འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་ཟླ་8པའི་ཚེས་21ཉིན་འགོ་ཚུགས་རྒྱུ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་8པའི་ཚེས་11ཉིན། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ཁུལ་གསར་འགྱུར་ཡོངས་བསྒྲགས་ལྟེ་གནས་སུ་སྤེལ། གསར་འགོད་པས་ཤེས་གསལ་བྱུང་དོན། སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་ཡུན་ནན་གྱི་འཚོ་བ་ཟེར་བ་ཞིག་——སྣ་མང་མཉམ་འདྲེས་དང་ངོ་མཚར་ཅན་གྱི་ཡུལ་ལ་ལྷན་དུ་འཛོམས་ཞེས་པ་བརྗོད་དོན་གཙོ་བོར་བྱེད་དེ། གསར་གཏོད་སྒོས་“ཟླ་8པར་སྤུས་ལེགས་མཛད་སྒོ་ཉིན་གསུམ་+ལོ་ཧྲིལ་པོར་རྒྱུན་རྣམ་བྱེད་སྒོའི་”ཕུགས་ཕན་མ་ལག་སྐྲུན། གཅིག་སྡུད་བདག་རེས་བྱེད་སྒོ་དེ་ཟླ་8པའི་ཚེས་21ཉིན་ནས་23ཉིན་བར་རྡོ་མཁར་རྫོང་དང་དེ་བཞིན་ཁུལ་ཡོངས་ཀྱི་མཛེས་ལྗོངས་ཁུལ་གཙོ་བོར་གཉེར་རྒྱུ་དང་མུ་འབྲེལ་བྱེད་སྒོ་དེ་རྒྱུན་མཐུད་ནས་ཟླ་12པའི་བར་གཉེར་རྒྱུ་ཡིན་པ་རེད།
ཤེས་གསལ་བྱུང་དོན། སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་སྐབས་སྔོན་མ་གསུམ་གྱི་རྨང་གཞིའི་ཐོག་སྤུས་ཚད་མཐོ་རུ་གཏོང་བའི་རིམ་སྤར་བྱེད་དེ་སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་དུ་དུས་ཆེན་གཉེར་བ་དང་། རིག་གནས་ཡུལ་སྐོར་གྱི་ཐོན་ལས་མང་པོ་མཉམ་འདྲེས། གཞོན་ནུའི་ཁྱུ་འདུས་ལ་ཡོངས་ཁྱབ་ཕན་པ། ས་ཁོངས་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་། མ་དངུལ་འགན་ལེན་ཐད་ཐེངས་དང་པོར“ནོར་སྲིད་ཀྱིས་ཁྲིད་སྟོན་+ཁྲོམ་རས་ཞུགས་པའི”ཐབས་ལམ་གཉིས་ནས་གྲབས་གསོག་བྱེད་སྟངས་སྤྱོད་པ་དང་ཁྲོམ་ར་ཅན་གྱི་མ་དངུལ་གྲབས་གསོག་ཕྱེད་ཀ་ལྷག་བཟུང་བ་མངོན་གྱུར་བྱུང་།
2023ལོར་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་འགོ་ཚུགས་པ་ནས་བཟུང་། དུས་སྟོན་གྱི་ཕན་ནུས་རྒྱུན་མཐུད་གློད་འགྲོལ་གཏོང་བ། སྐབས་སྔོན་མ་གསུམ་གྱིས་རིམ་བརྩིས་བྱས་ན་སྒོར་དུང་ཕྱུར་60ལྷག་གི་ཐད་ཀའི་དཔལ་འབྱོར་སྤྱི་འབོར་ཆགས་པ་དང་། ཁོངས་ཡོངས་སུ་བསྐྱར་འགྱུར་འཛད་སྤྱོད་སྒོར་དུང་ཕྱུར་220ལས་བརྒལ་བ། ཁུལ་ཡོངས་ཀྱི་མང་ཚོགས་བཅུ་ཆ་གསུམ་ལྷག་རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་ཉེ་འགྲམ་ནས་ཡོང་འབབ་འཕར་སྣོན་མངོན་འགྱུར་བྱུང་། 2025ལོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པའི་རིང་ལ། ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་སྣེ་ལེན་བྱས་ཚད་མི་ཐེངས་ཁྲི་3636ལས་བརྒལ་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་296ལས་བརྒལ་བ། དེ་གཉིས་ཀྱི་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས།
སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་དབྱར་ཁའི་གུང་གསེང་དུས་སྐབས་ཀྱི་འགྲུལ་པ་ལ་དམིགས་ཏེ་རིམ་པ་དབྱེ་ནས་དམངས་ཕན་སྲིད་ཇུས་སྐུལ་སྤེལ་གཏོང་རྒྱུ།2026ལོའི་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་རྒྱུགས་སྤྲོད་སློབ་མ་ལ་དམིགས་ཏེ་པོ་ཏ་མཚོ་དང་སྟག་མཆོང་གྲོག་རོང་། ཆུ་དཀར་ཆུ་ནག སྨན་རི། ཏན་སྤྲེའུ་སྤུ་སེར། ཤམ་བྷ་ལ་དུས་འཁོར་བློས་བསླངས་བཅས་ལྗོངས་ཁུལ་གྱི་སྒོ་འཛིན་ཉོ་མི་དགོས་པ་དང་། ཤྭ་ཁ་གངས་རི་ཡིས་དགེ་སློབ་ཆེད་གཏོགས་ཀྱི་དམིགས་བསལ་གཟིགས་སྐྱོང་འཛིན་རིན་བཀོད་སྒྲིག་བྱས་པ་དང་རྒྱུགས་སྤྲོད་སློབ་མ་དང་མཉམ་དུ་ཡོང་བའི་གཉེན་ཉེ་དང་གྲོགས་པོས་དུས་གཅིག་ཏུ་གཟིགས་སྐྱོང་ལོངས་སྤྱོད་བྱས་ཆོག རྡོ་མཁར་རྫོང་གི་རིག་རྩལ་འཁྲབ་སྟོན་དང་དངོས་མིན་རིག་གནས་ཤུལ་བཞག་གི་གླིང་ཁར་སྤྲོ་གསེང་གཏོང་བ། དམངས་སྲོལ་མཉམ་འགུལ་བྱེད་སྒོ་མང་ཆེ་བར་རིན་མི་དགོས་པས་རྒྱ་ཆེ་བའི་གྲོང་མི་དང་ཡུལ་སྐོར་བ་ཚོས་རིག་གནས་ཡུལ་སྐོར་གྱི་ཚོགས་འདུ་གཟབ་རྒྱས་སུ་ཕེབས་པར་གདན་འདྲེན་ཞུས།
སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་ཁྱད་ཆོས་ཆེན་པོ་ལྔ་ཡོད་དེ། གཅིག་ནི་གསར་བརྗེའི་རིག་གནས་ཀྱིས་སྔོན་དྲོད་བྱེད་དེ་ཟླ་8པའི་ཚེས་20ཉིན་མི་རིགས་གླུ་གར་ཟློས་གར་ཆེ་གྲས་《བོད་རིགས་དར་རྒྱས་གཏོང་བ》འཁྲབ་སྟོན་བྱ་རྒྱུ། གཉིས་ནི་སྒེར་འཁོར་བཏང་ནས་མཚམས་སྒྲོལ་ཏེ་རླངས་འཁོར་ཁེ་ལས་དང་མཉམ་འགུལ་བྱས་ནས་རྒྱལ་ལམ་214ཡི་ཐོག་ནུས་རྒྱུ་གསར་པའི་རླངས་འཁོར་མཐོ་སྒང་དུ་ཚོད་ལྟ་བྱ་རྒྱུ། གསུམ་ནི་སྤུས་ལེགས་ཀྱི་རིག་རྩལ་འཁྲབ་སྟོན་བྱེད་དེ་རྒྱལ་ཡོངས་མང་ཚོགས་སྒྱུ་རྩལ་མཁས་པའི་བྱ་དགའ་དང་ཚོན་ལྡན་སྤྲིན་ཚོགས་བྱ་དགའི་ལེ་ཚན་འགྲེམས་སྟོན་བྱས་པ་དང་འབྲེལ་མང་ཚོགས་སྒྱུ་རྩལ་མཁས་པའི་གླུ་གཞས་ཆེད་ཚོགས་གཉེར་རྒྱུ། བཞི་ནི་ཐོན་ལས་ཀྱིས་ནུས་པ་སྤྲོད་དེ་རིག་གནས་ཡུལ་སྐོར་ཚོང་འགུག་ཚོགས་འདུ་བཀོད་སྒྲིག་བྱེད་པ་དང་། བདེ་ཆེན་གྱི་རྒྱལ་ཁབ་རིམ་པའི་མི་རིགས་རིག་གནས་སྲུང་སྐྱོང་ཁུལ་དང་ཁུལ་བར་གྱི་སྤེལ་རེས་བྱེད་སྒོ་དང་རྡོ་མཁར་རྫོང་དངོས་མིན་རིག་གནས་ཤུལ་བཞག་སྤྱན་གཟིགས་ལྡུམ་ར་དང་བེ་ཤའི་ཞིམ་ཟས་བྱེད་སྒོ་བཅས་སྤེལ་རྒྱུ། ལྔ་ནི་ལོ་ཧྲིལ་པོ་མཉམ་འགུལ་བྱེད་དེ་སྟོན་ཀ་དང་དགུན་དུས་སུ་གཞས་ཀྱི་དུས་ཆེན་དང་ཁུའོ་ཧྲི་དུས་ཆེན། གངས་འཁྱགས་དུས་ཚིགས་ཀྱི་ཕྱི་རོལ་བྱ་གཟིགས་བྱེད་སྒོ་སོགས་སྤེལ་ནས་དུས་ཚིགས་བཞི་པོར་ཡུལ་སྐོར་བྱ་རྒྱུ་ཡོད་པར་མངོན་འགྱུར་བྱ་རྒྱུ།
གཙོ་གཉེར་བྱེད་མཁན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་རྒྱུན་མཐུད་ངང་མཐའ་འཁོར་ཁུལ་དང་གྲོང་ཁྱེར་བར་ཐོན་ཁུངས་མཉམ་སྤྱོད་དང་ལམ་ཐིག་མཉམ་སྐྲུན། འགྲུལ་ཁོངས་ཕན་ཚུན་སྐྱེལ་བ་བཅས་གཏིང་ཟབ་ཏུ་གཏོང་བ་དང་། བདེ་ཆེན་གྱི་རིག་གནས་ཡུལ་སྐོར་དེ་ལྟ་སྐོར་རྐྱང་པ་ནས་ཁོངས་ཡོངས་དང་དུས་གཏན་གྱི་གུང་གསེང་གཏོང་བའི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་རྒྱུ།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་པ་ཟླ་8པའི་ཚེས་21ཉིན་འགོ་ཚུགས་རྒྱུ།
དངོས་སྒྲུབ་དང་དངོས་འབྲས་ལ་བརྟེན་ནས་ལན་འདེབས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད།——ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།
བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108