中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

རྒྱང་སྐྱོད་གྲུ་ཁ་ནས་“ལྕགས་ལམ་དང་གཞུང་ལམ། གནམ་གྲུ་བཅས་”ཀྱི་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་སྟེ་——བདེ་ཆེན་མཐོ་སྒང་ཐོག་བདེ་སྐྱིད་ཀྱི་ལམ་བུ་བཏིང་།

རྩོམ་པ་པོ་:何帝龙 ཁྱབ་བསྒྲགས་དུས་ཚོད་:2026-10-13 16:22:57 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


 
 

1936ལོའི་ཟླ་བ་4པར། ཧོ་ལུང་དང་རེན་པི་ཧྲི། ཞའོ་ཁེ་བཅས་ཀྱིས་དམར་དམར་དཔུང་ཚོགས་གཉིས་པ་དང་དྲུག་པའི་དམག་མི་ཁྲི་1.8ལྷག་ཙམ་སྣེ་ཁྲིད་དེ་ཡུན་ནན་ས་དམ་གྱི་ཧྲི་ཀུའུ་ནས་ཅུས་ཏན་བར་གྱི་སྤྱི་ལེ་75ཙམ་ཡོད་པའི་འབྲི་ཆུའི་དུམ་བུ་ནས་ཤིང་གྲུ་7དང་གྲུ་པ་28། གནས་སྐབས་ཤིང་གྲུ་བཅས་ཁོ་ནར་བརྟེན་ནས་ཉིན་བཞི་མཚན་གསུམ་བརྒལ་ཏེ་རྗེས་འདེད་པའི་དགྲ་བོ་འབྲི་ཆུ་ལྷོ་ངོགས་སུ་གཡུགས་ཏེ་རྒྱལ་ཐང་(ད་ལྟའི་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར)གི་མངའ་ཁོངས་སུ་སླེབས། དེ་རྗེས་དམར་དམག་གིས་གངས་རི་དང་གྲོག་རོང་བརྒལ་ནས་བདེ་ཆེན་དུ་ཉིན་19རིང་རྐང་པ་གཉིས་ཀྱིས་ཚད་འཇལ་ཞིང་ཤ་ཁྲག་གིས་བསྐྱོད་པའི་དམག་སྐྱོད་ཀྱི་ལམ་བུ་ཞིག་བཞག་ཡོད།

དེང་སང་། དམར་དམག་གི་སྐབས་དེ་དུས་ཀྱི་དམག་སྐྱོད་ལམ་ཐིག་བརྒྱུད་མྱུར་བགྲོད་གཞུང་ལམ་རི་བོ་བརྒལ་བ་དང་། བསྐྱར་དར་རྟགས་ཅན་གྱི་སྒུལ་འཁོར་གངས་ལྗོངས་སུ་བྱ་འཕུར་བ་ལྟར་བསྐྱོད་པ། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུ་འཕུར་བ། “ལྕགས་ལམ་དང་གཞུང་ལམ། གནམ་གྲུ་བཅས་”ཀྱི་ལངས་གཟུགས་འགྲིམ་འགྲུལ་དྲ་བ་འཕྲེད་བཅད་རི་རྒྱུད་ཀྱི་གཏིང་དུ་མགྱོགས་མྱུར་ངང་དྲ་བ་ལྟ་བུར་འགྱུར།  “མི་དང་རྟ་ཡིས་རྒྱབ་འཁུར་བ་”ནས་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་སྒུལ་འཁོར་གྲོང་ཁྱེར་དུ་བསྐྱོད་པའི་བར་བདེ་ཆེན་གྱི་འགྲིམ་འགྲུལ་ལ་“ལོ་ངོ་སྟོང་གི་མཆོང་སྐྱོད་”ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།

 

微信图片_20260828112809_238_18.jpg

ཟམ་ཆེན་མྱུར་དུ་སྐྲུན་པ། འབྲི་ཆུའི་ཐོག་སྔོན་གྱི་རང་བྱུང་སྲུང་ཡོལ་དེ་བགྲོད་ལམ་དུ་གྱུར་ཡོད།

