ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླའི་“ས་གྲོལ་གླིང་ཁུལ་”འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་ཚུལ་ལ་བརྟག་ཞིབ་གནང་།
ཟླ་10པའི་ཚེས་12ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་ཁུན་མིང་དཔལ་འབྱོར་གསར་སྤེལ་ཁུལ་ཧྲང་ཧའེ་དང་ཡུན་ནན་གྱི་གྲུ་ཁའི་ཁུན་མིང་ཚན་རྩལ་གྲོང་དུ་བསྐྱོད་དེ་སེམས་ཀྱི་ཉི་ཟླའི་“ས་གྲོལ་གླིང་ཁུལ་”འཛུགས་སྐྲུན་གཉེར་སྐྱོང་བྱེད་ཚུལ་ལ་བརྟག་ཞིབ་གནང་བ་དང་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་། “ས་གྲོལ་གླིང་ཁུལ་”གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བ། ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ཁག་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླའི་“ས་གྲོལ་གླིང་ཁུལ་”ནི་ཧྲང་ཧའེ་དང་ཡུན་ནན་གྱི་“16+16”མཉམ་ལས་མཉམ་སྐྲུན་བྱེད་སྟངས་ཀྱི་གསར་གཏོད་གཞི་རྟེན་ཞིག་དང་། ཁུན་མིང་དང་བདེ་ཆེན་ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཡིན་ལ། མཐོ་སྒང་ས་ཁུལ་འཕེལ་རྒྱས་ཀྱི་འཇུར་མིག་སེལ་བ་དང་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཁྱད་ལྡན་གླིང་ཁུལ་ཞིག་ཀྱང་ཡིན་པས་“གནས་གསུམ་གཞི་གཅིག་”གི་དམིགས་བསལ་གྱི་ནུས་པ་ལྡན། ཧྲང་ཧའེ་དང་ཡུན་ནན་བར་མཉམ་ལས་བྱེད་པའི་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གླིང་ཁུལ་མཐུན་སྦྱོར་འཕེལ་རྒྱས་ལས་དོན་སྐོར་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཁ་གཏད་རོགས་སྐྱོར་ལམ་སྲོལ་ལ་བརྟེན་ནས། སློབ་གསོ་དང་སྨན་བཅོས་སོགས་དམངས་འཚོའི་རོགས་སྐྱོར་ལས་དོན་རྒྱུན་མཐུད་ངང་དམ་འཛིན་བྱེད་པའི་རྨང་གཞིའི་ཐོག་ནུས་ཤུགས་གཅིག་སྡུད་ཀྱིས་ཐོན་ལས་རོགས་སྐྱོར་རྒྱ་ཆེར་གཏོང་ནས་རོགས་སྐྱོར་བྱེད་སྟངས་དེ་“ཁྲག་རྒྱག་པའི་རྣམ་པ་”ནས་“ཁྲག་བཟོ་བའི་རྣམ་པའི་”ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན།
ལུའོ་ཁྲའོ་ཧྥེང་གིས་ཞིང་ཡོངས་ཀྱིས་གླིང་ཁུལ་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་སྒེའུ་ཁུང་དུས་ཚོད་ཁོང་དུ་ཆུད་པ་བྱས་ནས་སྤུས་ལེགས་ཁྲོམ་རའི་གཙོ་གཟུགས་གླིང་ཁུལ་དུ་འཕེལ་རྒྱས་གཏོང་བར་གནད་ལ་འཁེལ་བའི་སྒོ་ནས་འགུགས་པ། གླིང་ཁུལ་གྱི་ལག་རྩལ་དང་ཁྲོམ་ར། ཐོན་ལས་སྟེགས་བུ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སྲིད་ཇུས་ཀྱི་ཁེ་ཕན་དེ་དངོས་དངོས་རྗེན་རྗེན་གྱི་འཕེལ་རྒྱས་སྒུལ་ནུས་སུ་བསྒྱུར་དགོས། བདེ་ཆེན་གྱི་ཐོན་ཁུངས་ལ་གཞི་ཚུགས་ཏེ་ཧྲང་ཧའེ་དང་ཡུན་ནན་གྱི་རོགས་སྐྱོར་ལས་སྟེགས་ལ་བརྟེན་ནས་ཐོན་ལས་འབྲེལ་ཐག་གི་ཚོང་འགུགས་ལས་དོན་སྤེལ་ཏེ་གཙོ་བོ་བོད་ལུགས་གསོ་རིག་དང་བཟའ་བཅའི་ཤ་མོ། ཀྲུང་ལུགས་སྨན་རྫས། མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས། གནོད་མེད་གཏེར་ལས་སོགས་བཀོད་སྒྲིག་བྱས་ནས་ཐོན་ལས་མཉམ་འགུལ་དང་ས་ཁོངས་མཐུན་སྦྱོར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས། “ཁུལ་ཨུ་ཡིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། གླིང་ཁུལ་གྱིས་ཐེག་པ། ཁེ་ལས་ཀྱི་གཙོ་གཟུགས། སྡེ་ཚན་མཉམ་འགུལ་”བཅས་ཀྱི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་ནས་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་སྔར་བས་མང་པོ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ལས་ཁུངས་ཁག་གིས་རང་འགུལ་ངང་ལས་གནས་དང་པོར་ཞུགས་པ་དང་མདུན་ཕྱོགས་སུ་ཞབས་འདེགས་ཞུ་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། ཁེ་ལས་གཉེར་སྐྱོང་འཕེལ་རྒྱས་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ངང་ཐག་གཅོད་བྱེད་པ། བཅའ་སྡོད་ཁེ་ལས་ཀྱིས་ལས་རིགས་གཙོ་བོ་ཐད་གཏིང་ཟབ་སྤེལ་བ་དང་། རྒྱ་སྐྱེད་སྟོབས་ཆེར་གཏོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་སྲིད་གཞུང་དང་ཁེ་ལས་མཐུན་སྦྱོར་མཉམ་སྒྲུབ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་དགོས་ཞེས་ནན་གྱིས་བསྟན།

བཞུགས་མོལ་ཚོགས་འདུའི་ཐོག སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་དོ་དམ་ཨུ་ལྷན་གྱིས་“ས་གྲོལ་གླིང་ཁུལ་”འཛུགས་སྐྲུན་གཉེར་སྐྱོང་ལས་དོན་གྱི་འཕེལ་རིམ་ལ་སྙན་སེང་ཞུས། ཚོགས་ཞུགས་ཁེ་ལས་ཀྱིས་ཁྱད་ལྡན་ཞིང་ལས་དང་གློག་རྡུལ་ཚོང་དོན་ཐོན་ལས་སྦྲེལ་ཐག སྐྱེ་དངོས་ཚན་རྩལ། གནོད་མེད་གཏེར་ལས་སོགས་ཁྱབ་ཁོངས་ལ་དམིགས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྤེལ་རེས་གཏིང་ཟབ་བྱས་ཏེ་ཐབས་འདོན་ཇུས་འདོན་ཧུར་ཐག་ངང་བྱས།
ཁུལ་གྱི་འགོ་ཁྲིད་དབྱང་ཞུའེ་ཝུན་དང་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བརྟག་ཞིབ་བཞུགས་མོལ་ནང་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:拉茸初姆
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླའི་“ས་གྲོལ་གླིང་ཁུལ་”འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་ཚུལ་ལ་བརྟག་ཞིབ་གནང་།
རྒྱང་སྐྱོད་གྲུ་ཁ་ནས་“ལྕགས་ལམ་དང་གཞུང་ལམ། གནམ་གྲུ་བཅས་”ཀྱི་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་སྟེ་——བདེ་ཆེན་མཐོ་སྒང་ཐོག་བདེ་སྐྱིད་ཀྱི་ལམ་བུ་བཏིང་།
ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བསྐྱོད་ནས་གཙོ་གནད་ཁེ་ལས་ལ་འཚམས་འདྲི་དང་བརྟག་ཞིབ་གནང་བ།
ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་རྣམ་གྲངས་བརྟག་ཞིབ་མཛུབ་ཁྲིད་ཀྱི་ཡུལ་དངོས་འཚོགས་འདུ་འཚོགས།
ཞིང་ཨུས་སྐབས་བརྗེ་རྗེས་ཁུལ་(གྲོང་ཁྱེར)གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ནས་གནོད་མེད་འཕེལ་རྒྱས་གྲུབ་འབྲས་མངོན་གསལ་ཐོབ།
བདེ་ཆེན་ཐ་ལ་འབར་རླངས་ཚད་ཡོད་ཀུང་སིས་རྒྱལ་སྟོན་གུང་གསེང་རིང་འབར་རླངས་བེད་སྤྱོད་བདེ་འཇགས་འགན་ལེན་བྱས།
བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་གིས་གསར་བརྗེའི་རྒྱུད་གཞི་རྒྱུན་འཛིན་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108