中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བསྐྱོད་ནས་གཙོ་གནད་ཁེ་ལས་ལ་འཚམས་འདྲི་དང་བརྟག་ཞིབ་གནང་བ།

རྩོམ་པ་པོ་:杨涛 格茸农布 ཁྱབ་བསྒྲགས་དུས་ཚོད་:2026-10-13 14:41:14 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片

ལི་ཡན་ལན་དང་བཅས་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡུན་གཏེར་གླང་དམར་གཏེར་ལས་ཚད་ཡོད་ཀུང་སིར་བརྟག་ཞིབ་གནང་།

ཟླ་10ཚེས་12ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བསྐྱོད་དེ། ཁོངས་གཏོགས་ཁུལ་གྱི་གཙོ་གནད་བཟོ་གཏེར་དང་ཨར་ལས་རྒྱུ་ཆའི་ཁེ་ལས་ལ་འཚམས་འདྲི་གནང་བ་རེད། མོས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་བ་དང་ཐོན་ལས་རྨང་གཞི་སྲ་བརྟན་དུ་བཏང་ནས། ཁུལ་ཡོངས་ཀྱི་བཟོ་ལས་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།

ལི་ཡན་ལན་དང་བཅས་པ་ཡུན་ནན་བདེ་ཆེན་མདོག་ལྡན་ལྕགས་རིགས་ཚད་ཡོད་འགན་འཁྲི་ཀུང་སིར་བརྟག་ཞིབ་ གནང་།

བརྟག་ཞིབ་བྱེད་རིང་། ལི་ཡན་ལན་དང་བཅས་པ་སྔ་རྗེས་སུ་ཡུན་ནན་བདེ་ཆེན་མདོག་ལྡན་ལྕགས་རིགས་ཚད་ཡོད་འགན་འཁྲི་ཀུང་སི་དང་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་ཡུན་གཏེར་གླང་དམར་གཏེར་ལས་ཚད་ཡོད་ཀུང་སི། སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་ཧུང་ཤིན་གཏེར་ལས་ཚད་ཡོད་འགན་འཁྲི་ཀུང་སི། སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་ཧྲེན་ཁྲོན་གཏེར་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི། བདེ་ཆེན་སེམས་ཀྱི་ཉི་ཟླའི་ཁུན་ཀང་ཧུང་ཏ་ཨར་འདམ་ཚད་ཡོད་ཀུང་སི་བཅས་སུ་བསྐྱོད་དེ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག གཏེར་རི་སྒྱུར་བཀོད་རིམ་སྤོར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱེད་པ་རེད། ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་དང་རེ་འདུན་ལ་རྒྱུས་ལོན་ནན་ཏན་བྱེད་ནས། ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་གནད་དོན་གསེད་བཀྲོལ་ཞིབ་ཕྲ་བྱས་ནས། ཁེ་ལས་ཀྱི་འཕེལ་རྒྱས་ཞན་ཆ་ཁ་གསབ་དང་འགག་སྒྲོལ་བྱེད་ཐབས་ཞིབ་ཕྲ་བཟོ་བར་མཛུབ་ཁྲིད་གནང་།

ལི་ཡན་ལན་དང་བཅས་པ་བདེ་ཆེན་སེམས་ཀྱི་ཉི་ཟླ་ཁུན་ཀང་ཧུང་ཏ་ཨར་འདམ་ཚད་ཡོད་ཀུང་སིར་བརྟག་ཞིབ་གནང་ །

ལི་ཡན་ལན་གྱིས་ཁེ་ལས་ཁག་བདེ་ཆེན་དུ་དུས་ཡུན་རིང་པོ་རྩ་བ་ཚུགས་པ་དང་ལས་རིགས་གཙོ་བོར་བཟུང་ནས། ས་གནས་ཀྱི་དཔལ་འབྱོར་ཡར་འཕར་དང་ལས་ཞུགས་འགན་ལེན། ཐོན་ལས་རིམ་སྤོར་བཅས་ལ་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད། མོས་ད་ལྟ་ལོ་ཧྲིལ་པོའི་ལས་དོན་མཇུག་འགྲིལ་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། ཁེ་ལས་ཀྱིས་ཞིང་ཆེན་སྲིད་གཞུང་གི“ཉིན་བརྒྱའི་འགག་སྒྲོལ་”བྱ་སྤྱོད་འབོད་སྐུལ་དང་ལེན་མཐའ་གཅིག་ཏུ་བྱེད་ནས།ད་ཡོད་ཐོན་ལས་ཁག་ལ་གཞི་ཚུགས་ཏེ་རྨོ་འདེབས་ཞིབ་འདེབས་གཏིང་ཟབ་ཏུ་གཏོང་བ། སྔོན་གྱི་དུས་ཚིགས་གསུམ་གྱི་ཐོན་སྐྱེད་རྣམ་པ་བཟང་པོ་རྒྱུན་མཐུད་ངང་བརྟན་པོ་ཡོང་བ་དང་ངར་ཤུགས་ཆེན་པོས་དུས་ཚིགས་བཞི་པར་གདོང་མཆོང་བྱེད་དེ། ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གཞི་རྩའི་གནས་ཚུལ་སྲ་བརྟན་གཏོང་དགོས། ཁེ་ལས་ཀྱིས་རང་ངོས་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས། འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་རང་འགུལ་ངང་འཚམ་པར་བྱེད་དེ། སྲོལ་རྒྱུན་ཐོན་ལས་ལྗང་མདོག་ཅན་དང་རིག་ནུས་ཅན་གྱི་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།དུས་མཚུངས་སུ་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཐོན་སྐྱེད་སྲ་བརྟན་གཏོང་བ།ཁྲོམ་ར་རྒྱ་སྐྱེད་གཏོང་བ། ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་ནས། ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་མཐུད་ངང་ཇེ་མཐོར་གཏོང་དགོས། མཐའ་འཁོར་ས་ཁུལ་གྱི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་ཐོན་སྐྱེད་བྱེད་སྟངས་ལེགས་སུ་གཏོང་བ། ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། སྣོད་བཅུད་ཕན་འབྲས་དང་བདེ་འཇགས་ཐོན་སྐྱེད། དཔལ་འབྱོར་ཕན་འབྲས་བཅས་གཉིས་ཁེ་མཉམ་ཕན་ཡོང་བར་བྱེད་དགོས་ཞེས་གསུང་།

