དངོས་སྒྲུབ་དང་དངོས་འབྲས་ལ་བརྟེན་ནས་ལན་འདེབས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད།——ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཚང་འཛོམས་གྲོས་ཚོགས་ཐོག་《ཀྲུང་གུང་ཡུན་ནན་ཞིང་ཨུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཡིད་ཆེས་བརྟན་པོ་དང་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་སྐོར་གྱི་བསམ་འཆར་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ལོ་སྨད་ཀྱི་ལས་ཀ་ལ་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་པ། ད་ལོའི་དུས་ཚིགས་བཞི་པར་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོགས་རྒྱུ་ཐག་གཅོད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱ་ཆེ་བའི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་། ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་ཡིད་ཆེས་བརྟན་པོ་དང་མུ་མཐུད་འབད་འཐབ། དམ་འཛིན་དངོས་སྒྲུབ་བཅས་བྱས་ནས་ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་སེམས་ཀྱི་ཉི་ཟླའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན། ཡུན་ནན་གྱིས་རྒྱལ་ཡོངས་དང་དུས་མཉམ་དུ་གཞི་རྩའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱུང་། དུས་ཚོད་ཀྱིས་མི་མི་སྒུག གནས་བབ་ཀྱིས་དེ་བས་མི་མི་སྒུག ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། འདིས་རྒྱལ་ཐང་གྲོང་རྡལ་གྱི་ཏང་ཨུའི་ཨུ་ཡོན། སྒྲིག་ཨུ་ཧྲུའུ་ཅི་སྒྲོལ་མ་ལྷ་མཚོ་ལ་འགན་འཁྲི་ཕྲག་ཏུ་ཡོད་པའི་ཚོར་བ་ཟབ་མོ་བྱུང་དུ་བཅུག མོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དེ་ལྟ་སྐུལ་གྱི་འགན་འཁྲི་སྒྲུབ་པ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེར་གཏོང་བ། བཀོད་པ་ལུང་དུ་འགྲོ་བ་ཁག་ཐེག་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་སྟེ་“ཡོད་པ་བདུན་”གྱི་གནད་དོན་ལ་དམ་པོ་དམིགས་ནས་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་སྣང་ཚུལ་སྲུང་སྐྱོང་བྱེད་པ། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་ང་ཚོས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་ཞེས་པའི་བླང་བྱ་ལྔ་གཞི་རྩར་འཛིན་ཏེ་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤར་དང་གཞི་རིམ་བཅོས་སྐྱོང་། དམངས་འཚོ་འགན་ལེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་དམ་པོ་དམིགས་ནས་ལྟ་སྐུལ་རྗེས་སྙེག་བྱེད་པ། རྣམ་གྲངས་སྐུལ་འདེད་ཁྲོད་ཀྱི་བར་གེགས་དང་འགན་མི་འཁུར་བ། བྱ་བ་མི་སྒྲུབ་པ་བཅས་ཀྱི་གནད་དོན་ལ་ནན་བཤེར་བྱེད་པ་དང་། རྣམ་པ་བཞི་ཞེས་པ་བེད་སྤྱོད་ཡག་པོ་བྱས་ནས་ལས་སྒྲུབ་ལས་གཏོད་བྱེད་མཁན་ལ་རྒྱབ་སྐྱོར་དང་སྐུལ་འདེབས་བྱེད་པ། ལྕགས་ལྟ་བུའི་སྒྲིག་ཁྲིམས་ལ་བརྟེན་ནས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱུང་བར་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན།
ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“བདུན་གཅིག་”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པར་སྐོར་《བསམ་འཆར་》དངོས་སུ་འདོན་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལག་བསྟར་དོན་འཁྱོལ་ལས་དོན་སྤེལ་བ་ལ་ཁ་ཕྱོགས་གསལ་པོ་སྟོན་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཅུས་ཀྲང་གཞོན་པ་དབྱང་ཧའེ་ཧྲེང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་དེ། ཐོག་མཐའ་བར་གསུམ་དུ་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་གཏོང་བ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་མཐོ་སྒང་སྐྱེ་ཁམས་དང་མི་རིགས་རིག་གནས་ཀྱི་ལེགས་ཆ་ལ་གཞི་ཚུགས་ནས་རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤར་གྱི་སྤྱི་ཡོངས་ལ་འདྲིས་བ། ཡུན་ནན་གྱི་འཚོ་བ་ཟེར་བ་ཞིག་ཅེས་པའི་རིག་གནས་ཡུལ་སྐོར་གྱི་མིང་རྟགས་འཛུགས་སྐྲུན་ལ་དམ་པོ་དམིགས་ཏེ་རིག་གནས་ཀྱིས་ཡུལ་སྐོར་ལ་ནུས་པ་སྤྲོད་པ་དང་སྐྱེ་ཁམས་ཀྱིས་ཡུལ་སྐོར་ལ་རམ་འདེགས་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུར་འབད་འབུངས་གཏིང་ཟབ་བྱེད་པ། རང་ཡུལ་གྱི་དངོས་མིན་རིག་གནས་ཤུལ་བཞག་དང་མི་རིགས་མཐུན་སྒྲིལ་གྱི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། མུ་མཐུད་ནས་གྲོང་ཁྱེར་གྱི་རྣམ་པ་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་རིག་གནས་ཡུལ་སྐོར་གྱི་གཏམ་རྒྱུད་ཡག་པོ་བཤད་པ། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”མིང་རྟགས་ཇེ་གྲགས་སུ་གཏོང་བ། དངོས་སྒྲུབ་ལ་བརྟེན་ནས་གྲོང་ཁྱེར་དེའི་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཏང་ཨུའི་ཁོངས་མི། ཅུས་ཀྲང་གཞོན་པ་ཝུའུ་ཐའོ་ཡིས་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་ཞིང་པ་འབབ་འཕར་ཡོང་བར་དམ་འཛིན་བྱེད་དགོས་ཞེས་བཏོན་ཡོད་པས། ཁོང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་འབྲུ་རིགས་བདེ་འཇགས་དང་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་བསམ་བློ་དངོས་སུ་སྒྱུར་རྒྱུ་དང་། ལས་སྒྲུབ་ལས་གཏོད་ཀྱི་ཡིད་ཆེས་བརྟན་པོར་གཏོང་བ། ལས་དོན་གཙོ་བོ་གཞི་རྩར་འཛིན་ཏེ་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པ། ནས་དང་ཡུངས་དཀར་སོགས་འབྲུ་རིགས་གཙོ་བོའི་འདེབས་འཛུགས་གཞི་ཁྱོན་བརྟན་པོ་གཏོང་བ། རང་ཡུལ་གྱི་ཁྱད་ལྡན་ཤིང་ཏོག་དང་སྔོ་ཚལ། ཀྲུང་ལུགས་སྨན་རྫས་སོགས་ལེགས་ཆ་ལྡན་པའི་ཐོན་ལས་ཇེ་དྲག་ཏུ་གཏོང་བ། དུས་མཚུངས་སུ། ཞིང་པ་དང་མཉམ་འབྲེལ་དང་ཞིང་པ་སྐུལ་ཁྲིད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་དུ་དབུལ་ཕོངས་དུ་ལོག་པར་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་ལམ་སྲོལ་དོན་ཐོག་དུ་འཁྱོལ་བ། ཞིང་པའི་ཡོང་འབབ་འཕར་སྣོན་བྱེད་པའི་ལམ་བུ་རྒྱ་སྐྱེད་པ། དམངས་ཀྱི་ཆེད་དུ་བདེ་སྐྱིད་སྐྲུན་པའི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་ཏེ་ནུས་ཤུགས་ཡོད་རྒུས་ཚད་གཞི་མཐོན་པོའི་ས་ཞིང་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་སྤུས་འདེགས་སོགས་ལས་དོན་གཙོ་བོ་ལ་སྐུལ་འདེད་བཏང་ནས། ཞིང་ལས་ཀྱི་ཐོན་ཚད་བརྟན་པོ་དང་ཞིང་པ་འབབ་འཕར་ཡོང་བའི་དངོས་སྒྲུབ་ཀྱི་ཕན་འབྲས་ལ་བརྟེན་ནས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་ཞུ་རྒྱུ་ཡིན་ཞེས་བསྟན།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
དངོས་སྒྲུབ་དང་དངོས་འབྲས་ལ་བརྟེན་ནས་ལན་འདེབས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད།——ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།
བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108