འབྲི་ཆུ་ནི་དམར་དམག་བདེ་ཆེན་དུ་བསྐྱོད་སྐབས་ངེས་པར་དུ་བརྒལ་དགོས་པའི་རང་བྱུང་གི་འགག་སྒོ་དང་པོ་དེ་ཡིན། 1936ལོའི་ཟླ་4པའི་ཚེས་25ཉིན་ནས་ཚེས་29ཉིན་བར། དམར་དམག་གིས་ས་སུའུ་པི་ནས་ཧྲི་ཝང་བར་གྱི་གྲུ་ཁ་བདུན་དུ་གྲུ་པ་28ཀྱི་རོགས་རམ་འོག་ཤིང་གྲུ་7དང་གྲུ་གཟིངས་བཅུ་ལྷག་སྤྱད་དེ་ཉིན་བཞི་མཚན་གསུམ་བརྒྱུད་མི་རྟ་ཁྲི་1.8ལྷག་ཙམ་ཆུ་བོ་བརྒལ་དུ་བཅུག

སྔོན་ཆད་ཤིང་གྲུ་ཡིས་བརྒལ་བཞིན་པའི་ཉེན་ཁ་ཆེ་བའི་ཆུ་བོ་ཐོག་དེང་སང་ཟམ་ཆེན་སྐྲུན་ཡོད་པ་དང་བགྲོད་ལམ་འཕྲེད་གཞུང་ལྟར་ཡོད།

སྟག་མཆོང་གྲོག་རོང་དུ། སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྟག་མཆོང་གྲོག་རོང་འབྲི་ཆུ་ཟམ་ཆེན་གྲོག་རོང་འཕྲེད་བརྒལ་བྱེད། ཟམ་ཆེན་དེར་གསར་གཏོད་རང་བཞིན་གྱི་སྒོ་ནས་མཆོད་རྟེན་རྐྱང་པའི་གཏིང་རྡོ་རྣམ་པའི་ལྕགས་ཚིགས་གདུང་མའི་དཔྱང་ཟམ་གྱི་གྲུབ་ཆ་སྤྱད་ཡོད་པ་དང་བརྒལ་ཚད་གཙོ་བོ་སྨི་766ཟིན་པ་དང་ངར་ལྕགས་སྤྱོད་ཚད་ཏུན་8000ལྷག་ཙམ་ཟིན་ནས་འཛམ་གླིང་གི་རིགས་མཐུན་ཟམ་པའི་ཁྲོད་བརྒལ་ཚད་ཨང་དང་པོར་སླེབས། ས་གཤིས་མི་ལེགས་པའི་ཁུལ་ལ་གཡོལ་ཆེད། འཛུགས་སྐྲུན་པས་ད་དུང་སྣོལ་མ་ས་སྟེང་ནས་ས་འོག་ཏུ་སྤོས་ཏེ། རང་རྒྱལ་གྱི་མྱུར་བགྲོད་གཞུང་ལམ་དེ་ས་འོག་ཕན་ཚུན་སྤེལ་རེས་བྱེད་པའི་སྣོལ་མ་ཐོག་མར་སྐྲུན་སྟེ་——སྟག་མཆོང་གྲོག་རོང་ས་འོག་ཕན་ཚུན་སྤེལ་རེས་བྱེད་པ་བསྐྲུན་ཡོད།

2021ལོའི་ཟླ་བ་9པའི་ཚེས་29ཉིན། སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ལམ་ཐིག་ཧྲིལ་པོར་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་བདེ་ཆེན་ཁུལ་དེ་“མྱུར་བགྲོད་དུས་རབས་”སུ་སླེབས་ཡོད། སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བའི་G0613ཟི་ལིང་ནས་ས་དམ་བར་གྱི་འབྲེལ་གཏུག་ལམ་ཐིག་གི་གྲུབ་ཆའི་ལམ་དུམ་ཞིག་ཡིན་ཞིང་། སྤྱིའི་རིང་ཚད་སྤྱི་ལེ་140.305ཡོད་པ་དང་། ལམ་ཐིག་ཧྲིལ་པོར་ཟམ་པ་120དང་ཕུག་ལམ་26བཙུགས་ཡོད། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་55%ཟིན། དེ་ནི་མིག་སྔར་ཡུན་ནན་གྱི་ས་བབ་མཐོ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་ཞིག་ཡིན་ལ་བདེ་ཆེན་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་པོའང་ཡིན། རླངས་འཁོར་ཤར་གཏོང་ཐུབ་རྗེས། ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་རླངས་འཁོར་གྱི་ལམ་ཐག་ཆུ་ཚོད་1དང་སྐར་མ་40ཙམ་བར་ཐུང་དུ་ཕྱིན་ནས་བདེ་ཆེན་ཁུལ་དུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་འགྲིལ།

