中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དགུ་པ་འཚོགས།

རྩོམ་པ་པོ་:何雨桐 高粒堡(实习) ཁྱབ་བསྒྲགས་དུས་ཚོད་:2026-10-14 16:02:10 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片

ཟླ་10ཚེས་13ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཁུལ་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དགུ་པ་གཙོ་སྐྱོང་གནང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཐད་གནང་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་ཐོག་ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་བདེ་ཆེན་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་གལ་ཆེན་ཞིག་རེད། ཐེངས་འདིའི་ལྟེ་བའི་ཚོགས་ཆུང་སློབ་སྦྱོང་གི་གོ་སྐབས་བཟུང་ནས། ཆབ་སྲིད་ཀྱི་འགན་འཁྲི་སྔར་བས་བརྟན་པོ་འཁུར་བ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེ་འགན་འཁྲི་གཙང་སྒྲུབ་བྱེད་པའི་བྱ་སྤྱོད་ཀྱི་རང་རྟོགས་སུ་བསྒྱུར་བཅུག་སྟེ། ཁྲིམས་སྐྱོང་བདེ་ཆེན་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་འཛུགས་སྐྱོང་བྱེད་པར་གཞི་གཅིག་ཅན་དུ་སྐུལ་འདེད་བཏང་ནས། བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་འབྲི་རྒྱུར་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་ལེན་མཁོ་འདོན་བྱེད་དགོས།

ཚོགས་འདུའི་ཐོག་ ནན་གསུང་གནང་དོན། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་རྒྱུན་མཐུད་ ངང་ གཏིང་ཟབ་ཏུ་གཏོང ་བ་དང་ ཞི་ཅིན་ཕིང་ གི་ ཁྲིམས་སྐྱོང་དགོངས་པ ་ སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད ་དེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཚོགས་འདུའི་དགོངས་དོན་ གཞི་གཅིག་ཏུ་སློབ་སྦྱོང་དང་གོ་བ་ལེན་པ། ཞིང་ཨུ ་ དང་ ཁུལ་ ཨུ འི ་ཁྲིམས་སྐྱོང་འཛུགས་སྐྱོང་ རྣམ་གྲངས་ཁག་ བཀོད་སྒྲིག་དོན་འཁྱོལ་བྱེད་པ། 《 ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་བྱེད་པའི་ལས་ཀའི་སྲོལ་ཡིག 》ལག་བསྟར་དང་སློབ་སྦྱོང་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། “མཐའ་འཁྱོངས་བཅུ་གཉིས”ཀྱི་ལྟེ་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། ཁྲིམས་སྐྱོང་གི་བསམ་གཞིགས་བེད་སྤྱོད་དང་ཁྲིམས་སྐྱོང་བྱེད་སྟངས་ཀྱིས་ལས་དོན་སྤེལ་བ ར ་རིགས་པ འི་ གཞུང་ལུགས་ཀྱི་བྱང་ཚད ་ རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཁྲིམས་སྐྱོང་བསམ་བློའི་རྨང་གཞི་ སྲ་ བརྟན་པོ་ གཏོང་ བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་ ཁུལ་ སྐྱོང་ བར་ ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་ གསལ་བཏོན་ སྐུལ་འདེད་གཏོང་བར་འགན་ལེན་ བྱེད་དགོས། ལྟེ་བའི་ཁྱོན་ཡོངས་ལ་དམིགས་པ་དང་ ཁུལ་ ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཛུགས་སྐྱོང་གི་ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་བདེ་ཆེན་གྱི་ བླང་བྱ་ བཀོད་སྒྲིག ་ལ་ དམིགས་ ནས། ཁྲིམས་སྐྱོང་འཛུགས་སྐྱོང་བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས་ དང་མཐའ་མཚམས་བརྟན་པོ་བཅས་དོན་ཆེན་བཞིའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོ ས། མི་རིགས་མཐུན་སྒྲིལ་དང་ སྐྱེ་ཁམས་ སྲུང་སྐྱོབ། ཐོན་ལས་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྲིད་འཛིན་ཁྲིམས་འཛིན་ལས་དོན་དམ་འཛིན་ཏན་ཏིག་བྱེད་པ་དང་ ། སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། “ལྔ འི་ དགུ ་ ”ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་དོན་འཁྱོལ་ཏན་ཏིག་བྱེད་ དེ། ཁྲིམས་སྐྱོང་ལ་བརྟེན་ནས་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྲུང་སྐྱོང ་བྱེད་ དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། འགན་འཁྲིའི་སྦྲེལ་ཐག་དམ་དུ་བཏང་ནས། འགོ་ཁྲིད་ལས་བྱེད་པའི “ འགག་རྩའི་ཉུང་ཤས ” དམ་འཛིན་བྱས་ཏེ། ཁྲིམས་སྐྱོང་འཛུགས་སྐྱོང་གི་འགན་འཁུར་མི་སྣ་ཨང་དང་པོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས། ཏང་གི་འགོ་ཁྲིད་ཀྱིས་ཁྱོན་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་བའི་ལམ་ལུགས་ལམ་སྲོལ་དོན་འཁྱོལ་བྱེད་པ། ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་བྱེད་པ་དང་ཁྲིམས་འཛིན་འགན་ལེན། ཁྲིམས་འཛིན་ལ་རྒྱབ་སྐྱོར། སྣེ་ཁྲིད་ཁྲིམས་སྲུང་བཅས་ཀྱི་བླང་བྱ་དོན་འཁྱོལ་བཅས་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། སྤུས་ཚད་མཐོ་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་ལ་བརྟེན་ནས་ཆུ་ཚད་མཐོ་བའི་ཁྲིམས་ལྟར་ཁུལ་སྐྱོང་བར་ཁྲིད་སྟོན་འགན་ལེན་བྱས་ཏེ། མཉམ་འཛིན་ཐུན་མོང་དོ་དམ་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
ཚོགས་འདུའི་ཐོག རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་ཁོངས་མི་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ།:扎史次里

  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དགུ་པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླའི་“ས་གྲོལ་གླིང་ཁུལ་”འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་ཚུལ་ལ་བརྟག་ཞིབ་གནང་།

རྒྱང་སྐྱོད་གྲུ་ཁ་ནས་“ལྕགས་ལམ་དང་གཞུང་ལམ། གནམ་གྲུ་བཅས་”ཀྱི་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་སྟེ་——བདེ་ཆེན་མཐོ་སྒང་ཐོག་བདེ་སྐྱིད་ཀྱི་ལམ་བུ་བཏིང་།

ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བསྐྱོད་ནས་གཙོ་གནད་ཁེ་ལས་ལ་འཚམས་འདྲི་དང་བརྟག་ཞིབ་གནང་བ།

ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་རྣམ་གྲངས་བརྟག་ཞིབ་མཛུབ་ཁྲིད་ཀྱི་ཡུལ་དངོས་འཚོགས་འདུ་འཚོགས།

ཞིང་ཨུས་སྐབས་བརྗེ་རྗེས་ཁུལ་(གྲོང་ཁྱེར)གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ནས་གནོད་མེད་འཕེལ་རྒྱས་གྲུབ་འབྲས་མངོན་གསལ་ཐོབ།

 བདེ་ཆེན་ཐ་ལ་འབར་རླངས་ཚད་ཡོད་ཀུང་སིས་རྒྱལ་སྟོན་གུང་གསེང་རིང་འབར་རླངས་བེད་སྤྱོད་བདེ་འཇགས་འགན་ལེན་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com