ལི་ཡན་ལན་གྱིས་ཁེ་ལས་ཀྱིས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྒྱུད་དེ་དམ་པོར་བཟུང་སྟེ། ཁྱོན་ཡོངས་ལ་ཁྱབ་པ་དང་ཁུག་ཀྱོག་མེད་པ། ལོང་ཁུལ་མེད་པ་བཅས་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ། གནད་དོན་སྣ་ཚོགས་བཅོས་སྒྲིག་ལས་འགན་འཁྲུལ་མེད་དོན་འཁྱོལ་བྱེད་པ། རྒྱུན་རྣམ་ཅན་གྱི་བདེ་འཇགས་དོ་དམ་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་བཏང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་དགོས། དུས་མཚུངས་སུ། བདེ་འཇགས་ཚད་གཞི་དང་བཅའ་ཁྲིམས་ཁྲིམས་སྲོལ་ནན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་ཡུན་དུས་ཚིགས་ཕྱིར་ལྡོག་དང་ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་གཉེར་སྐྱོང་དམ་འཛིན་བྱེད་དེ། ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་ཁག་ལ་ནུས་ཤུགས་ཡོད་རྒུས་གདོང་མཆོང་ཐུབ་པ་བྱེད་དགོས། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགུལ་ངང་མདུན་དུ་བསྐྱོད་པ་དང་གནད་ལ་འཁེལ་བའི་ཞབས་ཞུ་སྒྲུབ་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ།ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དགོས་མཁོ་རང་འགུལ་ངང་སྦྲེལ་མཐུད་བྱེད་དགོས། སྲིད་གཞུང་དང་ཁེ་ལས་མཉམ་འགུལ་མུ་མཐུད་ནས་ཤུགས་སྣོན་བརྒྱབ་སྟེ། ཁེ་ལས་ལ་ཕན་པའི་སྲིད་ཇུས་གནད་སྨིན་དོན་འཁྱོལ་བྱས་ནས། ཁེ་ལས་ཀྱི་དཀའ་ངལ་སེལ་རྒྱུར་ཕྱོགས་ཡོངས་ནས་རོགས་རམ་བྱས་ཏེ། བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་དེ་བས་ཆེ་བར་འབུལ་དགོས་ཞེས་གསུང་།

ཀྲོང་ཞའོ་ཕིང་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་བརྟག་ཞིབ་ནང་ཞུགས་པ་རེད།

འགན་འཁུར་རྩོམ་སྒྲིག་པ།:扎史次里

  • བདེ་ཆེན་གསར་འགྱུར།

ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བསྐྱོད་ནས་གཙོ་གནད་ཁེ་ལས་ལ་འཚམས་འདྲི་དང་བརྟག་ཞིབ་གནང་བ།

ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་རྣམ་གྲངས་བརྟག་ཞིབ་མཛུབ་ཁྲིད་ཀྱི་ཡུལ་དངོས་འཚོགས་འདུ་འཚོགས།

ཞིང་ཨུས་སྐབས་བརྗེ་རྗེས་ཁུལ་(གྲོང་ཁྱེར)གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ནས་གནོད་མེད་འཕེལ་རྒྱས་གྲུབ་འབྲས་མངོན་གསལ་ཐོབ།

 བདེ་ཆེན་ཐ་ལ་འབར་རླངས་ཚད་ཡོད་ཀུང་སིས་རྒྱལ་སྟོན་གུང་གསེང་རིང་འབར་རླངས་བེད་སྤྱོད་བདེ་འཇགས་འགན་ལེན་བྱས།

བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གིས་གསར་བརྗེའི་རྒྱུད་གཞི་རྒྱུན་འཛིན་བྱས།

ལུའོ་ཁྲའོ་ཧྥེང་འཇོལ་རྫོང་རུང་ཧྲེང་རྒུན་ཆང་བཟོ་གྲྭར་ཕེབས་ནས་ས་མཐོའི་རྒུན་ཆང་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ། 

སྟོན་ཁར་ཆམ་པ་ཕོག་སླ་བའི་མིས་རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com