微信图片_20260828101543_257_179.jpg

ཤར་གཏོང་མགྱོགས་པ། སྒུལ་འཁོར་གྲོང་ཁྱེར་དུ་བསྐྱོད་ནས་སེམས་ཀྱི་ཉི་ཟླ་དེ་རྒྱང་ཐག་མི་རིང་།

དམར་དམག་ཡ་ཧ་གངས་རི་བརྒལ་རྗེས་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོའི་ཞི་འབས་གྲོང་གྲོང་མི་ཚོ་ཆུང་གི་པད་མ་ལྷ་མཚོ་བརྒྱུད་དེ་དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པའི་རྒྱང་སྐྱོད་བོད་དུ་སྐྱོད་པའི་ས་ཚིགས་དང་པོ་ཡིན། སྔོན་ཆད་དམར་དམག་སྡོད་སའི་རྩྭ་ཐང་དུ་ད་ལྟ་རླངས་འཁོར་གྱི་སྒྲ་གྲགས་པ། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ཡང་ཐང་བབས་ཚུགས་ཡང་ཐང་གྲོང་རྡལ་དུ་བཙུགས་ནས་འགྲུལ་སྐྱེལ་དང་ཟོག་འདྲེན་གྱི་ལས་སྒོ་གཉེར་ཡོད།

“སྔོན་ཆད་ཁུན་མིང་དུ་གཉེན་ཉེ་ཐུག་འཕྲད་བྱེད་པར་སྤྱི་ལེ་600ལྷག་ཙམ་དང་ཆུ་ཚོད་10ལྷག་ཙམ་འགྲོ་དགོས། དེང་སང་སྒུལ་འཁོར་ལ་བསྡད་ན་ཆུ་ཚོད་5ཙམ་ནང་ཁུན་མིང་དུ་སླེབས་ཐུབ།”ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོའི་གྲོང་མི་ཚེ་རིང་གིས་“སྒུལ་འཁོར་ནང་བསྡད་པ་ནི་ལོངས་སྤྱོད་ཅིག་རེད་ཐེངས་དང་པོར་བསམ་འདུག་”ཅེས་བཤད།

ཡང་ཐང་གྲོང་རྡལ་ནས་བྱང་ཕྱོགས་སུ་བསྐྱོད་ན་རྡོ་མཁར་གནའ་གྲོང་དུ་སླེབས། ལོ་ངོ་90ཡི་གོང་། དམར་དམག་གིས་དེ་གར་ངལ་གསོ་བྱས་པ་དང་འབྲུ་རིགས་གྲབས་གསོག་བྱས་ནས་“རྒྱལ་ཐང་ཚོགས་འདུ་”འཚོགས་ཤིང་། ཧོ་ལུང་གིས་“བོད་རིགས་དར་རྒྱས་”ཀྱི་གསེར་ཁྲ་ཕུལ་ཡོད། དེང་སང་། ཤྭ་ཁ་གངས་རིའི་འོག་ཏུ་སེམས་ཀྱི་ཉི་ཟླའི་བབས་ཚུགས་བཟོས་ནས་བདེ་ཆེན་གྱིས་ཕྱི་ཕྱོགས་དང་འབྲེལ་མཐུད་བྱེད་པའི་སྒོ་མོ་ཞིག་ཏུ་གྱུར་ཡོད།

2023ལོའི་ཟླ་11པའི་ཚེས་26ཉིན། ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་བསྐྲུན་ནས་སྒུལ་འཁོར་ཤར་གཏོང་ཐུབ་པ་དང་བསྐྱར་དར་རྟགས་ཅན་གྱི་སྒུལ་འཁོར་སེམས་ཀྱི་ཉི་ཟླའི་བབས་ཚུགས་ནས་གཏོང་སྟེ་བདེ་ཆེན་དུ་ལྕགས་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་“སྒུལ་འཁོར་གྱི་དུས་རབས་”སུ་དངོས་སུ་སླེབས་ནས་རྒྱལ་ཡོངས་ཀྱི་ལྕགས་ལམ་དྲ་བའི་ནང་འདྲེས། ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་139.7ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་ལ་སྤྱི་ལེ་140ཇུས་འགོད་བྱས་ཡོད། སྒུལ་འཁོར་ཤར་གཏོང་ཐུབ་རྗེས། ཁུན་མིང་ནས་ས་དམ། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་མགྱོགས་ཤོས་ཆུ་ཚོད་4དང་ཕྱེད་ཀ་དང་ཆུ་ཚོད་1དང་སྐར་མ་18སོ་སོར་སླེབས་ཀྱི་ཡོད།

