中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

རྩོམ་པ་པོ་:此里取次 泽仁拉姆 ཁྱབ་བསྒྲགས་དུས་ཚོད་:2026-08-07 12:07:06 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


 

ཟླ་8པའི་ཚེས་4ཉིན། ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གུང་ཡུན་ནན་ཞིང་ཨུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཡིད་ཆེས་བརྟན་དུ་གཏོང་ནས་མུ་མཐུད་འབད་འཐབ་བྱས་ཏེ་ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིགགསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལས་དོན་ཁག་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་འགན་གཙོ་གནད་ཁ་གསལ་བཟོས་པ་དང་། འཕེལ་རྒྱས་ཀྱི་ཐབས་ལམ་དབྱེ་འབྱེད་བྱེད་དེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མདུན་སྐྱོད་ཆེན་པོ་བྱ་ཆེད་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རང་ཁུལ་གྱི་རིམ་པ་ཁག་གི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་ནས་ཚང་མས་བསམ་བློ་གཅིག་གྱུར་དང་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་དམིགས་པ། ལས་གནས་ཐོག་དངོས་སྒྲུབ་འགན་འཁུར་བཅས་བྱེད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རང་ཁུལ་དུ་རྩ་བ་ཚུགས་པ་དང་འབྲས་བུ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ལོ་ལྔ་ཚན་བཅུ་བཞི་པ”ནས་བཟང་། རང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ཞབས་ཞུར་བརྟེན་ནས་བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་པོ་བཅས་དོན་ཆེན་བཞི་འགན་ལེན་བྱས་པ་དང་ཆབ་སྲིད་འཛུགས་སྐྱོང་དམ་འཛིན་ཏན་ཏིག་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་གཏིང་ཟབ་སྤྲས་པ། གཞི་རིམ་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ལྡན་འཛུགས་པ། སྤྱོད་སྲོལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་གཏོང་ནས་བོད་འབྲེལ་མཐའ་མཚམས་ཀྱི་སྲིད་སྐྱོང་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་བཏང་ཡོད། ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་འི་ཐད་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་བཏོན་པ་དེས་རང་ཁུལ་གྱིས་ཏང་འཛུགས་སྐྱོང་ལས་དོན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་ར་མདུན་སྐྱོད་ཀྱི་ཐབས་ལམ་སྔར་བས་ཁ་གསལ་བཟོས་ཡོད།

 
 
 
 
ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་ཏང་འཛུགས་སྐྱོང་ལས་དོན་གྱི་བརྡ་རྟགས་གསར་པར་དམིགས་ཏེ་ཁུལ་ཨུ་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཧོང་ཝུན་ཆོན་གྱིས་རང་ངོས་ཀྱི་སློབ་སྦྱོང་མྱོང་ཚོར་དང་ལས་ཀའི་འཆར་འགོད་མཉམ་སྤྱོད་བྱས། ཁོས་ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་ཞིང་ཡོངས་ཏང་འཛུགས་སྐྱོང་ལས་དོན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལས་དོན་ལ་བཀོད་སྒྲིག་བྱས་ནས་ཁུལ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཁུལ་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡིན། སློབ་སྦྱོང་དང་སྒྲོག་འགྲེལ་ཐད་“ཚོགས་འདུ་གསུམ་དང་སློབ་ཚན་གཅིག་”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ།མཐོ་སྒང་གི་འབྲོག་ཁུལ་སྐོར་སྐྱོད་ཏང་གི་སློབ་གྲྭ་སོགས་གཞི་རྟེན་ལ་བརྟེན་ནས་རིམ་པ་དང་རིགས་དབྱེ་ནས་རྒྱུན་རྣམ་ཅན་གྱི་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སེམས་དང་བསམ་བློར་ཟུག་པར་སྐུལ་འདེད་གཏོང་། གཞི་རིམ་འཛུགས་སྐྱོང་ཐད་རྒྱུན་མཐུད་ངང་རྨང་གཞི་བཏིང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་ཤུགས་སྣོན་རྒྱག་པ་དང་ཁྱབ་ཁོངས་ཁག་གི་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་དེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་རིམ་འཕར་བྱུང་བར་ནུས་པ་སྤྲས་པ། འགན་འཁྲི་དོན་འཁྱོལ་ཐད་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཞིབ་ཕྲ་དེ་དོན་འཁྱོལ་གྱི་ལས་འགན་དུ་བརྩིས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ་ཕྱི་ཚུལ་རིང་ལུགས་བཀག་འགོག་གང་ཐུབ་བྱས་ནས་དངོས་སྒྲུབ་ཕན་འབྲས་ལ་བརྟེན་ནས་རང་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏིང་དགོས་ཞེས་བཤད།
 
