中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་96པ་འཚོགས།

རྩོམ་པ་པོ་:杨涛 ཁྱབ་བསྒྲགས་དུས་ཚོད་:2026-10-14 16:08:05 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་10ཚེས་13ཉིན་གྱི་དགོང་མོར། ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་96པ་གཙོ་སྐྱོང་གནང་ནས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་འཕྲིན་ལན་དགོངས་དོན། དེ་བཞིན་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ནས། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས།

ཚོགས་འདུའི་ཐོག་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཞིང་ཨུའི་“3815”འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ།བདེ་ཆེན་གྱི་ཐོན་ཁུངས་ལ་གཞི་ཚུགས་ནས།སྐྱེ་ཁམས་སྔོན་ཐོབ་དང་ལྗང་མདོག་འཕེལ་རྒྱས་ལ་མཐའ་འཁྱོངས་བྱས་པ།སྲུང་སྐྱོང་དང་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ནས།ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་དང་དཔལ་འབྱོར། དམངས་ཕྱུག་བཅས་ཀྱི་ལེགས་ཆར་བསྒྱུར་རུ་བཅུག་དགོས།ཁྱད་ལྡན་ཐོན་ལས་ལ་དམིགས་པ་དང་ལྗང་མདོག་བཟོ་སྐྲུན་མ་ལག་འཛུགས་པ། ཁྲོམ་རའི་གཙོ་གཟུགས་ལེགས་སྐྱོང་དང་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་བརྟན་དུ་གཏོང་བ། བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་སྲུང་སྐྱོང་བཅས་བྱེད་དགོས། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་ཚད་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་གཏོང་སྟེ།བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་དམ་པོར་འཁུར་དགོས།གཙོ་གནད་ཁྱབ་ཁོངས་ལ་དམ་པོ་དམིགས་ནས།ཉེན་ཁ་སྣ་ཚོགས་གནད་ལ་འཁེལ་བའི་སྒོ་ནས་སྔོན་འགོག་སེལ་དགོས།སྤྱི་པའི་བདེ་འཇགས་བཅོས་སྐྱོང་དམ་འཛིན་ཏན་ཏིག་བྱས་ནས།སྤྱི་ཚོགས་ཀྱི་བདེ་འཇགས་ཁོར་ཡུག་གཙང་སེལ་བྱེད་དགོས། གཞི་རིམ་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་ནས།ཚན་རྩལ་ཁྲིམས་སྐྱོང་གི་ནུས་པ་ཆེ་རུ་གཏོང་དགོས། ལས་ཀའི་འགན་འཁྲི་དམ་འཛིན་བྱས་ནས།ཕུགས་ཕན་དོན་འཁྱོལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

ཚོགས་འདུའི་ཐོག་ནན་གསུང་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”སྐབས་དགུ་པ་སླེབས་ཉེན་བའི་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་དུས་ཆེན་གྱི་རྟེན་འབྲེལ་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་48པར་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་ཞིང་པའི་འབབ་འཕར་གཙོ་བོར་དམ་འཛིན་བྱས་ནས། འབྲུ་རིགས་བདེ་འཇགས་དང་རྨོ་ཞིང་སྲུང་སྐྱོང་། གཞི་ཁྱོན་རང་བཞིན་གྱི་སླར་ཡང་དབུལ་པོར་མི་འགྱུར་བ་བཅས་ཀྱི་མ་མཐའི་མཚམས་ཐིག་གསུམ་སྲུང་དགོས། ཁུལ་ཡོངས་ཀྱི“ཞིང་གསུམ”འཐབ་ཕྱོགས་རྒྱ་ཆེའི་ལས་བྱེད་པས་ལས་ཀའི་འགན་འཁྲི་ཏན་ཏིག་འཁུར་བ་དང་ལས་སྒྲུབ་སྙིང་སྟོབས་འཕེལ་བ། འཇོན་ཐང་སྦྱོང་བརྡར་བཅས་བྱས་ནས་བཀོད་སྒྲིག་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་བའི་འགན་ལེན་བྱེད་དགོས། རྩལ་ནུས་ཤེས་ལྡན་མི་སྣའི་ལས་དོན་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། རྩལ་ནུས་ཤེས་ལྡན་མི་སྣའི་མཁོ་སྤྲོད་དང་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་གནད་ལ་འཁེལ་བའི་ངང་སྙོམ་སྒྲིག་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་ལེན། བློ་སེམས་གཅིག་སྒྲིལ་གྱིས་བླ་སྲོག་སྐྲུན་པ་རྒྱུན་འཁྱོངས་བྱས་ཏེ། རྩལ་ནུས་ཤེས་ལྡན་མི་སྣའི་ལས་དོན་ཡང་དག་པར་ཁོང་དུ་ཆུད་དགོས། ཆབ་སྲིད་ཐོན་ལས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ནུས་པ་སྤྲོད་པ། སྤུས་ཚད་མཐོ་བའི་སྒོ་ནས་རྩལ་ནུས་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བར་རྨང་གཞི་བཏོན་དགོས། འགྲན་བསྡུར་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཁོར་ཡུག་ཟབ་ཏུ་གཏོང་བར་མཐའ་འཁྱོངས་བྱས་ཏེ། སློབ་སྦྱོང་ལས་བསྡུར་བ་དང་རྗེས་ཟིན་ལས་བརྒལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཆགས་བཅུག་དགོས།