“མཛེས་སྡུག་ལྡན་པའི་ཡུན་ལིང་གི་གནམ་ལམ་”དེ་བསྐྲུན་པར་ལོ་9འགོར་བས་འཛུགས་སྐྲུན་གྱི་དཀའ་ངལ་ནི་འཛམ་གླིང་ཐོག་མཐོང་དཀོན་པ་ཞིག་རེད། སྤྱིའི་རིང་ཚད་སྨི་9523ཡོད་པའི་ཧ་པ་གངས་རིའི་ཕུག་ལམ་གྱི་གཏིང་ཚད་ཆེ་ཤོས་ལ་སྨི་1155ཡོད་པ། དེ་ནི་རིམ་པ་དང་པོའི་ཉེན་ཁ་ཆེ་བའི་ཕུག་ལམ་ཞིག་ཡིན་པ་དང་། གཏིང་ཚད་ཧ་ཅང་ཆེ་བ་དང་ས་མཐོའི་ཐེག་ཤུགས། མཉེན་བྲག་བཅས་གཞི་གཅིག་ཏུ་འདུས་པས་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་གྱིས་“རྒྱལ་ནང་དུ་དཀའ་ཤོས་དང་འཛམ་གླིང་ཐོག་མཐོང་དཀོན་པ་”ཞེས་བརྗོད་ཡོད། ཨར་ལས་བྱེད་རིང་། དངོས་སུ་ཚད་ལེན་བྱས་པའི་འབྲེལ་གཏུག་ཐེག་ཤུགས་ཀྲའོ་ཕ་2.37ཟིན་པ་དེ་ཇུས་འགོད་ཀྱི་ཆོག་འཐུས་གྲངས་ཐང་གི་ལྡབ་5དང་ཉེ་བ། འཛུགས་སྐྲུན་པས་ལོ་9རིང་འགག་སྒྲོལ་བྱས་རྗེས་“འགག་པའི་”ལས་གྲྭ་དེ་མཐར་ཁྱད་བསད་བྱས།

ལྕགས་ལམ་ལས་བྱུང་བའི་འགྲུལ་རྒྱུན་མུ་མཐུད་དུ་འཕར་བཞིན་ཡོད། ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པའི་གྲངས་གཞིར་གཞིགས་ན། ལྕགས་ལམ་ཤར་གཏོང་ཐུབ་པ་ནས་2026ལོའི་ཟླ་8པའི་ཚེས་15ཉིན་བར། ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་དུ་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་1000ལས་བརྒལ་བ་དང་སེམས་ཀྱི་ཉི་ཟླའི་བབས་ཚུགས་ནས་ཉིན་གཅིག་ནང་འགྲུལ་པ་མང་ཤོས་མི་ཐེངས་ཁྲི་1.6སྐྱེལ་ཐུབ་པ། 2025ལོར། ཁུལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་སྐྱེལ་བྱེད་ཚད་མི་ཁྲི་413.66ཟིན་པ་དང་ཟོག་འདྲེན་བྱེད་ཚད་ཏུན་ཁྲི་148.22ཟིན་ཡོད།