 
 
 
ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་ཇི་ལྟར་བསྒྱུར་ནས་རང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེའང་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་ཁུངས་ཀྱིས་བསམ་བློ་གཏོང་བའི་གཙོ་གནད་ཅིག་ཡིན། ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་ཏང་ཨུའི་ཨུ་ཡོན། ཅུས་ཀྲང་གཞོན་པ་ཡུས་ཧའེ་ཡན་གྱིས་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱིས་ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་བྱས་ནས་བསམ་བློའི་རྨང་གཞི་བརྟན་པོ་བཏིང་སྟེ་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་། ཞིང་ཨུའི་3815འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་དང་རང་ཁུལ་གྱི་3331རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམ་པོར་དམིགས་པ་དང་། ཏང་འཛུགས་སྐྱོང་གིས་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་ཐིག་བརྟན་པོ་གཏོད་པ་དང་འབྲེལ་བ་དམ་ཟབ་བྱས་ནས་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་དེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཀ་རྟེན་གལ་ཆེན་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་བ་ལ་སྐུལ་འདེད་གཏོང་བའི་ཐོན་ལས་གལ་ཆེན། མ་འཇོག་འཛད་སྤྱོད་རྒྱ་ཆེར་གཏོང་བའི་སྒུལ་ཤུགས་གལ་ཆེན། གཟུགས་བརྙན་འགྲེམས་སྟོན་བྱེད་པའི་སྒེའུ་ཁུང་གལ་ཆེན་བཅས་སུ་གཏོད་རྒྱུ་དང་། ལས་རྣམ་གསར་པ་དང་སྤུས་རྟགས་ཀྱི་སྐད་གྲགས་ཆེ་རུ་གཏོང་བ། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པ། ཡུལ་སྐོར་ཞབས་ཞུ་ལེགས་སུ་གཏོང་བ་བཅས་ལ་དམ་པོར་དམིགས་ཏེ་ཐོན་ལས་སྤུས་ཚད་མཐོ་རུ་གཏོང་བ་དང་མཁོ་སྤྲོད་རིམ་སྤར། སྤུས་རྟགས་གཏོད་པ། རིག་གནས་ནུས་པ་སྤྲོད་པ། ཁྲོམ་རས་དོ་དམ་ནན་པོ། བདེ་འཇགས་མཐའ་སྐྱོན་དང་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཅིག་འགྱུར་གཏོང་དགོས། དེ་དང་དུས་མཚུངས་སུ། བྱེད་སྒོ་དང་རྣམ་གྲངས། ཚོང་འདྲེན། ཁེ་ལས། དྲིལ་བསྒྲགས་ངོ་སྤྲོད། ཞབས་ཞུ་བཅས་ཕྱོགས་དྲུག་ལ་དམིགས་ཏེ་རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་འཕེལ་རྒྱས་དང་མཉམ་འདྲེས་བྱས་ནས་ཡུན་ནན་ཟེར་བའི་འཚོ་བ་ཞིག་ཡོད། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་གཟུགས་བརྙན་ཅན་གྱི་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་མིང་བྱང་མུ་མཐུད་ནས་གསལ་པོར་མངོན་རྒྱུ་ཡིན་ཞེས་བཤད།

འགན་འཁུར་རྩོམ་སྒྲིག་པ།:拉茸初姆

  • བདེ་ཆེན་གསར་འགྱུར།

བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com