པ་མཐའ་འཁྱོངས་བྱེད་པ། མང་ཚོགས་གཙོ་གཟུགས་ཡིན་པའི་རྒྱལ་ཁ་ལེན་པའི་ཐབས་མཆོག་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ལན་ཡག་པོ་ཞིག་འདེབས་ཡོད། མདུན་ལམ་ལ་རྒྱང་ལྟ་བྱེད་ན། བདེ་ཆེན་ཁུལ་གྱིས་རྒྱུན་རྣམ་ཅན་དུ་གནད་སྨིན་རོགས་སྐྱོར་བྱེད་པ་དང་། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་དམ་འཛིན་ཏན་ཏིག་བྱེད་པ། གྲོང་གསེབ་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ། བློ་སྐྱོར་དང་རིག་སྐྱོར་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་བ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་ཐོན་ཁུངས་བསྡུ་སྒྲིལ་ལ་ཤུགས་སྣོན་རྒྱག་པ། གྲུབ་འབྲས་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱ་རྒྱུར་འགོ་ཡག་པོ་ཚུགས་པ་དང་གོམ་པ་ཡག་པོ་སྤོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གངས་ལྗོངས་མཐོ་སྒང་གི་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་པ་སྔར་བས་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
འགན་འཁུར་རྩོམ་སྒྲིག་པ།:七林卓玛