微信图片_20261011152200_275_187.jpg

ཟབ་ཅིང་རྒྱ་ཆེ་བ། ཟམ་པའི་ལོ་འཁོར་དང་གྲོང་གསེབ་ཀྱི་གཞུང་ལམ་ཚགས་དམ་པའི་དྲ་བ་ཆགས་པ།

དམར་དམག་གི་དམག་སྐྱོད་ལམ་ཐིག་བརྒྱུད་དེ་མུ་མཐུད་བྱང་ཕྱོགས་སུ་བསྐྱོད་རྗེས་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་དུ་སླེབས། 1936ལོར། དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པ་དེ་ནས་ཡུན་ནན་དང་ཞལ་གྱེས་ཏེ་ཞི་ཁང་(དེང་གི་སི་ཁྲོན་སྡེ་རོང་)ཕྱོགས་སུ་མདུན་སྐྱོད་བྱས། དམག་སྤྱི་ཧོ་ལུང་ལ་དྲན་གསོ་ཞུ་ཆེད། 1959ལོར་བདེ་ཆེན་དུ་འབྲི་ཆུ་འཕྲེད་དུ་བརྒལ་བ་དང་ཡུན་ནན་དང་སི་ཁྲོན་ཞིང་ཆེན་གཉིས་སྦྲེལ་བའི་ཧོ་ལུང་ཟམ་པ་བསྐྲུན་པས་དེ་ནི་སྐབས་དེ་དུས་བདེ་ཆེན་ས་ཁོངས་ཀྱི་འབྲི་ཆུ་འཕྲེད་དུ་བརྒལ་བའི་ཟམ་ཆེན་དང་པོ་ཡིན།

དེང་སང་། ཀོང་རྩེད་ར་གྲོང་རྡལ་དང་རོང་པ་ཤང་བར་གྱི་འབྲི་ཆུའི་ཐོག ཟམ་ཆེན་གསུམ་མཉམ་དུ་འགྱིང་ངེར་གནས་པས་“ལོ་འཁོར་”ལྟར་འགྲིམ་འགྲུལ་གྱི་འཕོ་འགྱུར་ཟིན་ཐོར་བཀོད་ཡོད་པ་སྟེ། 1959ལོར་བསྐྲུན་པའི་ཧོ་ལུང་ཟམ་པ་ནི་ལྕགས་ཐག་དང་ཤིང་ལེབ་ཀྱི་དཔྱང་ཟམ་ཞིག་ཡིན་པ་དང་སྤྱིའི་རིང་ཚད་སྨི་108ཡོད་པ་དང་། 1991ལོར་འགྲམ་དུ་སྤྱིའི་རིང་ཚད་སྨི་125ཡོད་པའི་ཡུན་རིང་རང་བཞིན་གྱི་ཨར་འདམ་ཟམ་པ་བཙུགས། 2012ལོར་རྒྱལ་ལམ་214ཡི་སེམས་ཀྱི་ཉི་ཟླ་ནས་འཇོལ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་འབྲི་ཆུ་ཟམ་ཆེན་བསྐྲུན་ཟིན། སྒྱུར་བཅོས་སྒོ་དབྱེའི་ཐོག་མའི་དུས་སུ་འཇོལ་རྫོང་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་བར་ཉུང་མཐར་ཡང་ཉིན་གཅིག་དགོས་པ་དང་ད་ལྟ་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་བར་ཐུང་དུ་ཕྱིན།

རྒྱལ་ལམ་214ལམ་ཐིག་གི་ཡུན་ནན་དང་བོད་ལྗོངས་གཞུང་ལམ་ནི་ལྷོ་ཕྱོགས་སུ་ཡུན་ནན་ཏ་ལིའི་ཞ་ཀོན་ནས་བྱང་ཕྱོགས་སུ་བོད་ལྗོངས་སྨར་ཁམས་བར་ཡིན་ཞིང་། ཡུན་ནན་དང་བོད་ལྗོངས་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་འཕར་རྩ་ཆེན་པོ་ཞིག་ཡིན། 1960ལོར་ཡུན་ནན་ནས་བོད་ལྗོངས་བར་གྱི་གཞུང་ལམ་གྱི་བདེ་ཆེན་དུམ་བུ་ཤར་གཏོང་ཐུབ་པ། 1976ལོའི་ཟླ་7པའི་ཚེས་6ཉིན་ཡུན་ནན་ནས་བོད་ལྗོངས་བར་གྱི་གཞུང་ལམ་ལམ་ཐིག་ཡོངས་སུ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ། དེང་སང་པད་མ་གངས་རིའི་ཕུག་ལམ་ཤར་གཏོང་ཐུབ་པ་དང་བསྟུན་ནས་རླངས་འཁོར་པད་མ་གངས་རིའི་མདུ་ཁ་བརྒལ་མི་དགོས་པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འཇོལ་རྫོང་བར་ཤར་གཏོང་བྱེད་པའི་དུས་ཚོད་ཆེས་ཆེར་ཐུང་དུ་ཕྱིན། 2019ལོར། པི་ལོ་གངས་རི་བརྒལ་ནས་སྤྱིའི་རིང་ཚད་སྤྱི་ལེ་98ཙམ་ཡོད་པའི་འཇོལ་ནས་འཇའ་ཡུལ་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པས་འཇོལ་ནས་ནུའུ་ཅང་གི་འཇའ་ཡུལ་བར་གྱི་དེ་སྔ་སྤྱི་ལེ་1000ཙམ་ཡོད་པའི་སྐོར་ལམ་སྤྱི་ལེ་98ཙམ་བར་ཐུང་དུ་ཕྱིན་ནས་ཡུན་ནན་ནུབ་བྱང་སྐོར་ལམ་གཞི་གཅིག་ཏུ་སྦྲེལ་ཡོད།