ཚོགས་འདུའི་ཐོག་ཞིང་དཔོན་ཝང་ཡུས་པའོ་ཡིས་ཞིང་ཆེན་སྲིད་གྲོས་ཀྱི་གཙོ་གནད་གྲོས་གཞི་གཉེར་བའི་གྲོས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་སྐབས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཡུན་ནན་ཞིང་ཆེན་གྱི་བུ་བཙའི་མཛའ་མཐུན་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་བྱ་ཐབས་དོན་ཚན་བཅོ་ལྔ་དང་ཟུང་འབྲེལ་བྱས་ཏེ། རང་ཁུལ་གྱི་མ་ལག་ཆ་ཚང་སྒྲིག་པར་དོན་འཁྱོལ་བྱ་ཐབས་ཞིབ་ཕྲ་བཟོས་ནས། རང་ཁུལ་གྱི་མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་ཡོང་སྐུལ་འདེད་གཏོང་དགོས། ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་གཙོ་གནད་ལྷུ་ཚུགས་ལ་དམིགས་ནས། མཉམ་དུ་ཤུགས་སྣོན་བརྒྱབ་པ་དང་ཁྱིམ་ཚང་གི་བུ་བཙའི་གསོ་སྐྱོང་སློབ་གསོའི་ཕྱོགས་བསྡུས་ཁུར་པོ་ཇེ་ཆུང་གཏོང་བ། ཁྱིམ་ཚང་དེ་བས་མང་བ་སྐྱེ་ཐུབ་པ་དང་གསོ་སྐྱོང་ཡག་པོ་ཐུབ་པར་བྱེད་དགོས། གྲོས་གཞི་སྒྲུབ་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཁུལ་ཡོངས་ཀྱི་དམངས་འཚོའི་བྱ་གཞག་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱི་བསྟན།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

འགན་འཁུར་རྩོམ་སྒྲིག་པ།:扎史次里

  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་96པ་འཚོགས།

ཁུལ་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དགུ་པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླའི་“ས་གྲོལ་གླིང་ཁུལ་”འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་ཚུལ་ལ་བརྟག་ཞིབ་གནང་།

རྒྱང་སྐྱོད་གྲུ་ཁ་ནས་“ལྕགས་ལམ་དང་གཞུང་ལམ། གནམ་གྲུ་བཅས་”ཀྱི་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་སྟེ་——བདེ་ཆེན་མཐོ་སྒང་ཐོག་བདེ་སྐྱིད་ཀྱི་ལམ་བུ་བཏིང་།

ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བསྐྱོད་ནས་གཙོ་གནད་ཁེ་ལས་ལ་འཚམས་འདྲི་དང་བརྟག་ཞིབ་གནང་བ།

ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་དང་གཙོ་གནད་རྣམ་གྲངས་བརྟག་ཞིབ་མཛུབ་ཁྲིད་ཀྱི་ཡུལ་དངོས་འཚོགས་འདུ་འཚོགས།

ཞིང་ཨུས་སྐབས་བརྗེ་རྗེས་ཁུལ་(གྲོང་ཁྱེར)གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་ནས་གནོད་མེད་འཕེལ་རྒྱས་གྲུབ་འབྲས་མངོན་གསལ་ཐོབ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com