མ་ལམ་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་བདེ་མོ་ཡིན་པ་དང་། “ཁྲག་རྩ་ཕྲ་མོ་”ཡང་དེ་ཙམ་གྱིས་ཚགས་དམ་དུ་འགྲོ་བཞིན་ཡོད། བདེ་ཆེན་གཞུང་ལམ་གི་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་དེ་1954ལོའི་སྤྱི་ལེ་21ནས་2025ལོའི་ལོ་མཇུག་ཏུ་སྤྱི་ལེ་9761.821བར་འཕར་ཡོད། མིག་སྔའི་བར། ཁུལ་ཡོངས་ཀྱི་སྒྲིག་གཞི་ཚང་བའི་གྲོང་ཚོ་197ལ་སྲ་འགྱུར་ལམ་ཤར་གཏོང་ཐུབ་པ་དང་། འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ། སྦྲག་སྲིད་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། དུད་ཚང་30ཡན་གྱི་རང་བྱུང་གྲོང་ཚོ་ཚང་མར་སྲ་འགྱུར་ལམ་ཤར་གཏོང་ཐུབ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་2019ལོར་རྒྱལ་ཡོངས་ཀྱི་“གྲོང་གསེབ་ཀྱི་ལམ་བཟང་པོ་བཞིའི་”དཔེ་སྟོན་རྫོང་གི་བདེན་དཔང་ཐོབ། “གནམ་དྭངས་དུས་ལུས་ལ་ཐལ་ཡོད་པ་དང་ཆར་དུས་ལུས་ལ་འདམ་གྱིས་ཁེངས་པ་”དེ་ལོ་རྒྱུས་སུ་གྱུར་པ་དང་། “ཕྱི་ལ་འགྲོ་ལམ་ཡོད་པ་དང་རྐང་པ་ཡར་བཀྱགས་ནས་རླངས་འཁོར་གཏོང་ནས་འགྲོ་བ་”དེ་མཐོ་སྒང་མང་ཚོགས་ཀྱི་རྒྱུན་གཏན་དུ་གྱུར།

123.jpg

གནམ་ལམ་སྔོན་དུ་སྐྱོད། ཡུན་ནན་གྱི་“མཇུག་སྣེ”ནས་བོད་དང་སི་ཁྲོན་དུ་སྐྱོད་པའི་འགག་གནད་བར་གྱུར།

ལམ་གང་སར་ཤར་གཏོང་ཐུབ་པས་ལས་རིགས་སྣ་ཚོགས་དར་རྒྱས་བྱུང་ཡོད། 2025ལོར། བདེ་ཆེན་གྱིས་ཁྱོན་བསྡོམས་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་3636.01ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ལས་རིགས་ཀྱི་འགྲོ་གྲོན་ཁྱོན་བསྡོམས་ནས་སྒོར་དུང་ཕྱུར་296.27བཏང་བ་དང་། སྔོན་ཆད་དགུན་དུས་སུ་སླེབས་མ་ཐག་ཡུལ་སྐོར་བ་ཉུང་བའི་རྡོ་མཁའ་གནའ་གྲོང་དུ་ད་ལྟ་ཟླ་བ་བཅུ་གཉིས་པའི་ནང་སྔར་བཞིན་ཡུལ་སྐོར་ཡོང་མཁན་མང་པོ་ཡོད། 

འགྲིམ་འགྲུལ་གྱི་འགྱུར་ལྡོག་གིས་རི་ནང་ཡོད་པའི་ཐོན་ཁུངས་དང་ཁྱད་ལྡན་ཐོན་རྫས་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རར་ཁྱབ་གདལ་གཏོང་ཐུབ།  ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་གྱི་ཡང་ཐང་ཟོག་འདྲེན་ས་ཚིགས་ཀྱིས་2025ལོ་ནས་བཟུང་ཟངས་གཏེར་སྤུས་ལེགས་ཏུན་ཁྲི་20ཙམ་སྐྱེལ་འདྲེན་བྱས་པ་དང་། རྡོ་སོལ་དང་གྲོ་རི་བོར་འདྲེན་པ། བེ་ཤ་དང་གཡག་ཤ་ཕྱིར་ཐོན་པ། སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ། བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་ཐང་བཅས་ལ་བརྟེན་ནས་བདེ་ཆེན་ཁུལ་དེ་སྔོན་གྱི་ཡུན་ནན་གྱི་“མཇུག་སྣེ་”ནས་བོད་ལྗོངས་དང་སི་ཁྲོན་དུ་སྐྱོད་པའི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།

རྐང་འོག་གི་ལམ་ད་དུང་བསྲིངས་བཞིན་ཡོད། མིག་སྔར། བདེ་ཆེན་ཁུལ་གྱིས་“རྫོང་བར་མྱུར་བགྲོད་ཅན་དང་ཤང་བར་ཤར་གཏོང་ཐུབ་པའི་རིམ་པ་ཅན། འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་ཅན་”བཅས་ཀྱི་འགྲིམ་འགྲུལ་འཆར་གཞི་འཆར་འགོད་བྱེད་བཞིན་ཡོད། ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་དང་ཐར་ལམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་དུས་འགོའི་ལས་དོན་སྐུལ་འདེད་མགྱོགས་སུ་གཏོང་སྟེ་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་སྔར་བས་མང་པོ་གངས་ལྗོངས་སུ་སྣུར་སྲིང་བྱ་རྒྱུ་ཡིན།

དམར་དམག་རྒྱང་སྐྱོད་ཀྱི་དམག་སྐྱོད་ལམ་ནས་མི་རིགས་བསྐྱར་དར་གྱི་འཕེལ་རྒྱས་ལམ་བུའི་བར་དུ་འགྱུར་ལྡོག་བྱུང་བ་ནི་ཤར་བགྲོད་ཀྱི་མྱུར་ཚད་ཡིན་པ་དང་། འགྱུར་བ་མེད་པ་ནི་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཡིན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག བདེ་ཆེན་མི་རིགས་ཁག་གི་བུ་ཕྲུག་ཚོས་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བཞིན་ཡོད་པ་དང་། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་སྔར་བས་རྒྱ་ཆེ་རུ་འགྲོ་བཞིན་ཡོད།

འགན་འཁུར་རྩོམ་སྒྲིག་པ།:拉茸初姆

  • བདེ་ཆེན་གསར་འགྱུར།

རྒྱང་སྐྱོད་གྲུ་ཁ་ནས་“ལྕགས་ལམ་དང་གཞུང་ལམ། གནམ་གྲུ་བཅས་”ཀྱི་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་སྟེ་——བདེ་ཆེན་མཐོ་སྒང་ཐོག་བདེ་སྐྱིད་ཀྱི་ལམ་བུ་བཏིང་།

ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བསྐྱོད་ནས་གཙོ་གནད་ཁེ་ལས་ལ་འཚམས་འདྲི་དང་བརྟག་ཞིབ་གནང་བ།

ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་རྣམ་གྲངས་བརྟག་ཞིབ་མཛུབ་ཁྲིད་ཀྱི་ཡུལ་དངོས་འཚོགས་འདུ་འཚོགས།

ཞིང་ཨུས་སྐབས་བརྗེ་རྗེས་ཁུལ་(གྲོང་ཁྱེར)གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ནས་གནོད་མེད་འཕེལ་རྒྱས་གྲུབ་འབྲས་མངོན་གསལ་ཐོབ།

 བདེ་ཆེན་ཐ་ལ་འབར་རླངས་ཚད་ཡོད་ཀུང་སིས་རྒྱལ་སྟོན་གུང་གསེང་རིང་འབར་རླངས་བེད་སྤྱོད་བདེ་འཇགས་འགན་ལེན་བྱས།

བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གིས་གསར་བརྗེའི་རྒྱུད་གཞི་རྒྱུན་འཛིན་བྱས།

ལུའོ་ཁྲའོ་ཧྥེང་འཇོལ་རྫོང་རུང་ཧྲེང་རྒུན་ཆང་བཟོ་གྲྭར་ཕེབས་ནས་ས་མཐོའི་རྒུན་ཆང་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ། 

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com